རྐང་ཚ་རྫོང་གིས་དམངས་སྲིད་རོགས་སྐྱོབ་ཀྱི་སྤུས་ཚད་མཐོ་རུ་བཏང་ནས“རྒན་པོ་གཅིག་དང་བྱིས་པ་གཅིག དབང་བོ་སྐྱོན་ཅན་གཅིག་དང་དཀའ་ངལ་ཅན་གཅིག”གི་མས་སྐྱོར་འགན་སྲུང་དྲ་བ་ཚགས་དམ་པོ་བཟོས།
རྩོམ་སྒྲིག ལྷ་ཆེན། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ད་ལོའི་ནས་བཟུང་། རྐང་ཚ་རྫོང་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ། དམིགས་བསལ་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་མས་སྐྱོར་འགན་སྲུང་ལས་དོན་ལ་དམིགས་ནས། རྒན་པོ་དང་དབང་པོ་སྐྱོན་ཅན། དཀའ་ངལ་ཡོད་པའི་བྱིས་པ། དམའ་སྲུང་ཕོངས་ངན་གཉོར་སྐྱོང་གི་མང་ཚོགས་བཅས་ལ་གནད་འཁེལ་གྲལ་བཤེར་དང་སྲིད་ཇུས་དོན་འཁྱོལ། སེམས་ཁུར་དང་རོགས་རམ་བཅས་ཀྱི་རོགས་སྐྱོབ་མ་ལག་བཙུགས་པས། རྒྱུན་མཐུད་ངང་ཁོངས་གཏོགས་ཁུལ་གྱི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་འཇགས་ཚོར་སེམས་བཅས་མཐོ་རུ་བཏང་།
གནད་ལ་འཁེལ་བའི་སྒོ་ནས“གནས་ཚུལ་མཐིལ་རྟོགས”བྱས་ཏེ་རོགས་སྐྱོབ་ཀྱི་རྨང་གཞི་ཇེ་བརྟན་དུ་བཏང་། “དམངས་སྲིད+ཡུལ་ཚོ་དང་གྲོང་རྡལ། སྡེ་བ་དང་རུ་ཁག་གི་དྲ་སྦྲེལ་མི་སྣ”བཅས་རིམ་པ་གསུམ་གྱི་གྲལ་བཤེར་མ་ལག་བཙུགས་ནས“དྲ་འཐེན་རྣམ་པའི”ཁྱོན་ཡོངས་ལ་ཁྱབ་པའི་བཅར་འདྲི་གྲལ་བཤེར་བྱས་ལ། རིམ་རྩིས་བྱས་ན་ཁྱིམ་ཚང1200ལྷག་ལ་གྲལ་བཤེར་བྱས་ཤིང་གྲལ་བཤེར་བྱས་ཚད100%ཟིན་ཡོད། ཁོངས་གཏོགས་ཁུལ་གྱི་གཞིས་སྲུང་རྒན་པོ426དང་ལག་ཁྱེར་ཡོད་པའི་དབང་པོ་སྐྱོན་ཅན812 དཀའ་ངལ་ཡོད་པ་དང་གཞིས་སྲུང་བྱིས་པ136བཅས་ཀྱི་གནས་ཚུལ་ཁྱོན་ཡོངས་ནས་མཐིལ་རྟོགས་བྱས་ཏེ་འཚོ་བའི་འགྲོ་འདུག་དང་ལྟ་སྐྱོང་ལྟ་སྐྱོང་སོགས་འགག་རྩའི་ཆ་འཕྲིན་རིགས6ཐོ་འགོད་ཞིབ་ཕྲ་བྱས་པ་དང་། དམིགས་བསལ་ཚོགས་སྤྱིར་རོགས་སྐྱོར་བྱེད་པའི་ཟུར་བཙུགས་རྩིས་ཁྲ་ཐེངས3གསར་བརྗེས་དང་འཐུས་སྒོ་ཚང་དུ་བཏང་ལ། མི47རོགས་སྐྱོབ་ནང་བཅུག་པ་དང་མི29ཕྱིར་འཐེན་བྱས་ནས“རིགས་དབྱེའི་ཚགས་བཟོ་དང་རིགས་དབྱེའི་ངོས་འཛིན། འགུལ་རྣམ་དོ་དམ”དཀའ་ངལ་ཡོད་པའི་མང་ཚོགས“ཁྱིམ་ཚང་གཅིག་ཀྱང་མི་ལུས་པ་དང་མི་གཅིག་ཀྱང་མི་ལུས་པར”འགན་ལེན་བྱས།
སྲིད་ཇུས་དོན་འཁྱོལ་ཐད“ཕབ་གཅོག་མི་བྱེད”པར་དམངས་ཚིས་འགན་ལེན་བརྟན་པོ་ཡོང་བར་བྱས། དམའ་སྲུང་རོགས་སྐྱོབ་དང་ཕོངས་ངན་གཉོར་སྐྱོང་། དབང་བོ་སྐྱོན་ཅན་གྱི་ཁ་གསབ་རོགས་དངུལ་ཁག་གཉིས། བྱིས་པའི་ཕན་བདེ་སོགས་ཀྱི་དམངས་ཕན་སྲིད་ཇུས་དོན་འཁྱོལ་ནན་པོ་བྱས་ཏེ“འགན་ལེན་བྱེད་དགོས་པར་འགན་ལེན་དང་སྐྱོབ་རོགས་བྱེད་དགོས་པར་སྐྱོབ་རོགས”ཐུབ་པ་བྱས་པ་དང་། མིག་སྔའི་བར་དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་གྱི་འཚོ་བའི་ཁ་གསབ་རོགས་དངུལ་དང་ཚབས་ཆེའི་དབང་བོ་སྐྱོན་ཅན་ལ་ནད་སྐྱོང་ཁ་གསབ་སྒོར་ཁྲི18.6སྤྲད་པས་དབང་བོ་སྐྱོན་ཅན་མང་ཚོགས800ཕན་ཐོག་ཡོད། དཀའ་ངལ་ཡོད་པའི་བྱིས་པའི་གཞི་རྩའི་འཚོ་བའི་འགན་ལེན་དངུལ་སྒོར་ཁྲི3.2སྤྲད་པ་དང་དཀའ་ངལ་ཡོད་པའི་བྱིས་པ98ལ་ཁེབས་ཡོད། མཁར་གྲོང་གི་མ་མཐའི་འཚོ་བ་འགན་ལེན་དང་ཕོངས་ངན་གཉོར་སྐྱོང་མི་སྣ། གནས་སྐབས་རོགས་སྐྱོབ་སོགས་མས་སྐྱོར་མ་དངུལ་སྒོར་ཁྲི839.79སྤྲད་པས་དཀའ་ངལ་ཡོད་པའི་མང་ཚོགས་མི་ཐེངས5105ལ་ཕན་པ་ཐོབ། ཕོངས་ངན་གཉོར་སྐྱོང་རྒན་རྒོན་འཚོ་སྐྱོང་དང་གནས་སྐབས་རོགས་སྐྱོབ། ཐག་ཉེ་སར་སློབ་གྲྭར་འགྲོ་བ་སོགས་ཀྱི་མས་སྐྱོར་སྲིད་ཇུས་དུས་གཅིག་ཏུ་དོན་འཁྱོལ་བྱས་པས། མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་གཅོད་གནད་ལ་འཁེལ་བ་བྱས།
རིགས་དབྱེའི་ཞབས་ཞུ་ལ“དྲོད་ཚད་ལྡན་པར”བྱས་ཏེ་མང་ཚོགས་བདེ་སྐྱིད་བརྟན་སྲུང་བྱས། ཚོགས་སྤྱི་མི་འདྲ་བའི་དགོས་མཁོར་དམིགས་ནས“མི་གཅིག་ལ་ཐབས་ཇུས་གཅིག”གི་རིགས་དབྱེའི་བྱམས་སྐྱོང་ཞབས་ཞུ་ཁྱབ་གདལ་བཏང་སྟེ“དམངས་ཚིས་མ་དངུལ”དེ“དམངས་ཚིས་དྲོད་ཁོལ”དུ་བསྒྱུར་ཡོད། འབྲོག་ཁུལ་གྱི་གཞིས་སྲུང་རྒན་རྒོན་ལ་དམིགས་ཏེ་རྒྱུན་རྣམ་ཅན་གྱི་སྒོ་རྩར་བསྐྱོད་དེ་ལྟ་ཞིབ་དང་བདེ་ཐང་འདྲི་རྩད། རྒན་གསོའི་ཐོབ་ཐང་ངོས་འཛིན་ཚབ་སྒྲུབ། ཁེར་སྡོད་རོགས་སྐྱོར་སོགས་ཀྱི་ཞབས་ཞུ་སྤེལ་ལ། རིམ་རྩིས་བྱས་ན་སྒོ་རྩར་བསྐྱོད་དེ་མི་ཐེངས428ལྷག་ལ་ཞབས་འདེགས་ཞུས་ནས་འབྲོག་ཁུལ་གྱི་རྒན་རྒོན་འགྲོ་འོང་སྟབས་མི་བདེ་བ་དང་ལས་དོན་སྒྲུབ་དཀའ་བའི་གནད་དོན་ཐག་གཅོད་ནུས་ལྡན་བྱས་ཡོད། དབང་བོ་སྐྱོན་ཅན་ལ་དམིགས་ཏེ་ཁྱིམ་སྡོད་གེགས་མེད་སྒྱུར་བཀོད་དང་ལུས་གསོའི་མཛུབ་ཁྲིད་སོགས་ཀྱི་ཞབས་ཞུར་རྒྱུན་མཐུད་ངང་སྐུལ་འདེད་བཏང་ནས་དབང་བོ་སྐྱོན་ཅན་གྱི་ཁྱིམ་ཚང32སྒྱུར་བཀོད་ལེགས་གྲུབ་ཟིན་པ་དང་ལག་སྐྱོར་དང་གྱེན་ལམ་སོགས་དམངས་ཕན་སྒྲིག་བཀོད146ལྷག་ཙམ་སྒྲིག་སྦྱོར་བྱས་ནས་དབང་བོ་སྐྱོན་ཅན་གྱི་འཚོ་བ་དང་སྡོད་གནས་ཀྱི་ཆ་རྐྱེན་ལེགས་བཅོས་བྱས། དཀའ་ངལ་ཡོད་པའི་བྱིས་པ་དང་གཞིས་སྲུང་བྱིས་པར་དམིགས་ཏེ་མཉམ་འགུལ་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་སློབ་གྲྭས་སེམས་ཁམས་ཁྲིད་སྟོན་དང་སློབ་སྦྱོང་ཟུར་ཁྲིད། དུས་ཆེན་གྱི་འཚམས་འདྲི་དང་བྱམས་སྐྱོང་བཅས་ཀྱི་བྱེད་སྒོ་སྤེལ་བ། བྱམས་སྐྱོང་བྱེད་སྒོ་ཐེངས16སྤེལ་ཅིང་འཚམས་འདྲིའི་དངོས་པོའི་རིན་ཐང་སྒོར་ཁྲི7.3ལྷག་བྱིན། ཕྱོགས་ཡོངས་ནས་ལོ་ནར་མ་སོན་པའི་བྱིས་པ་བདེ་ཐང་གིས་ངང་འཚར་ལོངས་ཡོང་བར་སྲུང་སྐྱོང་བྱས།