网站无障碍
རྐང་ཚས་མཐོ་སྒང་སྨན་རྒྱུ་འདུལ་སྦྱོང་ཚོད་ལྟའི་ཞིང་ས་བསྐྲུན་མགོ་ཚུགས།
发布时间:2026年06月17日 消息来源:

རྩོམ་སྒྲིག་པ།  ལྷ་ཆེན་རྡོ་རྗེ། ཡོང་ཁུངས།  རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།


མཚོ་བྱང་ཁུལ་རྐང་ཚ་རྫོང་གིས་མཐོ་སྒང་སྨན་རྒྱུ་འདུལ་སྦྱོང་ཚོད་ལྟའི་ཞིང་ས་བསྐྲུན་མགོ་ཚུགས།  ཉེ་ཆར། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་བོད་སྨན་ཁང་གིས་སྨན་ཁང་ནང་ཁུལ་གྱི་ད་ལྟའི་ཐོན་ཁུངས་ཀྱི་ཆ་རྐྱེན་ལ་བརྟེན་ནས་གཞི་ཁྱོན་ཆུང་བ་དང་མ་དངུལ་ཉུང་གཏོང་། ཉེན་ཁ་ཆུང་བ། ཚོད་ལྟའི་རང་བཞིན་བཅས་ཀྱི་ལས་ཀའི་རྩ་དོན་མཐའ་འཁྱོངས་བྱས་ཏེ། མཐོ་སྒང་བོད་སྨན་འདུལ་སྦྱོང་ཚོད་ལྟའི་ཞིང་ས་འཛུགས་སྐྲུན་རྣམ་གྲངས་དངོས་སུ་སྤེལ་མགོ་ཚུགས་པ་དང་། སྨི་གྲུ་བཞི་མ100ཡོད་པའི་ཉི་ཁྱམས་ཚོད་ལྟའི་འདེབས་འཛུགས་ཁུལ་དང་སྨི་གྲུ་བཞི་མ100ཡོད་པའི་ཕྱི་རོལ་ཚོད་ལྟའི་འདེབས་འཛུགས་ཁུལ་བསྐྲུན་པར་འཆར་འགོད་བརྒྱབ་ནས་མཐོ་སྒང་གནམ་གཤིས་ཀྱི་ཁྱད་ཆོས་འཛོམས་ཤིང་། རྒྱུ་ཆའི་རིན་གོང་མཐོ་བ། རི་སྐྱེས་ཐོན་ཁུངས་སྲུང་སྐྱོབ་བྱེད་པའི་གནོན་ཤུགས་ཆེ་བ་སོགས་ཀྱི་དཀའ་གནད་ལ་དམིགས་ཏེ། ད་ལི་དང་། བོང་དཀར། གཟེར་འཇོམས། ལྕུམ་རྩྭ། འོམ་བུ། གོ་སྙོད། ཤིང་མངར་སོགས་རྩ་ཆེ་བའི་མཐོ་སྒང་གི་ཁྱད་ལྡན་སྨན་སྣ་དང་རྒྱུན་སྤྱོད་རྩི་སྨན་རིགས་བཅུ་ལྷག་ཙམ་ལེགས་པོར་བདམས་ཤིང་། མིའི་བཟོས་ལག་ཤེས་ལ་བརྟེན་ནས་སོན་འདེབས་འདུལ་སྦྱོང་དང་རི་སྐྱེས་འདེབས་འཛུགས་བྱེད་པར་ཚོད་ལྟ་བྱས་པ་ཡིན། རྒྱུན་རྣམ་ཅན་གྱི་ཚོད་ལྟའི་ལྟ་ཞིབ་ཚད་ལེན་དང་གྲངས་གཞི་ལེགས་སྒྲིག ལག་རྩལ་ཕྱོགས་སྡོམ་བཅས་ཀྱི་ལས་དོན་བརྒྱུད་ནས། བོད་ཀྱི་སྨན་རྒྱུ་འདུལ་སྦྱོང་དང་འདེབས་འཛུགས་ལག་རྩལ་རྒྱུན་ཆད་མེད་པར་ཇེ་ལེགས་སུ་གཏོང་བ་དང་། ཚོད་ལྟའི་རིགས་དང་དཔེ་སྟོན་ཕན་འབྲས་བརྟན་པོའི་ངང་ཆེ་རུ་གཏོང་བ། རྟེན་གཞི་དེ་མཐོ་སྒང་རྩྭ་སྨན་གྱི་རྒྱུ་ཆ་འདུལ་སྦྱོང་ཚོད་ལྟ་དང་སོན་རྒྱུའི་ཐོན་ཁུངས་སྲུང་སྐྱོབ། ཀྲུང་ལུགས(བོད)གསོ་རིག་དང་སྨན་རྫས་ཚན་རིག་ཁྱབ་གདལ་དཔེ་སྟོན་དང་སྐྱེ་ཁམས་ལྗང་སྒྱུར་སྤུས་ཚད་མཐོ་རུ་གཏོང་བ་བཅས་གཞི་གཅིག་ཏུ་འདུས་པའི་ལས་སྟེགས་ཞིག་ཏུ་ནུས་ཤུགས་ཡོད་རྒུས་བསྐྲུན་ནས། རྫོང་ཡོངས་ཀྱི་ཀྲུང་ལུགས(བོད)གསོ་རིག་དང་སྨན་རྫས་བྱ་གཞག་གི་སྤུས་ཚད་མཐོ་བའི་རྒྱུད་འཛིན་གསར་གཏོད་འཕེལ་རྒྱས་ལ་རམ་འདེགས་བྱས།