རྐང་ཚ་རྫོང་གིས་བྱེད་ཐབས་ལྔ་སྤྱད་དེ་མཐའ་འཚོང་བཏུང་ཇའི་ཆེད་དོན་བཅོས་སྒྲིག་ལས་དོན་ལ་སྐུལ་འདེད་བཏང་།
发布时间:2026年07月01日
消息来源:
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ད་ལོ་ནས་བཟུང་། རྐང་ཚ་རྫོང་གིས་མཐའ་འཚོང་བཏུང་ཇའི་གཅིག་སྡུད་བཅོས་སྒྲིག་ལས་དོན་གྱི་བཀོད་སྒྲིག་ལ་དམ་པོར་གཞིགས་པ་དང་། རོང་འབྲོག་མང་ཚོགས་ཀྱི་བཟའ་བཏུང་བདེ་ཐང་ལ་དམིགས་ཏེ། འབྱུང་རྩ་དོ་དམ་ཚོད་འཛིན་དང་གསོག་འབོར་བརྗེ་བ། བདེ་ཐང་ལྟ་ཞིབ་ཚད་ལེན། དྲིལ་སྒྲོག་ཁྲིད་སྟོན་བཅས་ཀྱི་སྦྲེལ་ཐག་ཧྲིལ་པོའི་བཅོས་སྒྲིག་བྱེད་སྟངས་བཏོད་དེ། མཐའ་འཚོང་ཇ་ཁྲོམ་རའི་ལས་གཉེར་སྒྲིག་ལམ་རྒྱུན་མཐུད་ངང་ཚད་ལྡན་དུ་བཏང་ནས་རོང་འབྲོག་མང་ཚོགས་ཀྱི་བཟའ་བཅའི་བདེ་འཇགས་སྲུང་རགས་བརྟན་པོ་ཡོང་བར་བྱས།གོང་རིམ་ནས་གཅིག་གྱུར་འཆར་འགོད་ཀྱིས་འགན་འཁྲི་ཏན་ཏིག་བཟོས་ནས་ཁྱབ་ཁོངས་ཡོངས་བཅོས་སྐྱོང་གི“འགན་འཁྲིའི་དྲ་བ”ཚགས་དམ་པོར་བཏང་།གོང་རིམ་ཇུས་འགོད་ལ་ཤུགས་བསྣན་ནས་མཐའ་འཚོང་ཇ་བཅོས་སྐྱོང་བྱ་རྒྱུ་དེ་གཙོ་གནད་དམངས་ཚིས་ལས་གྲྭའི་ཁྲོད་བཞག་ནས་རྒྱུན་རྣམ་ཅན་གྱི་བཀོད་གཏོང་ལམ་སྲོལ་བཙུགས་ཤིང་། རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ཟླ་རེར་ཆེད་དོན་ཞིབ་འཇུག་བཀོད་སྒྲིག་དང་བཅོས་སྐྱོང་ཇུས་གཞི། སྡེ་ཁག་མཉམ་འགུལ་བྱེད་ཐབས་ཞིབ་ཕྲ་བཟོས་ནས་ཁོངས་གཏོགས་ས་གནས་དང་ལས་རིགས། གཙོ་གཟུགས་བཅས་ཕྱོགས་གསུམ་གྱི་འགན་འཁྲི་གསལ་བོར་བཟོས་ཏེ། སྣ་མང་མཐུན་སྦྱོར་དང་མཉམ་དུ་དོ་དམ་གྱི་བྱ་བའི་མ་ལག་བཙུགས་ཤིང་། དུས་ཐོག་ཏུ་ཆེད་དོན་བཅོས་སྐྱོང་མགོ་ཁྲིད་ཚོགས་ཆུང་བཙུགས། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་དང་འཐབ་ཕྱོགས་གཅིག་གྱུར་སྡེ་ཁག་གི་འགན་འཁུར་བློ་མཐུན་གཙོ་བོའི་ཚན་གཙོ་གཉིས་ལྡན་གྱི་ལམ་ལུགས་དང་མགོ་ཁྲིད་ལས་བྱེད་པའི་འགན་ལེན་གཉིས་ལྡན་མཉམ་འབྲེལ་གྱི་བྱ་བའི་ལམ་སྲོལ་ཁྱབ་གདལ་དུ་བཏང་སྟེ། བྱ་བའི་མྱུར་ཚད་དང་དོན་འཁྱོལ་ཕན་འབྲས་ཀྱི་བརྒྱུད་རིམ་ཧྲིལ་བོར་དོ་སྣང་ཆེན་པོ་བྱས་ནས་རིམ་པ་རེ་རེ་བཞིན་བརྒྱུད་ཁྲིད་དང་དམ་འཛིན་བྱེད་པའི་འགན་འཁྲི་བགོས་ཏེ། ཆེད་དོན་བཅོས་སྐྱོང་དོན་ཐོག་ཏུ་འཁྱོལ་ནས་ཕན་འབྲས་ཐོན་པར་འགན་ལེན་བྱས། འབྱུང་རྩའི་དོ་དམ་ཚོད་འཛིན་དང་ཁུངས་འདེད་བཅོས་སྒྲིག་བྱས་ཏེ་ཁྲོམ་རའི་ཞུགས་འཐུས་ཀྱི“མེ་འགོག་གྱང”བརྟན་པོ་བསྐྲུན།འཁོར་རྒྱུག་ཉེན་ཁ་དང་བྱུར་རྐྱེན་ལ་དམིགས་ནས“དྲ་ཚིགས་གཏན་འཁེལ་གྱིས་འཚོང་བ་དང་ཆེད་སྒྲོམ་ཆེད་གཉེར་བྱེད་པ། བརྒྱུད་རིམ་ཧྲིལ་བོར་ཁུངས་འདེད་བྱེད་པ”བཅས་ཀྱི་ལྟ་སྐུལ་དོ་དམ་བྱེད་སྟངས་ཁྱོན་ཡོངས་ནས་ཁྱབ་གདལ་བཏང་བ་དང་། ས་ཁོངས་ཡོངས་ལ་གྲལ་བཤེར་བྱས་ཏེ། རྫོང་ཡོངས་ཀྱི་མཐའ་འཚོང་ཇ་ཚོང་གཉེར་ཁྱིམ་ཚང147གྱི་མཛོད་ཉར་དང་ཚོང་ཟོག་འདྲེན་ལམ། ཕྱིར་འཚོང་བྱེད་ས་བཅས་རེ་རེ་བཞིན་ཞིབ་བཤེར་བྱས་ནས“ཁྱིམ་ཚང་རེ་དང་ཐོན་རྫས་རེ་ལ་ཡིག་ཚགས་རེ”ཡི་ལྟ་སྐུལ་དོ་དམ་རྩིས་ཐོ་བཟོས་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ཧྥུལ་འདུས་ཚད་ཉུང་བའི་མཐའ་འཚོང་བཏུང་ཇ་ཕྱིར་ཚོང་དྲ་ཚིགས50བཀོད་སྒྲིག་བྱས་ཏེ། བཤམས་སྟོན་དང་འགྲེམས་སྤེལ། རིན་གོང་གསལ་འགོད། དཔང་ཡིག་དང་ཞིབ་དཔྱད་ཚད་ལེན་སྙན་ཞུ་ཡོངས་བསྒྲགས་བཅས་བྱས་ནས་མང་ཚོགས་ཀྱིས་དབྱེ་འབྱེད་དང་འདེམས་ཉོ་བྱ་རྒྱུར་སྟབས་བདེ་བསྐྲུན། དེ་དང་ཆབས་ཅིག་གཉེར་སྐྱོང་བྱེད་པོས་ཚོང་ཟོག་ནང་འདྲེན་ཞིབ་བཤེར་དང་ལག་ཁྱེར། འཛིན་ཡིག་ལེན་པའི་ལམ་ལུགས་ནན་མོ་བྱས། མིག་སྔར་རྫོང་ཡོངས་སུ་རིམ་རྩིས་བྱས་ན་ཚད་གཞི་མ་ལོན་པའི་ཧྥུལ་འདུས་ཚད་མཐོ་བའི་མཐའ་འཚོང་བཏུང་ཇ3123བཀག་སྡོམ་ཉར་ཚགས་བྱས་ཤིང་། རྩ་བ་ནས་ཉེན་ཁ་མེད་པར་བཟོས་ཡོད། རྙིང་ཚབ་གསར་བརྗེའི་བྱེད་ཐབས་གསར་གཏོད་བྱས་ཏེ་ཁྱིམ་ཚང་གི“ཉེན་ཁ་ཆེ་བའི་ཇ”ཕྱོགས་ཡོངས་ནས་གཙང་སེལ་བྱས།མང་ཚོགས་ཀྱིས་ཚད་ལས་བརྒལ་བའི་སྤུས་ཞན་གྱི་མཐའ་འཚོང་བཏུང་ཇ་ཉར་ཚགས་བྱས་པའི་གནད་དོན་ལ་དམིགས་ཏེ། མཐའ་འཚོང་བཏུང་ཇ“རྙིང་ཚབ་གསར་བརྗེའི”ལས་དོན་སྤེལ་ནས་གཅིག་སྡུད་གྱིས་བསྡུ་ལེན་བྱེད་པའི་ས་ཚིགས6བཙུགས་ཤིང་། གསར་བརྗེའི་ཚད་གཞི་དང་བརྒྱུད་རིམ། ལས་བགོས་བཅས་ལག་བསྟར་གོ་རིམ་ཁ་གསལ་བཟོས་ནས་མང་ཚོགས་ཀྱི་ལག་ཏུ་ཡོད་པའི་རྒྱལ་ཁབ་ཀྱི་ཚད་གཞི་དང་མི་མཐུན་པའི་ཧྥུལ་འདུས་ཚད་མཐོ་བའི་མཐའ་འཚོང་བཏུང་ཇ་དེ་ཚད་ལྡན་གྱི་ཧྥུལ་འདུས་ཚད་ཉུང་བའི་ཐོན་རྫས་སུ་གཅིག་གྱུར་ངང་བརྗེས་ཤིང་། རིམ་རྩིས་བྱས་པ་ལྟར་ན་ཇ་བག1000ལྷག་གསར་བརྗེས་བྱས་པ་དང་། ཚུར་བསྡུའི་གནད་དོན་ཡོད་པའི་བཏུང་ཇ་ལ“ཚུར་བསྡུ་དང་ཐོ་འགོད། བཀག་སྡོམ་ཉར་ཚགས། ཐག་གཅོད”བཅས་ཀྱི་བརྒྱུད་རིམ་ཧྲིལ་བོའི་ལོགས་བཀར་དོ་དམ་བྱས་ནས་ཐེངས་གཉིས་པར་ཕྱིར་བཀྲམ་པར་སྔོན་འགོག་ནན་མོ་བྱས། མཐའ་འཚོང་ཇ་ལོ་རེའི་ཟས་རིགས་བདེ་འཇགས་ཀྱི་གཙོ་གནད་ཞིབ་བཤེར་ནང་བཅུག་པ་དང་། ཞིབ་བཤེར་ཐེངས་མང་དང་ཁྱབ་རྒྱ་ཆེ་རུ་བཏང་སྟེ། ཧྥུལ་འདུས་ཚད་ཀྱི་དམིགས་ཚད་གཙོ་གནད་ཐོག་ཞིབ་དཔྱད་ཚད་ལེན་བྱས་ཤིང་། རིམ་རྩིས་ལྟར་ན་མགྱོགས་མྱུར་ཞིབ་དཔྱད་ཚད་ལེན་ཁག་ཐེངས51དང་ཕྱོགས་གསུམ་པའི་ཞིབ་དཔྱད་ཚད་ལེན་ཁག་ཐེངས52ལེགས་གྲུབ་བྱུང་ནས་ཞིབ་བཤེར་ནན་མོ་བྱས།སྤྱི་བའི་འཕྲོད་བསྟེན་ཞབས་ཞུ་མཉམ་འདྲེས་བྱས་ནས་བདེ་ཐང་སྲུང་སྐྱོབ་བྱས།འགོག་བཅོས་ཟུང་འབྲེལ་དང་སྔོན་འགོག་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། མཐའ་འཚོང་བཏུང་ཇ་བཅོས་སྐྱོང་དང་དམངས་ཡོངས་ཀྱི་བདེ་ཐང་བརྟག་དཔྱད་མཉམ་འདྲེས་བྱས། ཇ་བག་རྒྱུན་འཐུང་བྱེད་མཁན་ཚོར་དམིགས་ཏེ། ཧྥུལ་གྱིས་སོ་སེར་བོར་གྱུར་བ་དང་རུས་སོབ་བྱུང་བ་སོགས་ལ་རིན་མེད་ཀྱིས་བརྟག་དཔྱད་བྱས་པ་དང་། རྫོང་ཁོངས་ཀྱི་ལོ8ནས12བར་གྱི་བྱིས་པའི་སོ་ཧྥུལ་གྱིས་སེར་བོར་གྱུར་བར་ཁྱོན་ཡོངས་ལ་བརྟག་དཔྱད་བྱས་པ་དང་ལོ25ཡན་གྱི་རྒྱུན་སྡོད་སྡེ་དམངས་ལ་ནད་ཐོག་སྨན་བཅོས་བརྟག་དཔྱད་དང་ཆུ་བརྟག་གི་མ་དཔེ་བླངས་ནས་གཅིག་ཀྱང་མ་ལུས་པར་བརྟག་དཔྱད་བྱས་ཤིང་། གཙོ་གནད་མི་ཚོགས་ལ་བདེ་ཐང་ཡིག་ཚགས་དང་བཏུང་ཇའི་རྩིས་ཐོ་བཟོས་ལ། ཉེན་ཁ་ཆེ་བའི་མི་ལ་རྒྱུན་རྣམ་ཅན་གྱི་རྗེས་འདེད་དང་ནད་བཅོས་བྱས་པ་དང་། རང་འགུལ་གྱིས་སྔོན་འགོག་བྱེད་པའི་ཕྱོགས་སུ་བསྒྱུར་རྒྱུར་སྐུལ་འདེད་བཏང་ནས་རོང་འབྲོག་མང་ཚོགས་ཀྱི་ལུས་ཕུང་བདེ་ཐང་ལ་ཕྱོགས་ཡོངས་ནས་སྲུང་སྐྱོབ་བྱས།སྐད་གཉིས་དྲིལ་སྒྲོག་ཁྲིད་སྟོན་གཏིང་ཟབ་ཏུ་བཏང་ནས་བདེ་འཇགས་ངང་ཇ་འཐུང་བའི“འདུ་ཤེས”ཡག་པོ་ཆགས་སུ་བཅུགརྐང་ཚ་རྫོང་གི་དོན་དངོས་ལ་གཞིགས་ནས་མང་ཚོགས་ཀྱིས་མཐོང་འདོད་ཆེ་བའི་རྣམ་པའི་ཐོག་ནས་ཚན་རིག་ཁྱབ་གདལ་དྲིལ་སྒྲོག་བྱས་ཤིང་། སྐད་གཉིས་ཀྱི་དྲིལ་སྒྲོག་ལག་དེབ་དང་སྦྱར་ཡིག བརྙན་ཐུང་སོགས་དྲིལ་སྒྲོག་རྒྱུ་ཆ་བཟོས་ཏེ། ཁ་གསལ་གོ་བདེའི་སྒོ་ནས་ཧྥུལ་འདུས་ཚད་མཐོ་བའི་མཐའ་འཚོང་ཇའི་གནོད་འཚེ་དང་ཐོན་རྫས་དབྱེ་འབྱེད་ཐབས་རྩལ་སོགས་ཀྱི་ཤེས་བྱ་འགྲེལ་བཤད་བརྒྱབ། ལས་བྱེད་པ་དང་ཁྲིམས་འཛིན་མི་སྣ། སྡེ་བའི་མགོ་ཁྲིད་བཅས་ཀྱིས་གྲུབ་པའི་སྒྲོག་འགྲེལ་ཚན་ཁག་བཙུགས་ནས་ཁྱིམ་ཚང་དུ་སོང་ནས་མང་ཚོགས་ལ་སྒྲོག་འགྲེལ་བྱས་ཤིང་། ཡུལ་དངོས་སུ་བཏུང་ཇར་མགྱོགས་མྱུར་གྱིས་ཞིབ་དཔྱད་ཚད་ལེན་བྱ་ཐབས་ཁྲིད་དེ་མང་ཚོགས་ཀྱི་ཤེས་བྱའི་ཆུ་ཚད་ཇེ་ཟབ་ཏུ་བཏང་། 12315ལྟ་སྐུལ་ཐེར་འདོན་གྱི་ཐབས་ལམ་ཤར་གཏོང་བྱས་པ་དང་། སྡེ་བ་དང་ཕྱིར་ཚོང་དྲ་ཚིགས་སུ་ཞུ་གཏུགས་བྱེད་སྟངས་དང་ཚད་ལྡན་ཐོན་རྫས་ཀྱི་གསལ་ཐོ་ཡོངས་བསྒྲགས་བྱས་ཤིང་། མང་ཚོགས་རང་འགུལ་ངང་ལྟ་སྐུལ་ནང་ཞུགས་རྒྱུར་ཁྲིད་སྟོན་བྱས་ཏེ་ཐུན་མོང་བཅོས་སྐྱོང་མཉམ་སྤྱོད་ཀྱི་བཅོས་སྐྱོང་རྣམ་པ་བསྐྲུན།