网站无障碍
སློབ་སྦྱོང་གི་ལམ་བུ་བསྐྲུན་ནས་སྣེ་ཁྲིད་པ་གསོ་སྐྱོང་བྱས།
发布时间:2026年06月30日 消息来源:

རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

— — རྐང་ཚ་རྫོང་གིས་སྡེ་བསྡེ་ཁུལ“ཨུ་ལྷན་གཉིས”ཀྱི་འགན་འཁུར་བ་གཙོ་བོ་དག་ཧྲན་ཏུང་ལ་སློབ་སྦྱོང་བྱེད་པར་བསྐྱོད་དེ་ནུས་པ་ཆེ་རུ་གཏོང་བར་རྩ་འཛུགས་བྱས།

 གསར་དུ་བསྐོ་བཞག་བྱས་པའི་སྡེ་བསྡེ་ཁུལ“ཨུ་ལྷན་གཉིས”ཀྱིས་མགྱོགས་མྱུར་འགན་འཁྲི་སྒྲུབ་པ་དང་། འཕེལ་རྒྱས་ཀྱི་བསམ་ཕྱོགས་ཇེ་གསལ་དུ་གཏོང་བ། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་ལ་རོགས་རམ་བྱ་ཆེད། རྐང་ཚ་རྫོང་གིས་ལའོ་ཁྲེང-རྐང་ཚར་ཁ་གཏད་རོགས་སྐྱོར་མཉམ་ལས་གྲུབ་འབྲས་གཏིང་ཟབ་ཏུ་གཏོང་བ་དང་། དགོས་མཁོ་ལྟར་སློབ་གསོ་གཏོང་བ་དང་སློབ་སྦྱོང་དང་བེད་སྤྱོད་ཟུང་འབྲེལ་བྱེད་པའིརྩ་དོན་རྒྱུན་འཁྱོངས་བྱས་ཏེ། དངོས་ཡོད་ལས་གནས་སུ་ཞུགས་པ་དང་ཡུལ་དངོས་སུ་སློབ་ཁྲིད་བྱེད་པ། བཞུགས་མོལ་གྲོས་བསྡུར་བྱེད་པ་སོགས་ཀྱི་རྣམ་པ་བརྒྱུད་དེ། ལའོ་ཁྲེང་གི་གཞི་རིམ་ཏང་འཛུགས་སྐྱོང་དང་གྲོང་གསེབ་བཅོས་སྐྱོང་། ཐོན་ལས་འཕེལ་རྒྱས་སོགས་ཀྱི་སྔོན་ཐོན་ཉམས་མྱོང་མ་ལག་ལྡན་པའི་སྒོ་ནས་སློབ་སྦྱོང་བྱས། ཉེ་ཆར། རྫོང་ཡོངས་ཀྱི་སྡེ་བསྡེ་ཁུལ39ཡི“ཨུ་ལྷན་གཉིས”ཀྱི་འགན་འཁུར་བ་གཙོ་བོ་ཁག་བགོས་ནས་སློབ་སྦྱོང་བྱེད་དུ་བཅུག་པ་རེད།

“སྔོན་ལ་གོམ་པ་ཡག་པོ་སྤོས་ནས”ཞིབ་འཇུག་སློབ་སྦྱོང་གི་འགན་ལེན་འབྲེལ་ཐག་ཧྲིལ་པོ་ཇེ་བརྟན་དུ་བཏང་ ཕྱོགས་ཡོངས་ནས་བཀོད་སྒྲིག་དང་ཞབས་ཞུ་ཞིབ་ཚགས་བྱས་ཏེ་སློབ་སྦྱོང་ཞིབ་འཇུག་གི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་རྒྱུར་འགན་ལེན་བྱས་ཤིང་། མཐོ་ས་ནས་སྤྱི་ཡོངས་“ཁ་ཕྱོགས་གཏན་འཁེལ་བྱས། ཆེད་དོན་ལས་ཀའི་ཆེད་དོན་འཛིན་གྲྭ་བཙུགས་ནས་མི་སྣ་འདེམས་གཏོང་དང་། འགྲོ་སྐྱོད་བཀོད་སྒྲིག་གྲུབ་འབྲས་གཞན་སྒྱུར་སོགས་ཀྱི་ལས་དོན་ཁག་གཅིག་གྱུར་འཆར་འགོད་བྱས་ཏེ་རིམ་པ་བཞིན་དོན་འཁྱོལ་དམ་འཛིན་བྱེད་པའི་བྱ་བའི་མ་ལག་བཙུགས། རྫོང་ཨུའི་འགོ་ཁྲིད་ཀྱིས་སྐུལ་སློང་བྱས་ཏེ། སློབ་མ་རྣམས་ཀྱིས་གནད་དོན་ཁྱེར་ནས་སློབ་སྦྱོང་དང་། དངོས་ཡོད་དང་འབྲེལ་ནས་རྟོགས་པར་བྱེད་དགོས་པར་ཁྲིད་སྟོན་བྱས་པར་མ་ཟད་ནན་བཤད་ཀྱང་བྱས། གནད་ལ་འཁེལ་བའི་སྒོ་ནས་ལམ་བུ་གསལ་བོ་བསྟན། ཆེད་དོན་ཇུས་གཞི་བཟོས་ནས“ཚོད་ལྟ་སྔོན་བགྲོད་དང་ཁག་བགོས་སྐུལ་འདེད་གཏོང་བའི”རྩ་དོན་གཞིར་བཟུང་ཞིབ་འཇུག་སློབ་སྦྱོང་གི་ཐེངས་གྲངས་དབྱེ་ནས ལའོ་ཁྲེང་གྲོང་ཁྱེར་གྱི་ཏང་འཛུགས་སྐྱོང་བརྩན་པ་དང་བཅོས་སྐྱོང་ལེགས་པ། ཐོན་ལས་བཟང་བའི་སྡེ་བ་དང་སྡེ་ཁུལ་ཁག་གཅིག་འདེམས་སྒྲུག་བྱས་ཏེ། སློབ་སྦྱོང་བྱེད་ཡུལ་དུ་བྱས་ནས་སློབ་སྦྱོང་གི་ནང་དོན་དངོས་དང་མཐུན་པ། ཉམས་མྱོང་སློབ་སྦྱོང་བྱེད་ཆོག་པ་དང་བེད་སྤྱོད་ཐུབ་པར་བྱས། སེམས་བདེ་བའི་འགན་སྲུང་གིསརྒྱབ་སྐྱོར་བྱེད་ཤུགས་ཆེནབྱས། རོགས་སྐྱོར་ཆེད་སྤྱོད་མ་དངུལ་སྒོར་ཁྲི25བརྩོན་ལེན་བྱས་ནས། མ་དངུལ་བེད་སྤྱོད་དོ་དམ་ཚད་ལྡན་དུ་བཏང་སྟེ། ཆེད་དངུལ་ཆེད་སྤྱོད་དང་ཕྱོགས་ཡོངས་ནས་ལྟ་སྐུལ་བྱས། ས་གནས་གཉིས་ཀྱིས་སྔོན་ལ་གྲོས་མོལ་བྱས་ནས་འགྲོ་སྐྱོད་བཀོད་སྒྲིག་དང་བཟའ་བཏུང་སྡོད་གནས། མི་ལུས་ཉེན་སྲུང་སོགས་ཀྱི་ལས་དོན་དོན་འཁྱོལ་བྱས་ཏེ། རྒྱབ་ཕྱོགས་ཞབས་འདེགས་ཧུར་ཐག་ཞུས་ནས་སློབ་མ་སེམས་བདེ་པོའི་ངང་སློབ་སྦྱོང་བྱེད་དུ་བཅུག་པ་རེད།

གཞན་གྱི་ལེགས་ཆ་བླངས་ནསལས་འགན་སྒྲུབ་པའི་ནུས་པ་སྦྱོང་བརྡར་བྱས སྣ་མང་ཅན་གྱི་སློབ་སྦྱོང་གཞི་རྟེན་བསྐྲུན་ནས་སློབ་མས་དམིགས་ཚད་སློབ་སྦྱོང་སྐབས་མཐོང་རྒྱ་ཆེ་རུ་གཏོང་བ་དང་ཞན་ཆ་གསབ་རྒྱུར་སྐུལ་འདེད་བཏང་། བླ་སྲོག་དམར་པོ་སྐྲུན་པརཐོག་མའི་བསམ་འདུན་སྲུངདགོས། གསར་བརྗེའི་སློབ་གསོ་དེ་ཞིབ་འཇུག་སློབ་སྦྱོང་གི་སློབ་ཚན་དང་པོར་བརྩིས་ནས་སློབ་མ་སྒྲིག་འཛུགས་བྱས་ཏེ་བློ་མཐུན་ཁུང་ཧྥན་སེན་དྲན་གསོ་ཁང་དུ་བསྐྱོད་དེ་ཡུལ་དངོས་སུ་སློབ་ཁྲིད་བྱས་ནས་མིག་དཔེའི་སྙིང་སྟོབས་ཚོར་བ་དང་དམངས་ཆེད་ཀྱི་བརྩེ་སེམས་ཟབ་ཏུ་བཏང་སྟེ་འགན་འཁྲི་འཁུར་སེམས་དང་ཞབས་ཞུའི་འདུ་ཤེས་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་བཏང་། འཛིན་གྲྭ་དང་མཉམ་དུསློབ་སྦྱོང་བྱེད་ཐབས་ངོ་མསློབ་སྦྱོང་བྱེད་དགོས། དབྱིངས་ཞུགས་རྣམ་པའི་ལས་གནས་དང་བསྟུན་པའི་ཐབས་ལམ་སྤྱད་དེ་སློབ་མ་རྣམས་སྡེ་བའི་རྒྱུན་ལྡན་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་ཞུགས་པ་དང་། བར་ཐག་མེད་པར་ཏང་འཛུགས་སྐྱོང་ཚད་ལྡན་ཅན་དུ་འགྱུར་བའི་འཛུགས་སྐྲུན་དང་། དྲ་མིག་ཅན་དུ་འགྱུར་བའི་བཅོས་སྐྱོང་། དམངས་བདེ་ཞབས་ཞུ། ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སོགས་ཀྱི་དངོས་སྦྱོང་བྱེད་ཐབས་སློབ་སྦྱོང་བྱས་ཏེ། སྔོན་ཐོན་ས་ཁུལ་གྱི་གནད་སྨིན་འཐུས་ཚང་གི་བྱ་བའི་རྣམ་པ་ཁོང་དུ་ཆུད་པར་བྱས། གྲོས་བསྡུར་དང་སྤེལ་རེས་བྱས་ཏེདཀའ་གནད་སེལ ཉིན་རེའི་བསམ་གཞིགས་དང་གཟའ་འཁོར་རེའི་ཞིབ་འཇུག མཐར་ཕྱིན་ཁར་ཕྱོགས་བསྡོམས་བཅས་ཀྱི་སློབ་སྦྱོང་ལམ་སྲོལ་འཛུགས་པ་དང་། ས་གནས་གཉིས་ཀྱི་གཞི་རིམ་ལས་བྱེད་པ་ངོ་ཐུག་གདོང་འཕྲད་ཀྱིས་སྤེལ་རེས་སྒྲིག་འཛུགས་བྱས་ཏེ། བཅོས་སྐྱོང་གི་དཀའ་གནད་ཐུན་མོང་ཐོག་གྲོས་བསྡུར་དང་། བྱ་བའི་ཐབས་རྩལ་ཕན་ཚུན་སྤེལ་རེས་བྱེད་པ། བསམ་བློའི་གདོང་གཏུག་ཁྲོད་འཕེལ་རྒྱས་ཀྱི་བསམ་ཕྱོགས་རྒྱ་ཆེར་བཏང་།

གསུང་རབལེགས་པར་བེད་སྤྱོད་བྱས་ཏེ། འཁོར་སྐྱོད་རྣམ་པས་གཞི་རིམ་འཕེལ་རྒྱས་ལ་ནུས་པ་བསྩལ འཁོར་སྦྲེལ་དོ་དམ་ལམ་སྲོལ་འཐུས་ཚང་དུ་བཏང་ནས་ཞིབ་འཇུག་སློབ་སྦྱོང་གི་གྲུབ་འབྲས་དོན་འཁྱོལ་དང་ཕན་འབྲས་ཐོན་པར་སྐུལ་འདེད་ཤུགས་ཆེན་བཏང་། དོ་དམ་ནན་པོ་དང་རྒྱུགས་ལེན་ནན་པོ་བྱས་ནསསློབ་སྦྱོང་ངོ་མར་སྐུལ་འདེདབཏང་། ཞིབ་འཇུག་སློབ་སྦྱོང་གི་སྒྲིག་ཁྲིམས་བླང་བྱ་ཁ་གསལ་བཟོས་ནས་སློབ་མར་སྒྲིག་སྲོལ་ལམ་ལུགས་ནན་པོ་སྲུང་བ་དང་སྤྱོད་ཚུལ་གྱི་མཐའ་ཚད་ནན་པོ་སྲུང་རྒྱུར་སྐུལ་འདེད་གཏོང་དགོས། ཞིབ་འཇུག་སློབ་སྦྱོང་གི་དུས་རིམ་རེ་རེའི་མཇུག་རྫོགས་རྗེས། ཞིབ་འཇུག་སློབ་སྦྱོང་ལ་ཞུགས་མཁན་གྱིས་ལས་གནས་དངོས་དང་ཟུང་འབྲེལ་བྱས་ནས་ཞིབ་འཇུག་སློབ་སྦྱོང་གི་ཉམས་མྱོང་ཕྱོགས་བསྡོམས་དང་ཞིབ་འཇུག་སློབ་སྦྱོང་གི་སྙན་ཞུ་འབྲི་བ། སྦྱངས་ཟིན་པའི་ཤེས་བྱ་ཕྱོགས་བསྡོམས་བྱེད་པ། རང་སྡེ་བའི་ལས་དོན་སྒྲུབ་ཐབས་གསར་པ་འཆར་འགོད་བཅས་བྱེད་དགོས། གྲུབ་འབྲས་མཉམ་སྤྱོད་བྱས་ཏེཕན་འབྲས་རྒྱ་སྐྱེད་བཏང དུས་བཀག་ལྟར་གྲུབ་འབྲས་ཁག་བགོས་ལོངས་སྤྱོད་ཚོགས་འདུ་འཚོགས་ནས་ཞིབ་འཇུག་སློབ་སྦྱོང་གི་ལས་བྱེད་པས་ཉམས་མྱོང་དང་བྱེད་ཐབས་སྤེལ་རེས་བྱས་ཏེམི་གཅིག་སྦྱོང་བརྡར་ནང་ཞུགས་པ་དང་ལས་བཟོ་ཡོངས་ལ་ཕན་པ་ཐོབ་པམངོན་འགྱུར་ཡོང་བར་བྱས། དེ་དང་ཆབས་ཅིག་ཕུལ་བྱུང་སློབ་མ་རྫོང་ཨུའི་ཏང་གི་སློབ་གྲྭའི་འཛིན་གྲྭ་གཙོ་བོར་སློབ་ཁྲིད་བྱེད་པར་གདན་དྲངས་ནས་གསོན་ཉམས་དོད་པའི་ཡུལ་དངོས་ལག་ལེན་གྱི་ཉམས་མྱོང་དེ་ཏང་ཡོན་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་སློབ་གཞིར་འགྱུར་བར་བྱས། འདྲ་བཟོ་བྱས་ཆོག་པའི་སྔོན་ཐོན་ཉམས་མྱོང་རྫོང་ཁོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ལེགས་འགྱུར་དོན་འཁྱོལ་བྱས་ཏེ་ཕྱི་ཕྱོགས་ཀྱི་བྱེད་སྟངས་རང་ས་ཅན་དང་ཁྱད་ཆོས་ཅན་དུ་འགྱུར་བར་སྐུལ་འདེད་བཏང་། ཕུགས་ཕན་མཉམ་སྐྲུན་གྱིསཕུགས་ཕན་དོན་གཉེརབྱེད་དགོས། ཐེངས་འདིའི་ཞིབ་འཇུག་སློབ་སྦྱོང་གོ་སྐབས་སུ་བྱས་ཏེ་ས་གནས་གཉིས་ཀྱི་སྡེ་བ་དང་མཉམ་ལས་ཁང་གིས་རྒྱུན་རྣམ་ཅན་གྱི་ཆ་སྒྲིག་མཉམ་སྐྲུན་འབྲེལ་བ་འཛུགས་རྒྱུར་སྐུལ་འདེད་བཏང་ནས་ཤེས་ལྡན་མི་སྣའི་དབར་ཕན་ཚུན་འཚམས་འདྲི་དང་ཉམས་མྱོང་བརྗེས་རེས། ཐོན་ལས་མཉམ་ལས་བྱེད་པར་སྐུལ་འདེད་བཏང་། དེ་དང་ཆབས་ཅིག་ཕྱིར་སྐྱོད་ལས་གནས་དང་ཞིབ་འཇུག་སློབ་སྦྱོང་བྱ་རྒྱུ་དེ་གཞི་རིམ་ལས་བྱེད་པའི་རྒྱུན་རྣམ་ཅན་གྱི་གསོ་སྦྱོང་ནང་དོན་ནང་བཅུག་ནས་བྱང་ཚད་མཐོ་བ་དང་འཇོན་ཐང་ཡོད་པའི་གཞི་རིམ་གྱིསྣེ་ཁྲིད་པའིདཔུང་ཁག་རྒྱུན་མཐུད་ངང་འཛུགས་སྐྱོང་བྱས།

རྗེས་ཕྱོགས་སུ། རྐང་ཚ་རྫོང་གིས་མུ་མཐུད་དུ་ཧྲན་ཏུང་དང་མཚོ་སྔོན་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ། རྗེས་མཐུད་ཀྱི་དུས་རིམ་ཁག་གི་ལས་གནས་སུ་སློབ་སྦྱོང་བྱེད་པའི་ལས་དོན་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ་དང་། རྒྱུན་མཐུད་ངང་སློབ་སྦྱོང་གི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། སློབ་སྦྱོང་གི་ཕན་འབྲས་དེ་གཞི་རིམ་ཏང་འཛུགས་སྤུས་ཚད་མཐོ་རུ་གཏོང་བ་དང་གྲོང་གསེབ་བཅོས་སྐྱོང་ཕན་འབྲས་ཆེ་རུ་གཏོང་བ། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ལག་ལེན་དངོས་སུ་བསྒྱུར་ནས། རྫོང་ཡོངས་ཀྱི་གཞི་རིམ་ལས་དོན་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་རྩ་འཛུགས་ཀྱི་རྨང་གཞི་བརྟན་པོ་འདིང་རྒྱུ