网站无障碍
རྐང་ཚ་རྫོང་གིས་མཐའ་འཚོང་ཇ“རྙིང་པ་གསར་བརྗེའི”ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་ནས་མང་ཚོགས་ཀྱི་ཇ་འཐུང་བའི་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས།
发布时间:2026年06月03日 消息来源:

རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

  མཐའ་འཚོང་ཇའི་བཟའ་བཅའི་བདེ་འཇགས་ལྟ་སྐུལ་དོ་དམ་གྱི་སྲུང་རགས་བརྟན་དུ་གཏོང་བ་དང་། ཆེད་དོན་བཅོས་སྒྲིག་གི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དུ་བཏང་ནས་རྫོང་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་དང་། ལྷག་པར་དུ་རོང་འབྲོག་ཁུལ་གྱི་མང་ཚོགས་ཀྱི་ཇ་འཐུང་བའི་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱ་ཆེད། ཉེ་ཆར་རྫོང་ཨུ་དང་རྫོང་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་ནས་རྫོང་མཁོ་ཚོང་ཁང་གིས་སྣེ་ཁྲིད་དེ་རྫོང་ཡོངས་ཀྱི་ཁྱབ་ཁོངས་ནང་མཐའ་འཚོང་ཇ“རྙིང་པ་གསར་བརྗེའི”ཆེད་དོན་ཁྱབ་གདལ་བྱ་སྤྱོད་སྤེལ་ནས་བསགས་འབོར་ཚད་དང་མི་མཐུན་པའི་མཐའ་འཚོང་ཇ་རྙིང་བ་གཙང་བཤེར་མཐར་ཕྱིན་བྱེད་པ། ཧྥུལ་དམའ་བའི་བདེ་ཐང་ཇ་རིགས་ཁྱབ་གདལ་མཐར་ཕྱིན་པ་བཏང་སྟེ་འགོ་ཁུངས་ནས་འཐུང་ཇའི་བདེ་ཐང་ཉེན་ཁར་དོགས་ཟོན་བྱས་ཏེ་མཐའ་འཚོང་ཇ་འཚོང་བའི་ཁྲོམ་རའི་སྒྲིག་ལམ་ཚད་ལྡན་དུ་བཏང་།

图片

 གཅིག་གྱུར་བཀོད་སྒྲིག་བྱས་ནས་སྤུས་ཚད་བདེ་འཇགས་ཀྱི་འགག་སྒོ་ནན་པོ་སྲུང་བ། རྫོང་ཨུ་དང་རྫོང་སྲིད་གཞུང་གིས་དམངས་ཕན་ལས་དོན་དེར་ཚད་མཐོའི་མཐོང་ཆེན་བྱས་ཏེ“རང་མོས་གོ་བརྗེ་དང་སྒྲིག་སྲོལ་དང་མཐུན་པའི་བརྗེ་རེས། ས་ཁོངས་ཧྲིལ་པོ་གཙང་སེལ”བཅས་ཀྱི་གཞི་རྩའི་རྩ་དོན་ཁ་གསལ་བཟོས་ནས་བྱ་བའི་ཇུས་གཞི་ཞིབ་ཚགས་སུ་གཏོང་བ་དང་། བྱ་བའི་འགན་འཁྲི་ནན་དུ་གཏོང་བ། ཇ་གསར་བའི་འགག་སྒོར་ནན་པོ་སྲུང་བ་བཅས་བྱས་ཏེ་མང་ཚོགས་ཀྱིས་གོ་བརྗེ་བྱེད་པའི་མཐའ་འཚོང་ཇ་ལ་ཐོན་རྫས་ཀྱི་ཐོབ་ཐང་ཆ་ཚང་བ་དང་། ཞིབ་དཔྱད་ཚད་ལེན་ཚད་ལོན་པ། རྒྱལ་ཁབ་ཀྱི་བཟའ་བཅའི་བདེ་འཇགས་ཚད་གཞི་དང་མཐུན་པ་བཅས་བྱས་ཏེ་མང་ཚོགས་རྣམས་ཀྱི་བརྗེ་བར“བློ་བདེ་བ”དང་འཐུང་བར“སེམས་བདེ་བ”ཡོང་བར་བྱེད་དགོས།

སྒྲིག་འཛུགས་ཞིབ་ཚགས་བྱས་ནས་གོ་བརྗེ་ལ་ཕན་འབྲས་ཆེ་ཞིང་དམངས་ཕན་པར་སྐུལ་འདེད་བཏང་། མང་ཚོགས་ཟབ་ཞུགས་བྱེད་རྒྱུར་སྟབས་བདེ་ཡོང་ཆེད། རྫོང་མཁར་དང་དེ་བཞིན་ཡུལ་ཚོ་དང་གྲོང་རྡལ་ཁག་ཏུ་ཚན་རིག་དང་མཐུན་པའི་སྒོ་ནས་ས་ཚིགས་བཀོད་སྒྲིག་བྱས་ཏེ་གཏན་འཇགས་ཀྱི“རྙིང་པ་གསར་བརྗེའི”ས་ཚིགས6བཙུགས་ནས་དམངས་ཕན་ཞབས་ཞུའི་བགྲོད་ལམ་ཇེ་ཡང་དུ་བཏང་། བརྗེ་ལེན་བརྒྱུད་རིམ་སྟབས་བདེ་རུ་གཏོང་བ་དང་ཡུལ་དངོས་སུ་འཕྲལ་མར་སྒྲུབ་པ་སོགས་ཀྱི་བྱ་ཐབས་སྤྱད་དེ། མང་ཚོགས་ལ་སྟབས་བདེ་སྐྲུན་ཞིང་ལས་ཕྱོད་ཆེ་བའི“གཅིག་འཐུས་རྣམ་པའི”ཞབས་ཞུ་གསར་པ་མཁོ་འདོན་བྱས་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བའི“་མཇུག་མཐའི་སྤྱི་ལེ་གཅིག”གི་གནད་དོན་ཐག་གཅོད་ཏན་ཏིག་བྱས། མིག་སྔའི་བར་ཚད་དང་མཐུན་པའི་ཧྥུལ་ཇ་ཁུག་མ900ལྷག་ཙམ་འབྱོར་བ་དང་བརྗེ་ལེན་ལས་དོན་བརྟན་ལ་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད།

 དྲིལ་བསྒྲགས་དང་ཁྲིད་སྟོན་བྱས་ཏེ་བདེ་ཐང་གི་ཇ་འཐུང་བའི་རྣམ་པ་ཞིག་བཏོད། “གོ་བརྗེ”དང“ཁྲིད་སྟོན”ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ“དྲ་ལམ+ཡུལ་དངོས”དུས་གཅིག་ཏུ་ཚན་རྩལ་ཁྱབ་གདལ་དྲིལ་བསྒྲགས་བྱེད་སྟངས་ཁྱབ་གདལ་བཏང་། སྡེ་བ་དང་ཁྱིམ་ཚང་དུ་འགྲོ་བ་དང་། ཚོང་འདུས་དང་གྲོང་གསེབ་ཀྱི་སྒྲ་དུང་ཆེན་མོ་སོགས་བེད་སྤྱད་དེ“བདེ་ཐང་ཇ་འཐུང”སོགས་ཀྱི་ཤེས་བྱ་ངོ་ཐུག་གདོང་འཕྲད་ངང་སྒྲོག་འགྲེལ་བྱས་པ་དང་ཆབས་ཅིག་སྨྱན་སྦྱོར་གསར་པའི་ལས་སྟེགས་ལ་བརྟེན་ནས་ཆ་འཕྲིན་རྒྱ་ཁྱབ་ངང་སྤེལ། རིམ་པ་ཁག་དང་ཕྱོགས་ཡོངས་ནས་མང་ཚོགས་ཀྱི་འཛད་སྤྱོད་འདུ་ཤེས་ལ་འགྱུར་ལྡོག་གཏོང་རྒྱུར་ཁྲིད་སྟོན་བྱས་ཏེ་རང་འགུལ་ངང་གོ་བརྗེ་བྱེད་སྒོའི་ནང་ཞུགས་ནས་རྫོང་ཡོངས་ཀྱི་ཁྱབ་ཁོངས་སུ་གསར་བར་བརྗེ་རྒྱུར་རྒྱབ་སྐྱོར་དང་བདེ་ཐང་ལ་བརྩི་མཐོང་བྱེད་པའི་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་བོ་ཞིག་སྐྲུན།

图片

 མཐའ་འཚོང་ཇ་ཆུང་ཆུང་ནི་མང་ཚོགས་ཀྱི་བདེ་ཐང་སྲུང་སྐྱོང་བྱེད་པའི“བདེ་ཐང་ཇ”ཞིག་ཡིན་ལ་ཏང་དང་མང་ཚོགས་དབར། ལས་བྱེད་པ་དང་མང་ཚོགས་དབར་འབྲེལ་བ་བྱེད་པའི“སེམས་དྲོད་ཇ”ཞིག་ཀྱང་ཡིན་པས་རོང་འབྲོག་ཁུལ་གྱི་མང་ཚོགས་ཚོས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དྲོ་སྐྱིད་དངོས་སུ་ཚོར་ཐུབ་པར་བྱས་ནས་མང་ཚོགས་ཀྱི་ཐོབ་པའི་ཚོར་སྣང་དང་སྐྱིད་པའི་ཚོར་སྣང་། བདེ་འཇགས་ཀྱི་ཚོར་སྣང་བཅས་ཆེ་རུ་བཏང་ཡོད། དཔལ་དགེ་གྲོང་རྡལ་དུ་ཇ་བརྗེ་བར་ཡོང་མཁན་མང་ཚོགས་ཀྱིས་ཏང་ཨུ་དང་སྲིད་གཞུང་གིས་མང་ཚོགས་ཀྱི་གཟུགས་གཞི་བདེ་ཐང་སེམས་ལ་བཅངས་ནས་ཇ་འཐུང་བའི་བདེ་འཇགས་ཤེས་བྱ་ངང་རྒྱུད་རིང་པོས་འགྲེལ་བཤད་བརྒྱབ་པ་དང་། རིན་མི་དགོས་པ་དང་གཟིགས་སྐྱོང་གོ་བརྗེ་བྱེད་པའི་བྱ་ཐབས་བརྒྱུད་ཚང་མར་ཁྱིམ་གྱི་དུས་ཚོད་ཡོལ་བ་དང་ངོ་བོ་འགྱུར་བ། བདེ་འཇགས་མིན་པའི་ཇ་ལོ་རྙིང་པ་བརྗེ་རོགས་བྱས་ལ། བདེ་འཇགས་སྒྲིག་སྲོལ་དང་མཐུན་པའི་ཧྥུལ་དམའ་བའི་ཇ་གསར་པ་བརྗེས་པ། དངོས་གནས་ཞིབ་བཤེར་ཐེག་ཐུབ་པའི“དམངས་སེམས་ལས་གྲྭ”དང“སེམས་དྲོད་ལས་གྲྭ”ཅིག་རེད་ཅེས་བཤད།

 རྗེས་ཕྱོགས་སུ་རྐང་ཚ་རྫོང་གིས་བྱ་བའི་གྲུབ་འབྲས་རྒྱུན་མཐུད་ངང་་ཇེ་སྲ་ཇེ་བརྟན་ཏུ་གཏོང་བ་དང་གོ་བརྗེ་ཞབས་ཞུའི་བརྒྱུད་རིམ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་དང་ཇེ་ལེགས་སུ་བཏང་ནས་མཐའ་འཚོང་ཇ་ཉོ་སྒྲུབ་དང་འཁོར་རྒྱུག་སོགས་ལྷུ་ཚིགས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། དྲིལ་བསྒྲགས་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་སྟེ་མང་ཚོགས་ཀྱི་བདེ་ཐང་བྱང་ཚད་རྒྱུན་མཐུད་ངང་མཐོ་རུ་བཏང་ནས་མི་རིགས་ཁག་གི་མང་ཚོགས་ཀྱི“ལྕེ་རྩེའི་བདེ་འཇགས”མཐའ་གཅིག་ཏུ་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ཡིན།