ཟླ་བ་དྲུག་པར་བོད་མཁར་མཛེས་ཤིང་སྡུག གསེར་མིག་ཉ་མོ་འཁྱུག་པའི་རྐྱལ་རྩལ་ངོམ།
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
—རྐང་ཚ་རྫོང་གི2026ལོའི་མཚོ་སྔོན་པོའི་ཉ་གཟིགས་དུས་ཚིགས་དང་རང་གཉེར་སྨྱན་སྦྱོར་གསར་རྩོམ་སྤེལ་རེས་ཚོགས་ཆེན་སྐབས་བཞི་བ་མགོ་ཚུགས།
ཟླ་དྲུག་པའི་མཚོ་སྔོན་པོའི་ནམ་མཁའ་སྔོ་ལ་རྩྭ་ཐང་ལྗང་། བྱང་ངོགས་ཀྱི་རྐང་ཚར་ཉ་མོ་འཁྱུག་ལ་འདབས་ཆགས་གཡེང་པས་མཐོ་སྒང་སྐྱེ་ཁམས་ཀྱི་གཟི་དཔལ་ངོམ་བཞིན་ཡོད། ཉེ་ཆར། 2026ལོའི་མཚོ་སྔོན་པོའི་ཉ་གཟིགས་དུས་ཚིགས་དང་རང་གཉེར་སྨྱན་སྦྱོར་གསར་རྩོམ་སྤེལ་རེས་ཚོགས་ཆེན་སྐབས་བཞི་བ་གསེར་ཉའི་གཞིས་ཁྱིམ་དུ་མགོ་ཚུགས། ལོ་གཅིག་གཅིག་གི་གསེར་ཉ་ཕྱིར་རྐྱལ་བའི་ལྟད་མོའི་དུས་སྐབས་ཡག་ཤོས་དངོས་སུ་སླེབས་པ་མཚོན། བྱེད་སྒོ་དེ“གསེར་ཉ་ལ་བལྟ། བོད་ཟས་ལ་རོལ། མི་ཚེ་ལ་རོལ”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཏེ། རྐང་ཚ་རྫོང་གི་སྐྱེ་ཁམས་ཐོན་ཁུངས་ཀྱི་ལྷན་སྐྱེས་ནུས་པ་དང་བོད་རིགས་ཀྱི་དམངས་སྲོལ་ཐོན་ཁུངས་ལ་གཞི་ཚུགས་ཏེ་གསེར་ཉ་ཕྱིར་རྐྱལ་བ་འབྲེལ་ཐག་ཏུ་བྱས་ནས་སྐྱེ་ཁམས་སྲུང་སྐྱོང་དང་རིག་གནས་ཡུལ་སྐོར་འཕེལ་རྒྱས། ཐོན་ལས་དམངས་ཕྱུག་སོགས་ཀྱི་ཐད་གཅིག་གྱུར་འཆར་འགོད་བྱས་ཏེ་བོད་མཁར་གྱི་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ཀྱི་ཡིད་དབང་འཕྲོག་ཤུགས་ཕྱོགས་ཡོངས་ནས་མངོན་པར་བྱས་ཡོད།
མཚོ་སྔོན་ཁྱིམ་སྟོན་སྤྱི་ཁྱབ་འགན་འཁུར་བ། ཞིང་ཆེན་ཚོང་དོན་ཐིང་གི་དེ་སྔའི་རིམ་པ་དང་པོའི་སྐོར་གཟིགས་པ་ལི་ཡ་ལིན་དང་ཞིང་ཆེན་རིག་གནས་ཡུལ་སྐོར་ཐིང་གི་ཐིང་ཀྲང་གཞོན་པ་ཝང་ཅིན་ཞན། མཚོ་བྱང་ཁུལ་ཨུའི་རྒྱུན་ཨུ། འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་ཧྲེང་ཅེ། མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀྲོའུ་ཅ། མཚོ་བྱང་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཝན་བཀྲ་ཤིས་དོན་འགྲུབ། ཁུལ་མི་དམངས་སྲིད་གཞུང་གི་ཁལ་དཔོནགཞོན་པ་ཧན་ཧྲི། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཅིང་ཀྲན་ཞིས་མགོ་ཚུགས་མཛད་སྒོར་ཕེབས་ཡོད་པ་རེད། ཁུལ་ཨུའི་དྲིལ་བསྒྲགས་པུའུ་དང་་ཁུལ་ཞིང་འབྲོག་དང་ཚན་རྩལ་ཅུ། ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རླུང་འཕྲིན་བརྙན་འཕྲིན་ཅུ། ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་། མཚོ་ལྷོ་ཁུལ་དང་མཁར་བྱང་ཁུལ། གུང་ཧོ་རྫོང་། ཐེམ་ཆེན་རྫོང་། འཇུ་ལག་རྫོང་། འདབ་བཞི་རྫོང་།མདོ་ལ་རྫོང་། གཅན་ཚ་རྫོང་། རྫ་སྟོད་རྫོང་བཅས་ཀྱི་འབྲེལ་ཡོད་འགོ་ཁྲིད་དང་མཚོ་སྔོན་སློབ་ཆེན། མཚོ་སྔོན་ཞིང་ཆེན་ཡུལ་སྐོར་ལས་དོན་ཁང་གི་མཐུན་ཚོགས། དེ་བཞིན་ཀྲུང་དབྱང་དང་ཞིང་ཆེན་ཁུལ་གྱི་གསར་འགྱུར་སྨྱན་སྦྱོར་གྱི་གསར་འགོད་པ། མཐོ་རིམ་སློབ་གྲྭ་དང་ཡུལ་སྐོར་ལས་དོན་ཁང་གི་སྐུ་མགྲོན། ཞིང་ཆེན་ཕྱི་ནང་གི་དྲ་རྒྱའི་སྨྱན་སྦྱོར་བ་བཅས་གདན་ཞུས་ལྟར་ཐེངས་འདིའི་བྱེད་སྒོར་ཞུགས།

བྱེད་སྒོ་དེ་རྫོང་ཨུའི་དྲིལ་བསྒྲགས་པུའུ་དང་རྫོང་འཕེལ་སྒྱུར་བཟོ་ལས་ཆ་འཕྲིན་ཅན་དང་ཚོང་དོན་ཅུ། རྫོང་རིག་གནས་ལུས་རྩལ་ཡུལ་སྐོར་རླུང་འཕྲིན་བརྙན་འཕྲིན་ཅུ། རྫོང་འཕྲོད་བསྟེན་བདེ་ཐང་ཅུས་བཅས་ཀྱིས་འགན་སྒྲུབ་བྱས། མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོང་ཐེབས་རྩ་ལྷན་ཚོགས་དང་མཚོ་སྔོན་པོའི་གསེར་ཉ་སྲོག་སྐྱོབ་ལྟེ་གནས། རྐང་ཚ་རྫོང་ལྷ་མཚོ་འགྲིམ་འགྲུལ་ཡུལ་སྐོར་མ་འཇོག་གསར་སྤེལ་གཉེར་སྐྱོང་ཚད་ཡོད་ཀུང་སི། རྐང་ཚ་རྫོང་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས། རྐང་ཚ་སྦྲ་ཚང་སྨུག་པོ་བཟའ་བཏུང་ཞབས་ཞུ་ཚད་ཡོད་ཀུང་སི། རྐང་ཚ་སྦྲ་ཚང་སྨུག་པོ་སྲོལ་རྒྱུན་རིག་གནས་ཁྱབ་བསྒྲགས་ཞབས་ཞུ་ཚད་ཡོད་ཀུང་སིས་མཉམ་འབྲེལ་རོགས་སྒྲུབ་བྱས།
འགོ་ཚུགས་མཛད་སྒོ་དེ་རྫོང་ཨུའི་རྒྱུན་ཨུ་རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་ཀྲེང་ཝུན་ཅ་ཡིས་གཙོ་སྐྱོང་གནང་བ་དང་། རྫོང་ཨུའི་ཧྲུའུ་ཅི་ཀྲང་ཆི་ཧྥེང་གིས་ཤིས་ཚིག་ཕུལ་ལ། ཧན་ཧྲིས་མཚོ་བྱང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་ཞུས་ནས་ཤིས་ཚིག་ཕུལ། ཧྲེང་ཅེ་ཡིས་བྱེད་སྒོ་སྤེལ་འགོ་ཚུགས་པའི་ཁྱབ་བསྒྲགས་བྱས་ལ། ལི་ཡ་ལིན་དང་ཝང་ཅིན་ཞན། ཧྲེང་ཅེ། ཀྲོའུ་ཅ། ཝན་བཀྲ་ཤིས་དོན་འགྲུབ། ཧན་ཧྲི། ཅིན་ཀྲན་ཞུས། ཀྲང་ཆི་ཧྥེང་བཅས་ཀྱིས་མཉམ་དུ་སྲོག་བླུ་བྱེད་སར་ཉ་ཕྲུག་བཏང་ནས་བྱེད་སྒོ་སྤེལ་འགོ་ཚུགས་པའི་དཔང་པོ་བྱས།
འགོ་ཚུགས་མཛད་སྒོའི་ཐོག་མཚོ་སྔོན་པོའི་གསེར་ཉ་སྲོག་སྐྱོབ་ལྟེ་གནས་ཀྱི་འགན་འཁུར་བས་མཚོ་སྔོན་པོའི་གསེར་ཉ་སྲུང་སྐྱོང་གི་ཕན་འབྲས་ཁྱབ་བསྒྲགས་བྱས་པ་དང་ཉེ་བའི་ལོ་ཤས་རིང་མཚོ་སྔོན་པོར་གསེར་ཉ་སྲུང་སྐྱོང་བྱས་ཚུལ་ཁྱབ་བསྒྲགས་བྱས། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཡུང་ཤིན་གཞུང་དཔང་ཁྲུའུ་ཡི་ལས་དོན་མི་སྣས་ད་ཐེངས་ཀྱི་བྱེད་སྒོ་ཚད་ལྡན་དང་ཁྲིམས་མཐུན་ནུས་ལྡན་ཡིན་པར་བརྒྱུད་རིམ་ཧྲིལ་པོར་ཞུགས་པ་དང་ལྟ་སྐུལ་བྱས་པ་དང་འབྲེལ་སྤྱི་དཔང་གི་དཔང་ཚིག་ཀྱང་སྤྲད། རྐང་ཚའི་རིག་གནས་ཡུལ་སྐོར་འོས་སྦྱོར་དཔོན་གྱིས་རིག་གནས་ཡུལ་སྐོར་གྱི་ཐོན་ཁུངས་འོས་སྦྱོར་བྱས་ཏེ་རྐང་ཚའི་ཐུན་མོང་མ་ཡིན་པ་དང་ཕུན་སུམ་ཚོགས་ལ་སྤུས་ལེགས་ཀྱི་རིག་གནས་ཡུལ་སྐོར་ཐོན་ཁུངས་དེ“བརྙན་ལམ+ཡིག་ཐོག་ངོ་སྤྲོད”ཀྱི་རྣམ་པའི་ཐོག་ནས་དེ་གར་ཡོད་པའི་སྐུ་མགྲོན་ལ་འོས་སྦྱོར་བྱས། ཞའོ་ཧོང་ཧྲུའུ་སྟེགས་བུའི་འཐུས་མི་ཏོན་ཡུང་ཆི་འགོ་ཚུགས་མཛད་སྒོར་ཞུགས་པར་མ་ཟད་གཏམ་བཤད་གནང་། རྫོང་ཨུའི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་སྐལ་བཟང་སྒྲོལ་མ་དང་རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་མ་ཧྲེང་ལན་གྱིས་གདན་ཞུ་དང་ལེན་བྱས་པའི་ཞིང་ཆེན་ནང་ཁུལ་གྱི་སྨྱན་སྦྱོར་ཚན་པའི་མི་སྣར་རྐང་ཚའི་རིག་གནས་ཡུལ་སྐོར་འོས་སྦྱོར་དཔོན་གདན་ཞུའི་ལག་ཁྱེར་སྤྲད།
ཀྲང་ཆི་ཧྥེང་གིས་ཤིས་ཚིག་ནང་ང་ཚོས་སྐབས་བཅོ་བརྒྱད་པའི་གསེར་ཉ་སྐྱེ་འཕེལ་གློད་གཏོང་བྱེད་སྒོ་བསྟུད་མར་སྤེལ་བ་ནི་སྐྱེ་ཁམས་ཀྱི་ཐོག་མའི་བསམ་འདུན་བརྟན་སྲུང་བྱས་པ་ཞིག་ཡིན་ལ། འཕེལ་རྒྱས་ཀྱི་རང་རྟོགས་མཆོང་སྐྱོད་ཐེངས་ཤིག་ཀྱང་ཡིན་ཞེས་གསུངས་པ་རེད། རྐང་ཚ་རྫོང་གིས་ཉ་གཟིགས་དུས་ཚིགས་དེ་མཚོ་སྔོན་པོའི་སྐྱ་ཁམས་སྲུང་སྐྱོང་གི་གྲུབ་འབྲས་འགྲེམས་སྟོན་བྱེད་པའི་སྐར་ཁུང་དང་། ས་ཁོངས་ཡོངས་ཀྱི་ལྗང་མདོག་འཕེལ་རྒྱས་ཀྱི་འདེགས་གནས་སུ་བརྩིས་ནས་ཞིང་ཆེན་ཡོངས་ཀྱི“དཀྱིལ་སྙིང་གཅིག་དང་ལྷུ་ཚིགས་གཅིག་སྣེ་མང”གི་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་ནང་རང་འགུལ་ངང་མཉམ་འདྲེས་ཐུབ་པ་བྱས་ཏེ་མཚོ་སྐོར་རིག་གནས་ཡུལ་སྐོར་གྱི་ཚད་ཤིང་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གྱི་རྐང་འཛིན་འདེགས་སྐྱོར་ཇེ་བརྟན་དུ་བཏང་ལ། ཉ་གཟིགས་དུས་ཚིགས་ནི་ཡུལ་སྐོར་དུས་ཆེན་གྱི་རྟེན་འབྲེལ་ཞིག་ཡིན་པ་མ་ཟད“རི་བོ་གཉིས”ཀྱི་འདུ་ཤེས་ལག་ལེན་བསྟར་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གསོན་ཉམས་དོད་པའི་ལག་ལེན་ཞིག་དེ་བས་ཀྱང་ཡིན།
ཧན་ཧྲིས་ཤིས་ཚིག་ནང་ལོ་མང་རིང་མཚོ་བྱང་གི་མི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་རྣམས་ལྡོག་རྐྱལ་གྱི་གསེར་ཉ་དང་འདྲ་བར་འགྲན་སློང་ལ་མི་སྐྲག་པ་དང་མདུན་སྐྱོད་གཏན་འཁེལ་བྱས་ཏེ་སྐྱེ་ཁམས་སྲུང་སྐྱོང་ཁྲོད་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་གཏོང་བ་དང་། དངོས་སྒྲུབ་ཡར་བརྩོན་ཁྲོད་སྤུས་ཚད་མཐོ་རུ་གཏོང་བ། དམངས་ཚིས་བདེ་སྐྱིད་ཆེ་རུ་བཏང་ནས་སྐྱེ་ཁམས་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆར་བསྒྱུར་བས་མི་རྣམས་དགའ་འོས་པའི་གྲུབ་འབྲས་དེ་ནི་ལོ་བཅུ་ཕྲག་ཁ་ཤས་རིང་ལ་རྒྱུན་སྲིང་ལྷོད་མེད་ངང་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་སྲུང་སྐྱོང་བྱས་པའི་དན་རྟགས་རེད། མཚོ་བྱང་གི་མི་རིགས་སོ་སོའི་མང་ཚོགས་ཀྱིས་མིག་ལ་སྲུང་སྐྱོང་བྱེད་པ་བཞིན་སྐྱེ་ཁམས་ལ་སྲུང་སྐྱོང་བྱེད་པའི་གནས་ཚུལ་ངོ་མ་ཞིག་དེ་བས་ཀྱང་རེད།

འགོ་ཚུགས་མཛད་སྒོའི་སྟེང་རྐང་ཚ་རྫོང་གིས་ད་དུང་གཟུགས་འདས་ཤུལ་བཞག་རིག་གནས་འགྲེམས་སྟོན་དང་ཁྱད་ལྡན་གླུ་གར་ལེ་ཚན་སྒྲིག་བཟོ་ཞིབ་ཚགས་བྱས་ཏེ་མགོ་ཁྲིད་སྐུ་མགྲོན་དང་། རྫོང་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས། དེ་བཞིན་རྒྱ་ཆེའི་ཡུལ་སྐོར་བར་ངོ་མཚར་ཆེ་བའི་རིག་རྩལ་འཁྲབ་སྟོན་བྱས། འཁྲབ་སྟོན་མཇུག་འགྲིལ་རྗེས་འགོ་ཚུགས་མཛད་སྒོར་ཞུགས་མཁན་མགོ་ཁྲིད་སྐུ་མགྲོན་ཚོས་གློད་གཏོང་སྟེགས་བུར་ཉ་ལ་ལྟ་བ་དང་གློད་གཏོང་བྱེད་སྒོ་སྤེལ་བ་རེད། ཤེས་གསལ་ལྟར་་ན་ཉིན་དེར་གསེར་ཉའི་ཁྱིམ་གཞིས་མཛེས་ལྗོངས་ཁུལ་དུ་མཚོ་སྔོན་པོའི་གསེར་ཉའི་ཕྲུ་གུ་ཁྲི100བཏང་བ་དང་། ཟླ8པའི་ཟླ་དཀྱིལ་དང་ཟླ་སྨད་དུ་སླེབས་སྐབས་སྔོན་དཔག་བྱས་ན་མཚོ་སྔོན་པོའི་གསེར་ཉའི་ཕྲུ་གུ་ཁྲི1200གཏོང་རྒྱུ་རེད།
ཉིན་དེར་རྐང་ཚ་རྫོང་སྦྲ་ཚང་སྨུག་པོ་གསོལ་སྟོན་ལྟེ་གནས་སུ་མཚོ་སྔོན་གྱི་ཁྱིམ་ཚང་གསོལ་སྟོན་བོད་ཟས་གསོལ་སྟོན(རྐང་ཚའི)བྱེད་སྒོ་དུས་གཅིག་ཏུ་སྤེལ་ནས་རྟོག་ཞིབ་ལ་དམིགས་བསལ་དུ་ཡོད་པའི་ནོར་ཤ་དང་བོད་ལུག་གི་ཤ་སོགས་ས་མཐོའི་གདོད་མའི་སྐྱེ་ཁམས་བཟའ་བཅའི་རྒྱུ་ཆ་སྤྱད་དེ་རྟོག་ཞིབ་ཀྱི་ཁྱད་ཆོས་ལྡན་པའི་བོད་ཟས་གསོལ་སྟོན་གཡོས་སྦྱོར་བྱས་ནས་བོད་ཟས་རིག་གནས་ཀྱི་ནང་དོན་དང་ས་གནས་དེ་གའི་ཁྱད་ལྡན་ཟས་མཆོག་གི་ཡིད་དབང་འཕྲོག་ཤུགས་ཕྱོགས་ཡོངས་ནས་མངོན་པར་བྱས་པ་རེད། ད་ཐེངས་ཀྱི་ཁྱིམ་སྟོན་བྱེད་སྒོ་གོ་སྐབས་སུ་བྱས་ཏེ་ཟས་མཆོག་ལ་བརྟེན་ནས་ཁྱད་ལྡན་ཞིང་འབྲོག་ལས་ཀྱི་རིག་གནས་གསར་གཏོད་ཐོན་རྫས་དང་ཁྱད་ལྡན་བཟའ་བཏུང་ཐོན་ལས་འོས་སྦྱོར་བྱས་ཏེ་སྐྱེ་ཁམས་རིག་གནས་ཡུལ་སྐོར་གྱི་ཉམས་ལེན་མྱོང་ཚོར་སྔར་བས་ཕུན་སུམ་ཚོགས་སུ་གཏོང་བ་དང“སྐྱེ་ཁམས་ལྟ་སྐོར+ཟས་མཆོག་ཉམས་ལེན”རིག་གནས་ཡུལ་སྐོར་གྱི་ལས་རྣམ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་རྐང་ཚའི་ཁྱད་ལྡན་མིང་བྱང་ཇེ་གསལ་དུ་བཏང་།
དེ་དང་མཉམ་དུ“རྐང་ཚ-དུས་བཞིར་རྩྭ་འདེབས”སྐབས་བཞི་པའི་མཚོ་སྔོན་པོའི་རང་གཉེར་སྨྱན་སྦྱོར་སྤེལ་རེས་ཚོགས་ཆེན་དུས་གཅིག་ཏུ་འཚོགས་ནས་ཤུགས་རྐྱེན་ཆེ་ལ་སྙན་གྲགས་རྒྱས་པའི་དྲ་རྒྱའི་མཛངས་མི་དང་རྫོང་དེའི་རང་གཉེར་སྨྱན་སྦྱོར་མི་སྣ20ལྷག་གདན་དྲངས་ཏེ། རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་དཀོན་ལོ་གོང་མ་སྡེ་བ་དང་ལྷ་མོ་མཚོ་ཁུག་སྐྱེ་ཁམས་དཔལ་ཡོན་སློབ་གསོའི་རྟེན་གཞི། དཔལ་དགེ་དགོ་དམར་གྲོང་ཆུང་། ལྷ་ཆབ་ཁུག་སྐྱེ་ཁམས་ཉམས་ལེན་ཁུལ། ཁེས་ཁུག་སེར་ཉག་ཀ་སོགས་སུ་བསྐྱོད། དུས་ཡུན་ཉིན3རིང་ཞབས་སོར་བཀོད་ནས་དམངས་སྲོལ་རིག་གནས་དང་མཚོ་སྔོན་པོའི་གསེར་ཉ་སྲོག་བླུ། བོད་ཟས་ཞིམ་ཟས་སོགས་ཉམས་སུ་མྱོང་བ་དང་། བརྙན་མིག་ལ་བརྟེན་ནས་རྐང་ཚའི་རི་ཆུའི་མཛེས་སྡུག་ཟིན་ཐོར་འགོད་པ། ཐད་གཏོང་རྒྱུག་ཚད་ལ་བརྟེན་ནས་དམངས་སྲོལ་གོམས་གཤིས་བརྒྱུད་སྤྲོད་བཅས་བྱས་ཏེ་མི་སྔར་ལས་མང་པོ་ཞིག་གིས་རྐང་ཚར་རྒྱུས་ལོན་བྱེད་པ་དང་རྐང་ཚར་བསྐྱོད་པ། རྐང་ཚར་དགའ་རུ་འཇུག་པ་དང་། “བྱ་དང་ཉ་ཡི་ཞིང་ཁམས།·བོད་མཁར་རྐང་ཚ”ཞེས་པའི་རིག་གནས་ཡུལ་སྐོར་གྱི་མཚན་སྙན་རྒྱས་པར་བྱས་ཏེ། རྐང་ཚའི་རིག་གནས་ཡུལ་སྐོར་གྱི་བྱ་གཞག་བདེ་བླག་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།
མཚོ་སྔོན་དྲ་རྒྱའི་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་དང་རྐང་ཚ་མཉམ་འདྲེས་སྨྱན་སྦྱོར་གྱིས་ད་ཐེངས་ཀྱི་བྱེད་སྒོ་སྤེལ་འགོ་ཚུགས་པའི་མཛད་སྒོར་གོ་སྐབས་དང་བསྟུན་ནས་ཐད་གཏོང་བྱས་ཏེ་བྱེད་སྒོའི་གནས་ཚུལ་གཟབ་རྒྱས་དང་གསེར་ཉ་ལྡོག་རྐྱལ་གྱི་གནས་ཚུལ་ངོ་མཚར་ཅན་ཕྱོགས་ཡོངས་ནས་མངོན་པར་བྱས།
རྒྱུས་ལོན་པ་ལྟར་ན། སྐབས་འདིའི་ཉ་གཟིགས་དུས་ཚིགས་ཀྱི་བྱེད་སྒོ་དེ་དུས་མཚམས་མང་པོར་ཁྱབ་ནས་སྐྱེ་ཁམས་ཚན་རྩལ་ཁྱབ་གདལ་དང་། དམངས་སྲོལ་ཉམས་ལེན། སྨྱན་སྦྱོར་འཚོལ་བསྡུ། སྐྱེ་ཁམས་ཞིབ་འཇུག་རིག་པ་སོགས་བྱེད་སྒོ་ཆེན་པོ་བཞིའི་དུམ་ཚན་དང་། གསེར་ཉ་གློད་གཏོང་ཉམས་ལེན། རིག་གནས་ཡུལ་སྐོར་ཆེད་དོན་འོས་སྦྱོར་སོགས་ཁྱད་ཆོས་ལྡན་པའི་ནང་དོན་ཆ་ཚང་ཡོད། དེས་རྗེས་ཀྱི་ཟླ་བ་གསུམ་གྱི་དུས་ཚོད་ནང་རྐང་ཚ་རྫོང་གིས་ད་དུང་སྐྱེ་ཁམས་ཚན་རྩལ་ཁྱབ་གདལ་ཞིབ་འཇུག་སློབ་སྦྱོང་གི་བྱེད་སྒོ་རབ་དང་རིམ་པ་དང་མཚོ་སྔོན་པོའི་གསེར་ཉ་ཚན་རིག་དང་མཐུན་པའི་རྒྱུན་གཏན་གློད་གཏོང་སོགས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་ནས་ཕྱོགས་བཞིའི་སྐུ་མགྲོན་ཚོར་བོད་མཁར་གྱི་ཡིད་དབང་འཕྲོག་ཤུགས་ཉམས་སུ་མྱོང་དུ་འཇུག་པ་དང“འདབས་ཆག་དང་ཉ་མོའི་ཞིང་ཁམས”་ཀྱི་ཐུན་མོང་མ་ཡིན་པའི་མཛེས་སྡུག་ཉམས་སུ་མྱོང་དུ་འཇུག་རྒྱུ་རེད།
རྗེས་ཕྱོགས་སུ་རྐང་ཚ་རྫོང་གིས་ད་ཐེངས་ཀྱི་ཉ་གཟིགས་དུས་ཚིགས་དེ་འགོ་འཛུགས་ས་གསར་པ་ཞིག་ཏུ་བརྩིས་ནས་མཚོ་སྐོར་སྐྱེ་ཁམས་ཐོན་ཁུངས་དང་བོད་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་མི་མངོན་པའི་སྟོབས་ཤུགས་རྒྱུན་མཐུད་ངང་སྔོག་འདོན་གཏིང་ཟབ་བྱས་ཏེ། རིག་གནས་ཡུལ་སྐོར་གྱི་ཐོན་རྫས་མཁོ་སྤྲོད་ལེགས་སུ་དང་རིམ་སྤོར་བྱས་ནས་གསེར་ཉའིIP་ཐོན་ལས་ཧྲིལ་པོའི་སྦྲེལ་ཐག་རིང་དུ་གཏོང་བ། རིག་གནས་ཡུལ་སྐོར་གྱི་འཛད་སྤྱོད་གསོན་ཤུགས་རྒྱུན་མཐུད་ངང་འདོན་སྤེལ་བྱས་ཏེ་སྐྱེ་ཁམས་ཀྱི་ངོ་གདོང་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ནང་དོན་དེ་རྫོང་ཁོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེན་པོ་གཏོང་བ། ནུས་ཤུགས་ཡོད་རྒུས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་སའི་མཚོ་སྔོན་པོའི་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་རམ་འདེགས་བྱེད་དགོས།