网站无障碍
རྐང་ཚ་རྫོང་སྤྱི་བདེ་ལས་ཁུངས་ཀྱིས2026ལོར་རྐང་ཚ་རྫོང་གི་མཐོ་རྒྱུགས་རྒྱུགས་ལེན་ས་ཚིགས་ཉེ་འཁོར་གྱི་གཞུང་ལམ་འགྲིམ་འགྲུལ་བཀག་སྡོམ་བྱ་རྒྱུའི་སྐོར་གྱི་བརྡ་ཁྱབ།
发布时间:2026年06月02日 消息来源:

རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

ལོ་རེར་ཐེངས་གཅིག་གི་མཐོ་རྒྱུགས་ལ་ཐོན་ལ་ཉེ་བས།2026ལོའི་མཐོ་རྒྱུགས་སྐབས་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ལ་གོ་རིམ་ལྡན་ཞིང་ཤར་བགྲོད་ཐུབ་པ་བཅས་བྱས་ཏེ། རྒྱ་ཆེའི་རྒྱུགས་ཞུགས་སློབ་མར་རྒྱུགས་ལེན་སའི་ཁོར་ཡུག་ཡག་པོ་ཞིག་སྐྲུན་ཆེདཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམསདང་དེའི་ལག་བསྟར་སྲོལ་ཡིག་སོགས་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་གྱི་གཏན་འབེབས་ལྟར། རྐང་ཚ་རྫོང་སྤྱི་བདེ་ཅུས་མཐོ་རྒྱུགས་སྐབས་ཀྱི (ཟླ6པའི་ཚེས7ཉིན་ནསཟླ6པའི་ཚེས10ཉིན་བར ) རྐང་ཚ་རྫོང་མི་རིགས་སློབ་འབྲིང་གི་རྒྱུགས་ལེན་ས་ཚིགས་ཉེ་འཁོར་གྱི་གཞུང་ལམ་འགྲིམ་འགྲུལ་བཀག་སྡོམ་བྱ་རྒྱུ་མ་ཟད། རྒྱུགས་ལེན་ས་ཚིགས་ཉེ་འཁོར་དུ་སྐྱོད་པའི་རླངས་འཁོར་ཁག་བགོས་ཀྱི་བྱ་ཐབས་ལག་ལེན་དུ་བསྟར་ནས་རྒྱ་ཆེའི་རྒྱུགས་ཞུགས་སློབ་མ་ཤར་བགྲོད་ཐུབ་པར་ནུས་ཤུགས་ཡོད་རྒུསསྲུང་སྐྱོངབྱ་རྒྱུ་ཡིན་པས།  ནང་དོན་ཞིབ་ཕྲ་གཤམ་གསལ་ལྟར།  

གཅིག རྒྱུགས་ཞུགས་དུས་ཚོད་དང་ས་གནས།

རྒྱུགས་ཞུགས་དུས་ཚོད། ཟླ6པའི་ཚེས7ནས་ཟླ6པའི་ཚེས10ཉིན་བར། 

རྒྱུགས་ལེན་ས་གནས།  རྐང་ཚ་རྫོང་མི་རིགས་སློབ་འབྲིང་། 

གཉིས། འགྲིམ་འགྲུལ་དོ་དམ་གྱི་དུས་ཚོད།

ཟླ6པའི་ཚེས7ཉིན།སྔ་དྲོའི་ཆུ་ཚོད7:00----12:00 ཕྱི་དྲོའི་ཆུ་ཚོད13:00----17:30

ཟླ6པའི་ཚེས8ཉིན།སྔ་དྲོའི་ཆུ་ཚོད7:00----12:00 ཕྱི་དྲོའི་ཆུ་ཚོད13:00----17:30

ཟླ6པའི་ཚེས9ཉིན།སྔ་དྲོའི་ཆུ་ཚོད7:00----12:00 ཕྱི་དྲོའི་ཆུ་ཚོད13:00----17:30

ཟླ6པའི་ཚེས10ཉིན།སྔ་དྲོའི་ཆུ་ཚོད7:00----12:00 

གསུམ། འགྲིམ་འགྲུལ་བཀག་སྡོམ་གྱི་ལམ་དུམ།

རྒྱལ་ལམ་ལམ་ཐིག315བླ་མཚོ་བཞི་མདོ་ནས་ཤར་ཕྱོགས་སྣུམ་སྣོན་ས་ཚིགས་ཀྱི་བཞི་མདོའི་བར་དང་། སློབ་རའི་ལམ་གྱི་རྫོང་སྨན་ཁང་གི་བཞི་མདོ་ནས་ཤར་ཕྱོགས་རྫོང་སྤྱི་བདེ་ཅུའི་བཞི་མདོ་བར་དང་དེ་བཞིན་ཉེ་འཁོར་གྱི་འབྲེལ་ཡོད་ལམ་དུམ། གཞན་ཡང་ལམ་སྐོར་བའི་ལམ་ཐིག་ལ་དྲན་སྐུལ་བྱང་བུ་བཙུགས་ཡོད།

图片

བཞི། བཀག་སྡོམ་གྱི་བླང་བྱ།

1.རྒྱུགས་ཤོག་སྐྱེལ་འདྲེན་བྱེད་པའི་རླངས་འཁོར་མ་གཏོགས། རླངས་འཁོར་གཞན་པ་གཅིག་ཀྱང་བཀག་སྡོམ་ས་ཁུལ་དུ་སོང་མི་ཆོག

2.རྒྱུགས་ལེན་སྐབས་སུ་རླངས་འཁོར་རྒྱུགས་ལེན་ས་ཚིགས་ཉེ་འཁོར་དུ་འགྲོ་འོང་བྱེད་སྐབས་སྒྲ་དུང་རྒྱག་མི་ཆོག་པར་མ་ཟད། རྒྱུགས་ལེན་ཁོར་ཡུག་ལྷིང་འཇགས་ཡོང་བར་འགན་ལེན་བྱ་དགོས། 

3.རྒྱུགས་ཞུགས་དང་འབྲེལ་བ་མེད་པའི་རླངས་འཁོར་གཞན་དག་བཀག་སྡོམ་ལམ་བུ་བརྒྱུད་སྐབས།ཡུལ་དངོས་ཀྱི་འགྲིམ་འགྲུལ་ཉེན་རྟོག་པའི་བཀོད་འདོམས་ལྟར་ལམ་སྐོར་ནས་བགྲོད་དགོས། 

4.འགྲིམ་འགྲུམ་བཀག་སྡོམ་ལག་བསྟར་བྱ་སྐབས།འགྲོ་འོང་བྱེད་པའི་རླངས་འཁོར་དང་རྐང་ཐང་བ་རྣམས་ཀྱིས་ཡུལ་དངོས་ཀྱི་འགྲིམ་འགྲུལ་ཉེན་རྟོག་པའི་བཀོད་འདོམས་ལྟར་ནན་ཏན་གྱིས་བགྲོད་དགོས། དང་བླངས་སྐྱེལ་འདྲེན་པའིརླངས་འཁོར་ཁ་ལོ་བས་འགྲིམ་འགྲུལ་བཅའ་ཁྲིམས་ཀྱི་གཏན་འབེབས་ལ་རང་འགུལ་ངང་བརྩི་སྲུང་དང་འགྲིམ་འགྲུལ་ཉེན་རྟོག་པའི་བཀོད་འདོམས་ལ་བརྩི་འགོག་བྱས་ཏེ། གཏན་འཁེལ་གྱི་ས་གནས་སུ་འདུག་རྒྱུ་ལས་འགྲིམ་འགྲུམ་སྒྲིག་ལམ་ལ་གཏོར་བརླག་བྱ་མི་རུང་།  

                                                                                 རྐང་ཚ་རྫོང་སྤྱི་བདེ་ཅུ།