རྐང་ཚ་རྫོང་གི2026ལོའི་མཚོ་སྔོན་པོའི་ཉ་གཟིགས་དུས་ཚིགས་དང་རང་གཉེར་སྨྱན་སྦྱོར་གསར་རྩོམ་བརྗེ་རེས་ཚོགས་ཆེན་སྐབས་བཞི་བ་མགོ་ཚུགས།
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཉེ་ཆར། 2026ལོའི་མཚོ་སྔོན་པོའི་ཉ་གཟིགས་དུས་ཚིགས་དང་རང་གཉེར་སྨྱན་སྦྱོར་གསར་རྩོམ་བརྗེ་རེས་ཚོགས་ཆེན་སྐབས་བཞི་བ་གསེར་ཉའི་གཞིས་ཁྱིམ་དུ་མགོ་ཚུགས། བྱེད་སྒོ་དེ“རྐང་ཚ་ལ་ཉུལ། གསེར་ཉ་ལ་བལྟ། བོད་ཟས་ལ་རོལ། དགའ་འགུ་ལ་སྤྱོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཏེ། མཚོ་སྔོན་པོའི་སྐྱེ་ཁམས་དང་ཡུལ་སྲོལ་གོམས་གཤིས་ཀྱི་ཐོན་ཁུངས་ལ་གཞི་ཚུགས་པ་དང་། གསེར་ཉ་ལྡོག་རྐྱལ་འབྲེལ་ཐག་ཏུ་བྱས་ཏེ་སྐྱེ་ཁམས་སྲུང་སྐྱོང་དང་རིག་གནས་ཡུལ་སྐོར་འཕེལ་རྒྱས། ཐོན་ལས་ཕྱུག་འགྱུར་བཅས་གཅིག་གྱུར་འཆར་འགོད་བྱས་ཏེ། རྐང་ཚ་རྫོང་གི་གསེར་ཉའི་སྐྱེ་ཁམས་སྲུང་སྐྱོང་གི་གྲུབ་འབྲས་གཡུར་དུ་ཟ་བ་དང“ཕྱེད་ཀ་ཆུ་དང་ཕྱེད་ཀ་ཉ”ཡིན་པའི་སྐྱེ་ཁམས་མཛེས་ལྗོངས་གཅིག་སྡུད་ཐོག་མངོན་པར་བྱས། ཐེངས་འདིའི་བྱེད་སྒོར་ཕྱོགས་མང་པོའི་སྟོབས་ཤུགས་ཀྱིས་སྲུང་སྐྱོང་བྱས་ཏེ། ཤུལ་བཞག་རིག་གནས་འགྲེམས་སྟོན་དང་། གསེར་ཉ་སྲོག་བླུའི་ཉམས་ལེན། སྲོལ་རྒྱུན་བོད་ལུགས་གསོལ་སྟོན་འགྲེམས་སྟོན། ཁྱད་ལྡན་བོད་ཟས་མྱོང་རོལ། སྨྱན་སྦྱོར་གསར་པའི་གསར་རྩོམ་སྤེལ་རེས་ཚོགས་འདུ། རིག་གནས་ཡུལ་སྐོར་ཆེད་དོན་འོས་སྦྱོར། ཞིང་ཕྱུགས་ཐོན་རྫས་འགྲེམས་ཚོང་སོགས་ཀྱི་རྣམ་པ་བརྒྱུད་དེ། སྐྱེ་ཁམས་སྲུང་སྐྱོང་དང་རིག་གནས་ཡུལ་སྐོར་ཐོན་ལས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་ཡོད། བྱེད་སྒོ་འདི་ནི་བོད་མཁར་རྐང་ཚའི་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ཀྱི་ཡིད་དབང་འཕྲོག་ཤུགས་མངོན་པར་བྱེད་པའི་སྐར་ཁུང་གལ་ཆེན་ཞིག་ཡིན་པ་མ་ཟད་ད་དུང་རྐང་ཚ་རྫོང་གིས“བྱ་དང་ཡི་ཞིང་ཁམས།·བོད་མཁར་རྐང་ཚ”ཞེས་པའི་མིང་བྱང་ངོམ་ས་ཞིག་དང་། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་འཛུགས་སྐྲུན་ལ་རམ་འདེགས་བྱེད་པའི་གནད་འགག་གི་བྱེད་ཐབས་ཤིག་ཡིན།






































ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།






























