网站无障碍
རྐང་ཚས་སྦགས་བཙོག་བཅོས་སྐྱོང་ལ་ཤུགས་བསྣན་ཏེ་སྐྱེ་ཁམས་ཀྱི་རང་མདངས་སྲུང་སྐྱོབ་བྱས།
发布时间:2026年06月16日 消息来源:

རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

   ཉེ་བའི་ལོ་ཤས་རིང་། རྐང་ཚ་རྫོང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ཏེ། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཤིང་། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ལེགས་བཅོས་བྱ་རྒྱུ་ལྟེ་བར་བཟུང་སྟེ། གནམ་སྔོན་པོ་དང་ཆུ་དྭངས་མོ། ས་གཙང་མ་བཅས་ཀྱི་དག་གཙང་སྲུང་སྐྱོབ་ཀྱི་དམག་འཐབ་གཅིག་གྱུར་གྱིས་འཆར་འགོད་བྱས་ལ། མཚོ་སྔོན་པོའི་བྱང་ངོགས་ཀྱི་སྐྱེ་ཁམས་སྲུང་ཡོལ་སྲ་བརྟན་དུ་བཏང་ནས། སྐྱེ་ཁམས་སྲུང་སྐྱོབ་དང་བཅོས་སྐྱོང་གི་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།

 གནད་ལ་འཁེལ་བའི་སྦགས་བཙོག་བཅོས་སྐྱོང་ལ་དམིགས་ནས། ཁོར་ཡུག་གི་སྤུས་ཚད་ཁྱོན་ཡོངས་ནས་མཐོ་རུ་བཏང་། གནམ་སྔོན་སྲུང་སྐྱོབ་ཀྱི་ཕྱོགས་ནས། ཐལ་རྡུལ་དང་བཟོ་ལས་ཀྱི་སྦགས་བཙོག་སོགས་གཙོ་གནད་གནད་དོན་ཚོད་འཛིན་ནན་མོ་བྱས་ཏེ། ཨར་ལས་བྱ་ཡུལ་གྱི་ཐལ་རྡུལ་སྦགས་བཙོག་བཅོས་སྐྱོང་གི“བརྒྱ་ཆའི་བརྒྱ་དྲུག”གི་རེ་བ་དོན་འཁྱོལ་བྱས་ནས། ལོ་ཧྲིལ་བོར་རླུང་ཁམས་ཆེན་མོའི་སྤུས་ཚད་ལེགས་པའི་ཉིན་གྲངས360ཟིན་པ་དང་ལེགས་ཚད99.7%ཟིན་པས་ཞིང་ཆེན་ཡོངས་ཀྱི་དཔྱད་ཞིབ་ཚད་གཞི་ལས་ལེགས་པ་ཡོད། ཆུ་དྭངས་སྲུང་སྐྱོབ་ཀྱི་ཕྱོགས་ནས། འོམ་དཀར་ཆུ་བོ་སོགས་ཆུ་བོ་གཙོ་བོར་རྒྱུན་ལྡན་གྱི་ལྟ་ཞིབ་ཚད་ལེན་བྱས་ཏེ། ཆུའི་སྤུས་ཚད་ཚང་མ་རིགས་གཉིས་པའི་ཚད་གཞི་དང་དེ་ལས་ལེགས་པའི་ཚད་གཞིར་སླེབས་པ་དང་། ཆུ་བོ་དང་མཚེའུ་ལ་འཕུད་པའི་སྦགས་བཙོག་འབྱུང་ཁུངས44ཚད་ལྡན་ཅན་དུ་བཅོས་སྒྲིག་བྱས་ཏེ། རྫོང་གྲོང་གི་བཙོག་ཆུ་གཙང་སེལ་བཟོ་གྲྭས་རིམ་པ་དང་པོའི་ཚད་གཞིAལྟར་འབུད་གཏོང་བྱས་ལ། སྲིད་འཛིན་སྡེ་བ10ཡིས་གྲོང་གསེབ་ཀྱི་བཙོག་ཆུ་དོ་དམ་ལག་བསྟར་བྱས་ཏེ། ས་ཁོངས་ཡོངས་སུ་ཆུ་བཙོག་དང་ཆུ་སྦགས་བཙོག་གི་དོན་རྐྱེན་བྱུང་མེད། ས་གཙང་སྲུང་སྐྱོབ་ཀྱི་ཕྱོགས་ནས། སྙིགས་རོ་གཙང་སེལ་དང་ས་རྒྱུ། ས་འོག་གི་ཆུ་བཅས་ཀྱི་ཉེན་ཁ་ཡོངས་ཁྱབ་ཞིབ་བཤེར་བྱས་ཏེ། ཞིང་སྤྱོད་ས་ཞིང་དང་གྲོང་ཁྱེར་འཛུགས་སྐྲུན་ས་ཞིང་གི་བདེ་འཇགས་བེད་སྤྱོད་བྱེད་ཚད100%ཟིན་པ་དང་། ས་རྒྱུའི་ཁོར་ཡུག་སྤུས་ཚད་བདེ་འཇགས་ཚོད་འཛིན་ཐུབ་ཡོད།

སྐྱེ་ཁམས་བདེ་འཇགས་ཀྱི་མཐའ་ཚད་དམ་སྲུང་བྱས་ཏེ། ཁོར་ཡུག་གི་ཉེན་ཁ་འགོག་སེལ་བྱས། སྐྱེ་ཁམས་ཁྲིམས་བསྟར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་ཡུལ་དངོས་དང་ཆེད་དོན། མཉམ་འབྲེལ་བཅས་ཀྱི་ཞིབ་བཤེར་རྒྱུན་རྣམ་ཅན་དུ་སྤེལ་ཏེ།“སྐབས་བསྟུན་གཉིས་དང་སྤྱི་བསྒྲགས་གཅིག”གི་འཐེན་བཤེར་ལམ་སྲོལ་དོན་འཁྱོལ་ནན་མོ་བྱས་ཏེ། གཙོ་གནད་ཁེ་ལས་ལ་ཁྱབ་ཚད100% ཟིན་ཡོད། ཁོར་ཡུག་ཁྲིམས་འགལ་བྱ་སྤྱོད་ལ་ཞིབ་བཤེར་ནན་མོ་བྱས་ཏེ་སྲིད་འཛིན་ཆད་གཅོད་གྱོད་གཞི3ཐོན་པ་དང་དངུལ་ཆད་སྒོར་ཁྲི38.24རྩིས་ལེན་བྱས། རང་བྱུང་ཐོན་ཁུངས་ཁྱབ་ཁོངས་ཀྱི་གྱོད་གཞི50ཐོ་འགོད་བྱས་པ་དང་། སྤྱི་བདེ་ལས་ཁུངས་ལ་གྱོད་གཞི4རྩིས་སྤྲོད་བྱས་ལ། དངུལ་ཆད་སྒོར་ཁྲི44.29རྩིས་ལེན་བྱས་པས། ཟིལ་གནོན་གྱི་ནུས་པ་ཆེན་པོ་ཐོན་ཡོད། སྦགས་བཙོག་འབྱུང་ཁུངས་དྲ་ལམ་ལྟ་རྟོག་གི་ལས་གཉེར་ལམ་སྲོལ་འཐུས་ཚང་དུ་བཏང་བ་དང་།རྐང་ཚ་རྫོང་གི་སྦགས་བཙོག་འབྱུང་ཁུངས་རང་འགུལ་ལྟ་ཞིབ་ཚད་ལེན་མ་ལག་གི་ཕྱོགས་གསུམ་པའི་ལས་གཉེར་ལྟ་ཞིབ་ཚད་ལེན་གྱི་དཔྱད་ཞིབ་ཐབས་ལམགཏན་འབེབས་བྱས། མང་ཚོགས་ཀྱི་རེ་འདུན་ཞུ་བའི་ལམ་བུ་ཤར་གཏོང་བྱས་ཏེ་ཁོར་ཡུག་ཐེར་འདོན22བདག་སྤྲོད་བྱས་པ་དང་། བསྒྲུབས་གྲིལ་ཚད་དང་བློ་ཡིད་ཚིམ་ཚད100%ཟིན་ཡོད། སྐྱེ་ཁམས་ཁོར་ཡུག་ལ་གནོད་སྐྱོན་བཏང་བར་སྐྱིན་ཚབ་འཇལ་བའི་ལམ་ལུགས་དོན་འཁྱོལ་བྱས་ཏེ། གོང་རིམ་སྡེ་ཁག་དང་མཉམ་དུ་གྲོས་མོལ་གྱོད་གཞི2ལེགས་འགྲུབ་བྱུང་བ་དང་། “ཁོར་ཡུག་ལ་རིན་ཐང་ཡོད་པ་དང་གནོད་སྐྱོན་གྱི་ཁག་འགན་འཁུར་དགོས” ཞེས་པ་དོན་འཁྱོལ་ཏན་ཏིག་བྱས་ཡོད།

ཁྱོན་ཡོངས་ཀྱི་སྐྱེ་ཁམས་ཉམས་གསོ་གཏིང་ཟབ་ཏུ་གཏོང་བ་དང་། རིན་ཐང་ཕྱོགས་གཉིས་གཞན་སྒྱུར་ལ་སྐུལ་འདེད་བཏང་། འོམ་དཀར་ཆུ་བོའི་འབབ་རྒྱུད་ཀྱི་ཆུའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལ་མ་ལག་ལྡན་པའི་ངང་སྐུལ་འདེད་བཏང་བ་དང་། སྤྱི་ལེ102ཀྱི་ཆུ་ལམ་སྐྱེ་ཁམས་ཉམས་གསོའི་ལས་གྲྭ་ལག་བསྟར་བྱས་ཏེ། ས་གནས་དེའི་འོམ་བུ་དང་སྤེན་མ་སོགས་ས་གནས་ཀྱི་སྡོང་ཕྲུག་ཁྲི14བཙུགས་ནས། གཅིག་རྐྱང་བཅོས་སྐྱོང་ནས་མ་ལག་ཉམས་གསོ་བར་གྱི་སྐྱེ་ཁམས་དཔེ་དབྱིབས་གསར་པ་ཞིག་ཆགས་ཡོད། དེ་དང་ཆབས་ཅིག་ཏུ་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ཁྲིམས་བསྟར་གྱི་ཐད་གཏོགས་དོ་དམ་ལམ་ལུགས་བསྒྱུར་བཅོས་ལ་ཧུར་ཐག་གིས་སྐུལ་འདེད་བཏང་སྟེ། སྔར་ལས་ལྷག་པའི་སྒོ་ནས་རྫོང་ཁོངས་བཅོས་སྐྱོང་གི་དོན་དངོས་དང་མཐུན་ཞིང་། འཁོར་སྐྱོད་སྔར་ལས་ཕྱོད་ནུས་ལྡན་པའི་སྐྱེ་ཁམས་ཁོར་ཡུག་དོ་དམ་སྒྲིག་སྲོལ་ནང་རྐྱེན་འཛུགས་པར་འབད་བརྩོན་བྱས་ཏེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲ་བརྟན་དུ་གཏོང་བ་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་གྱི་གསར་གཏོད་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་དུ་ལམ་ལུགས་ཀྱི་འགན་སྲུང་སྔར་ལས་བརྟན་པོ་འདོན་སྤྲོད་བྱས།