网站无障碍
རྐང་ཚ་རྫོང་གིས“བཤེར་ཨང་ཁེ་ལས་ནང་ཞུགས་པའི”ཁྲིམས་འཛིན་བྱེད་སྟངས་གསར་པ་ཁྱབ་གདལ་བཏང་ནས་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་སྐྲུན།
发布时间:2026年06月04日 消息来源:

རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

 ད་ལོ་ནས་བཟུང་རྐང་ཚ་རྫོང་གིས་གྲངས་གཞི་ཅན་གྱི་བྱ་ཐབས་དམ་འཛིན་བྱ་གཞིར་བྱས་ཏེབཤེར་ཨང་ཁེ་ལས་ནངཞུགས་པའིཁེ་ལས་དང་འབྲེལ་བའི་ཁྲིམས་འཛིན་བྱེད་སྟངས་གསར་པ་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་སྟེ་འབྱུང་རྩ་ནས་སྲིད་འཛིན་ཁྲིམས་འཛིན་བྱ་སྤྱོད་ཚད་ལྡན་དུ་བཏང་བ་དང་སྣེ་མང་ཞིབ་བཤེར་དང་། ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་ཆེད་སྒུལ་ནུས་གསར་བ་བསྣན་ཡོད།

 དམིགས་ཡུལ་གཏན་འཁེལ་བྱས་ནས་བསྒྱུར་བཅོས་ཀྱི་ཁ་ཕྱོགས་ཚད་ལྡན་དུ་བཏང་སྟེ་ཁྲིམས་འཛིན་གྱི་རྨང་གཞི་གནད་ལ་འཁེལ་བ་ཞིག་བཏང་ ཁྲིམས་འཛིན་ཚད་ལྡན་ཅན་གྱི་སྒྱུར་བཅོས་དམིགས་ཚད་ལ་གཞི་ཚུགས་ཏེ་རྐང་ཚ་རྫོང་གིས་དམངས་ཆེད་ཁྲིམས་འཛིན་དང་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་འདུ་ཤེས་བརྟན་སྲུང་བྱས་ནས་ཞིང་ཆེན་སྲིད་གཞུང་གིས་དབང་བསྐུར་བའི་སྲིད་འཛིན་ཆད་གཅོད་ཀྱི་དོན་ཚན387བརྒྱུད་རིམ་ལྡན་པའི་ངང་དབྱེ་དགར་བྱས་པ་དང་། ཁེ་ལས་དང་འབྲེལ་བ་ཡོད་པའི་ཁྲིམས་འཛིན་གྱི་འགན་དབང་གསལ་ཐོ111ཞིབ་ཚགས་ངང་གཏན་འཁེལ་བྱས་ལ། ཁེ་ལས165དང་དེ་བཞིན་ཁེར་གཉེར་ཁྱིམ་ཚང་གི་ལྟ་སྐུལ་དོ་དམ་བྱ་ཡུལ་ཁ་གསལ་བཟོས་ཏེ་ལོ་འཁོར་གྱི་ཁྲིམས་འཛིན་ཞིབ་བཤེར་འཆར་གཞི་ཚན་རིག་དང་མཐུན་པའི་སྒོ་ནས་བཟོ་བ་དང་འབྲེལ་ཟླ་རེ་བཞིན་ལས་འགན་ཁག་བགོས་བྱས་ནས་ཁྲིམས་འཛིན་ཚད་གཞི་གཅིག་གྱུར་དང་ཁྲིམས་འཛིན་བརྒྱུད་རིམ་ཚད་དང་ལྡན་པར་བྱས དེ་དང་ཆབས་ཅིག་ཁྲིམས་བསྟར་འགན་དབང་གི་མཐའ་མཚམས་གསལ་འབྱེད་བྱས་ཏེ། གཞི་འཛིན་ས་མེད་པ་དང་། ཁྱབ་ཁོངས་ལས་བརྒལ་བ། རང་འདོད་རང་བཞིན་གྱི་ཁྲིམས་བསྟར་བཅས་གཏན་འགོག་དང་། དོན་དག་མ་བསྒྲུབས་གོང་ཐོ་འགོད་སྙན་སེང་དང་། དོན་དག་སྒྲུབ་རིང་གསལ་སྟོན། དོན་དག་བསྒྲུབས་རྗེས་ལྟ་སྐུལབཅས་ཀྱི་གདུབ་ཟུམ་ལྟ་སྐུལ་དོ་དམ་མ་ལག་བཙུགས་ཏེ། ཁྲིམས་བསྟར་དབང་ཆ་དཀར་ངོགས་འཁོར་སྐྱོད་བྱེད་དུ་འཇུག་པ་དང་། ཚོང་རའི་གྲུབ་ཆ་གཙོ་བོ་བརྟན་བརླིང་ངང་གཉེར་སྐྱོང་བྱེད་པར་གཡས་སྐྱོར་གཡོན་འདེགས་བྱས།

 ཁྲིམས་འཛིན་ཆེད་ལས་ཀྱི་འཇོན་ཐང་ཇེ་ཆེར་བཏང་ནས་ལམ་ལུགས་ལག་བསྟར་གྱི་འགན་སྲུང་སྲ་བརྟན་དུ་བཏང་ སྒྱུར་བཅོས་ལམ་ལུགས་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་རྒྱུར་འགན་ལེན་བྱ་ཆེད་རྐང་ཚ་རྫོང་གིས་གྲངས་གཞི་ཅན་གྱི་ཁྲིམས་འཛིན་ནུས་པ་ཆེ་རུ་གཏོང་རྒྱུར་དམིགས་ནས་ཁྲིམས་འཛིན་མི་སྣའི་ཆེད་དོན་གསོ་སྦྱོང་ལ་ཤུགས་སྣོན་བྱས། ཡུལ་དངོས་དང་པོའི་ཁྲིམས་འཛིན་རྐང་འཛིན་པ་ཆེད་མངགས་སྒྲིག་འཛུགས་བྱས་ནསབཤེར་ཨང་ཁེ་ལས་ནངཞུགས་པའིབརྒྱུད་རིམ་ཧྲིལ་པོའི་ཆེད་དོན་དངོས་སྦྱོང་གསོ་སྦྱོང་བྱས་ཏེ་བརྒྱུད་རིམ་ལྡན་པའི་ངང་བཀོལ་སྤྱོད་དང་། ཨང་རྟགས་སྤྲོད་པའི་བརྒྱུད་རིམ། གསལ་ཨང་ཚད་ལྡན། ཟུར་བཙུགས་རྩིས་ཁྲ་རེའུ་མིག་འགོད་པ། གནད་དོན་ཐག་གཅོད་སོགས་ལྟེ་བའི་ལྷུ་ཚིགས་ལ་དམིགས་ནས་ཞིབ་ཚགས་ཅན་གྱི་སློབ་ཁྲིད་བྱས་པ་དང་།ཁྲིམས་འཛིན་ལས་དོན་གྱི་སྒྲིག་ཁྲིམས་དང་ཚད་ལྡན་ཅན་གྱི་བཀོལ་སྤྱོད་ཞིབ་སྲོལ་དུས་གཅིག་ཏུ་ནན་དུ་གཏོང་བ་དང་དངོས་སྦྱོང་འགག་སྒྲོལ་དཔྱད་ཞིབ་བྱས་ཏེ་ཁྲིམས་འཛིན་མི་སྣ་ཡོངས་ཀྱིས་བརྒྱུད་རིམ་ཧྲིལ་པོ་ཚད་ལྡན་ངང་བཀོལ་སྤྱོད་བྱ་རྒྱུ་ཁོང་དུ་ཆུད་པའི་འགན་ལེན་བྱས་ནས་ཁྲིམས་འཛིན་ཁྱབ་གདལ་གཏོང་ཆེད་ནུས་པའི་རྨང་གཞི་བརྟན་པོ་བཏང་

 གདུབ་ཟུམ་ལྟ་སྐུལ་དོ་དམ་བྱེད་སྟངས་བཙུགས་ནས་དཀར་ངོགས་ཁྲིམས་འཛིན་གྱི་མཐིལ་གསལ་པོ་ཕྱིས། རྒྱུན་གཏན་གྱི་ཁྲིམས་འཛིན་ཁྲོད་སྔོན་ལ་ཞིབ་མཆན་འགོད་པ་དང་སྙན་སེང་ཞུ་བའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ། ཁེ་ལས་སུ་ཞིབ་བཤེར་དང་སྐོར་ཞིབ་ཚང་མ་གོ་རིམ་ལྟར་ཞིབ་མཆན་འགོད་པ་དང་ཐོ་འགོད་སྙན་སེང་ཞུས་ནས་ཞིབ་བཤེར་བྱ་ཡུལ་དང་། དོན་ཚན། མི་སྣ། དུས་བཀག་བཅས་དང་དེ་བཞིན་ཁྲིམས་འཛིན་གྱི་གཞི་འཛིན་ས་ཁ་གསལ་བཟོས་ཏེ་གནད་ལ་འཁེལ་བའི་སྒོ་ནས་ཨང་གྲངས་སྤྲོད་པ་དང་གནད་ལ་འཁེལ་བའི་སྒོ་ནས་ཁྲིམས་འཛིན་ཐུབ་པར་བྱས་ཤིང་། ཁྲིམས་འཛིན་མི་སྣ་ཁེ་ལས་ནང་ཞུགས་སྐབས་རང་འགུལ་གྱིས་ལག་ཁྱེར་དང་ཨང་གྲངས་གསལ་པོ་བཟོ་བ་དང་ཁེ་ལས་ཀྱིས་ཁྲིམས་འཛིན་ཐོབ་ཐང་དང་རྒྱུ་མཚན། གཞི་འཛིན་ས་སོགས་ཀྱི་ཆ་འཕྲིན་ལ་ཞིབ་བཤེར་བྱས་ཆོག་པར་མ་ཟད་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་ཡང་བྱས་ཏེ་དབང་ཚད་ལས་བརྒལ་བ་དང་སྒྲིག་འགལ་གྱིས་ཁྲིམས་འཛིན་བྱེད་པའི་རིགས་འབྱུང་རྩ་ནས་གཏན་འགོག་བྱས། ཞིབ་བཤེར་མཇུག་འགྲིལ་རྗེས་ཡུལ་དངོས་ནས་མཇུག་འབྲས་རེའུ་མིག་འབྲི་བ་དང་། གནད་དོན་གྱི་གསལ་ཐོ་དང་དེ་བཞིན་བཅོས་སྒྲིག་གི་བླང་བྱ་གསལ་པོ་བཀོད་དེ་ཁེ་ལས་ཀྱིས་མིང་རྟགས་བཀོད་ནས་ཁས་ལེན་བྱས་པ་བརྒྱུད་བློ་ཡིད་ཚིམ་ཚད་ཀྱི་གདེང་འཇོག་དང་རེ་ཞུའི་ཚུར་ལན་དུས་གཅིག་ཏུ་བྱས་ནསཁྲིམས་འཛིན་ཞིབ་བཤེར-ཁེ་ལས་ཀྱི་གདེང་འཇོག-གནད་དོན་བཅོས་སྒྲིགགི་ལས་དོན་ཆ་ཚང་གདུབ་ཟུམ་ངང་འགྲུབ་དགོས། མིག་སྔའི་བར་རྫོང་ཡོངས་ཀྱིས་ཁེ་ལས19ཡི་ཁྲིམས་འཛིན་ཞིབ་བཤེར་ལེགས་གྲུབ་ཟིན་པ་དང་། བདེ་འཇགས་ཀྱི་བྱུར་རྐྱེན་དང་དེ་བཞིན་གནད་དོན་སྣ་ཚོགས10གྲལ་བཤེར་དང་བཅོས་སྒྲིག་བྱས་ལ། ཁྲིམས་ལྟར་ཡོ་བསྲང་བྱེད་དགོས་པའི་བརྡ་ཐོ6གཤམ་སྤྲོད་བྱས་ནས་འབྲེལ་ཡོད་ཁེ་ལས་ལ་དུས་བཀག་ནང་བཅོས་སྒྲིག་བྱེད་དགོས་པའི་སྐུལ་འདེད་བཏང་།