མཚོ་བྱང་རྐང་ཚས་སྲིད་དོན་ཞབས་ཞུའི་སྤུས་ཚད་མཐོར་འདེགས་དང་ཚོང་གཉེར་ཁོར་ཡུག་བསྐྲུན་ནས་འཕེལ་རྒྱས་ལ་སྐུལ་འདེད་བཏང་།
རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ད་ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་སྲིད་དོན་ཞབས་ཞུ་ཚོམས་ཆེན་གྱིས་རྫོང་ཡོངས་ཀྱི་ཚོང་གཉེར་ཁོར་ཡུག་ལེགས་བཅོས་བྱེད་པའི་ལས་དོན་བཀོད་སྒྲིག་ལ་དམ་པོར་དམིགས་ནས། སྲིད་དོན་ཞབས་ཞུའི་ཚད་གཞི་ཅན་དང་ཚད་ལྡན་ཅན། སྟབས་བདེ་ཅན་བཅས་ཀྱི་དམིགས་འབེན་ཆེན་པོ་གསུམ་ལ་གཞིགས་ནས། ཞབས་ཞུའི་ཞན་ཆ་ཁ་གསབ་དང་ལས་རིམ་ལེགས་སྒྱུར། གྲངས་འཛིན་ཅན་གྱི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་པ་དང་། ཁེ་ལས་དང་མང་ཚོགས་ཀྱི་ལས་དོན་སྒྲུབ་དཀའ་བའི་གནད་དོན་རྒྱུན་མཐུད་ངང་སེལ་ནས། རྫོང་ཡོངས་ཀྱི་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་ནུས་ལྡན་བཏང་བས། སྲིད་དོན་ཞབས་ཞུའི་ཕྱོགས་བསྡུས་ཕན་འབྲས་མངོན་གསལ་གྱིས་ཆེ་རུ་ཕྱིན་ཡོད།

ཚད་ལྡན་ཅན་གྱི་འཛུགས་སྐྱོང་ལ་དམིགས་ནས་སྲིད་དོན་ཞབས་ཞུའི་འཕེལ་རྒྱས་ཀྱི་རྨང་གཞི་ཇེ་བརྟན་དུ་བཏང་། སྲིད་དོན་ཚོམས་ཆེན་གྱིས་ཚད་ལྡན་ཅན་དང་ཞིབ་ཚགས་ཅན་གྱི་ཞབས་ཞུ་དམ་འཛིན་བྱས་ཏེ་སྲིད་དོན་ཞབས་ཞུའི་རྨང་གཞིའི་སྒྲིག་བཀོད་བརྟན་པོ་བཟོས། གཅིག་ནས་སྲིད་དོན་ཞབས་ཞུའི་དོན་གནད་ཕྱོགས་ཡོངས་ནས་གསེད་བཀྲོལ་བྱས་ཏེ། རྫོང་ཡོངས་ཀྱི་ཞིབ་མཆན་འགོད་མཁན་གྱི་འགན་ནུས་སྡེ་ཁག་སོ་སོ་དང་མཉམ་དུ་དུས་བཅད་ལྟར་དོན་གནད་ཀྱི་འགུལ་རྣམ་གྲལ་བཤེར་དང་བསྡུ་སྒྲིལ་ལས་དོན་སྤེལ་བ་དང་། སྲིད་འཛིན་ཆོག་འཐུས་དང་སྤྱི་བའི་ཞབས་ཞུ་སོགས་རྫོང་རིམ་པའི་སྲིད་དོན་ཞབས་ཞུའི་དོན་གནད405གསེད་བཀྲོལ་ཕྱོགས་སྒྲིག་ལེགས་གྲུབ་བྱུང་ཡོད། ཞིང་ཆེན་དང་ཁུལ་གྱི་ཚད་གཞི་ལྟར་གཅིག་གྱུར་སྒོས་དོན་གནད་ཀྱི་མིང་དང་རིགས་དབྱེ་བཅས་ཚད་ལྡན་དུ་བཏང་ནས་རྫོང་ཁོངས་ཀྱི་སྲིད་དོན་ཞབས་ཞུའི་དོན་གནད་ཁྱོན་ཡོངས་ལ་ཁྱབ་པ་དང་ཆད་ལུས་མེད་པ་མངོན་འགྱུར་བྱུང་ཡོད། གཉིས་ནས་ཞིབ་ཚགས་ཀྱིས་སྒྲུབ་གཉེར་ཕྱོགས་སྟོན་རྩོམ་སྒྲིག་བྱས། སྒེའུ་ཁུང་གི་ལས་སྒོའི་རྐང་འཛིན་མི་སྣས་ཞིང་ཆེན་རིམ་པའི་དཔེ་སྟོན་ཚད་གཞི་གཞིར་བཟུང་ནས། གཅིག་གྱུར་གྱིས་རེ་ཞུ་རྒྱུ་ཆ་དང་སྒྲུབ་གཉེར་གོ་རིམ། གྲོན་དངུལ་བསྡུ་བའི་ཚད་གཞི། བློ་འདྲིའི་ཐབས་ལམ་སོགས་ལྟེ་བའི་རྒྱུ་རྐྱེན་ཚད་ལྡན་དུ་བཏང་བ་དང་། སྲིད་དོན་ཞབས་ཞུའི་དྲ་ཚིགས་ལ་བརྟེན་ནས་དུས་ཐོག་ཏུ་ཆ་འཕྲིན་གསར་སྒྱུར་བྱས་ནས། དྲ་ལམ་དང་ཡུལ་དངོས་གཉིས་ཀྱི་སྒྲུབ་གཉེར་ཕྱོགས་སྟོན་གཅིག་གྱུར་ཡོང་བར་འགན་ལེན་བྱས། གསུམ་ནས་དུས་བཀག་ལྟར་སྒྲུབ་གཉེར་ལམ་ལུགས་དོན་འཁྱོལ་ནན་མོ་བྱས་ཏེ། ཕྱོགས་ཡོངས་ནས་སྒྲུབ་གཉེར་དུས་ཚོད་ཐུང་དུ་བཏང་བ་དང་སྒྲུབ་གཉེར་ཟིན་ཐོའི་ལམ་ལུགས་བཙུགས་ཤིང་། དུས་ཐོག་ཏུ་སྒྲུབ་གཉེར་ཆ་འཕྲིན་ཐོ་འགོད་བྱས་ཏེ། རྫོང་ཡོངས་ཀྱི་དུས་བཀག་ནང་གི་སྒྲུབ་གཉེར་དོན་དག་དུས་བཀག་ལྟར་སྒྲུབ་གཉེར་ཐུབ་ཚད100%ཟིན་ལ། སྲིད་དོན་ཞབས་ཞུའི་སྒྲུབ་གཉེར་ཁས་ལེན་ལག་བསྟར་ནན་མོ་བྱས་ཡོད།

ཚད་ལྡན་ཅན་དུ་བསྒྱུར་བར་དམིགས་ནས་གྲངས་འཛིན་གྱིས་ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་མཐོ་རུ་བཏང་། གྲངས་འཛིན་ཅན་གྱི་སྒྱུར་བཅོས་ཀྱིས་སྣེ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། གཞི་གྲངས་ཀྱི་བཀག་རྒྱ་གཏོར་བ་དང་ཞབས་ཞུའི་རྣམ་པ་ལེགས་སྒྱུར་བྱས། གཅིག་ནས་སྡེ་ཁག་བར་གྱི་གཞི་གྲངས་མཉམ་སྤྱོད་གཏིང་ཟབ་ཏུ་བཏང་ནས། ཁྲོམ་རའི་ལྟ་སྐུལ་དོ་དམ་དང་སྤྱི་ཚོགས་འགན་སྲུང་། སྨན་བཅོས་འགན་སྲུང་། རང་བྱུང་ཐོན་ཁུངས་སོགས་གཙོ་གནད་སྡེ་ཁག་དང་སྦྲེལ་མཐུད་བྱས་ཏེ། རྨང་གཞིའི་གཞི་གྲངས་མཉམ་སྤྱོད་བགྲོད་ལམ་ཤར་གཏོང་བྱས་ནས། ཁྱིམ་ཐོ་དང་སྤྱི་ཚོགས་འགན་སྲུང་། བརྟན་ནོར་སོགས་རྒྱུན་སྤྱོད་ཆ་འཕྲིན་སྡེ་ཁག་བར་ནས་ལེན་ཐུབ་པ་མངོན་འགྱུར་བྱས་ཏེ། མང་ཚོགས་དང་ཁེ་ལས་ཀྱིས་རྒྱུ་ཆ་ཡང་ཡང་སྤྲོད་པའི་གནད་དོན་ནུས་ལྡན་ངང་མེད་པར་བཟོས། གཉིས་ནས“སྒེའུ་ཁུང་གཅིག་ནས་གཅིག་འཐུས་སྒྲུབ་གཉེར་དང་དྲ་ལམ་ནས་སྒྲུབ་གཉེར་བྱེད་པ”གཏིང་ཟབ་ཏུ་བཏང་ནས། སྡེ་ཁག31གི་དོན་དག405ཚོམས་ཆེན་གྱི་ཕྱོགས་བསྡུས་སྒེའུ་ཁུང་ནང་དུ་བཅུག་པ་དང་། ཕྱོགས་བསྡུས་སྒེའུ་ཁུང་བཀོད་སྒྲིག་བྱས་ཚད100%ཟིན་ཡོད། བརྒྱུད་རིམ་ཧྲིལ་པོའི་དྲ་ལམ་ནས་སྒྲུབ་གཉེར་དང་ངོ་མ་འཕྲད་པར་ཞིབ་མཆན་འགོད་པར་སྐུལ་འདེད་བཏང་ནས། 2026ལོར་རིམ་རྩིས་བྱས་ན་དོན་དག་སྣ་ཚོགས45105སྒྲུབ་གཉེར་བྱས་པ་དང་དྲ་ལམ་ནས་སྒྲུབ་གཉེར་བྱས་ཚད་བརྟན་པོའི་ངང་འཕར་ཡོད། གསུམ་ནས་གློག་རྡུལ་ལག་ཁྱེར་སྤྱོད་ཡུལ་རྒྱ་སྐྱེད་བཏང་སྟེ། གློག་རྡུལ་ལག་ཁྱེར་སྤྱོད་པའི་དོན་ཚན375གསར་སྣོན་བྱས་པ་དང་། ལས་གཉེར་ལག་ཁྱེར་དང་སྤྱི་ཚོགས་འགན་སྲུང་དཔང་ཡིག་སོགས་རྒྱུན་སྤྱོད་ལག་ཁྱེར་སྤྱོད་ཐུབ་པ་མངོན་འགྱུར་བྱུང་སྟེ། ཤོག་བུའི་རྒྱུ་ཆ་འབོར་ཆེན་ཞིག་ཇེ་ཉུང་དུ་བཏང་ཡོད། དུས་མཚུངས་སུ་ཞབས་ཞུའི་གདེང་འཇོག་དང་དགོས་འདུན་ཐག་གཅོད་ཀྱི་འཁོར་སྐྱོད་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། ཕྱོགས་ཡོངས་ནས་ཕྱོགས་བསྡུས་གདེང་འཇོག་སྒྲིག་ཆས་བཀོད་སྒྲིག་བྱས་པ་དང་། དྲ་ལམ་གདེང་འཇོག་ལམ་བུ་ཤར་གཏོང་བྱས་ཏེ་ཞབས་ཞུའི་གདེང་འཇོག་སྡོམ་པས32864བསྡུས་པ་དང་གདེང་འཇོག་ཡག་པོ་བྱས་ཚད100%ཟིན། ཁེ་ལས་ཀྱི་དགོས་འདུན་ཆེད་སྤྱོད་སྒེའུ་ཁུང་བཙུགས་པ་དང་ཞབས་ཞུའི་ཐད་སྦྲེལ་ཁ་པར་ཤར་གཏོང་བྱས་ཏེ། རྒྱུན་རྣམ་ཅན་གྱི་སྒོ་ནས་སྲིད་གཞུང་དང་ཁེ་ལས། མང་ཚོགས་བར་གྱི་དགོས་འདུན་བསྡུ་རུབ་དང་ཐག་གཅོད་བྱས་ཏེ། ཁེ་ལས་ཀྱི་དགོས་འདུན་སྡོམ་པས1985བདག་སྤྲོད་དང་ཐག་གཅོད་བྱས་ལ། ཐག་གཅོད་བྱས་ཚད་དང་ཡིད་ཚིམ་ཚད་ཚང་མ100%ཟིན་ཏེ། དམངས་ཀྱི་འདོད་བློ་བཤད་སའི་ལམ་བུ་ཤར་གཏོང་བྱས་ཡོད།
སྟབས་བདེ་ཅན་གྱི་རིམ་སྤོར་ལ་དམིགས་ནས། མང་ཚོགས་དང་ཁེ་ལས་ཀྱི་ཐོབ་སྣང་ཆེ་རུ་བཏང་། རྒྱུན་མཐུད་ངང་སྒྱུར་བཅོས་གསར་གཏོད་གཏིང་ཟབ་ཏུ་བཏང་ནས“རྒྱུག་འདུར་ཉུང་ལ་ལས་དོན་མགྱོགས་སྒྲུབ། ལས་དོན་ལེགས་སྒྲུབ”བཅས་མངོན་འགྱུར་གང་ཐུབ་བྱས། གཅིག་ནས་ས་ཁོངས་ཀྱི་ལས་སྒྲུབ་བཀག་རྒྱ་གཏོར་ནས་ས་ཆ་གཞན་དུ་སྨན་བཅོས་ཐོ་འགོད་སྙན་སེང་དང་སྤྱི་ཚོགས་འགན་སྲུང་སྤོ་སྒྱུར་སོགས“ཞིང་བརྒལ་ཡོངས་སྒྲུབ”ཀྱི་འགུལ་ཚད་མཐོ་བའི་དོན་གནད་ལ་དམིགས་ནས་ཉེ་འབྲེལ་ས་ཁུལ་གྱི་སྲིད་དོན་རོགས་ལས་ལམ་སྲོལ་བཙུགས་ཏེ་རིམ་རྩིས་བྱས་ན་ཞིང་བརྒལ་ཡོངས་སྒྲུབ་ཀྱི་ལས་སྒོ28བསྒྲུབས་ནས་ཡུལ་གཞན་ནས་ལས་དོན་སྒྲུབ་ཐུབ་པ་མངོན་འགྱུར་བྱུང་ཡོད། གཉིས་ནས“ལས་ཆོད་ཆེ་བའི་སྒོ་ནས་བྱ་བ་གཅིག་སྒྲུབ་ཐུབ་པའི”སྒྱུར་བཅོས་ལ་སྐུལ་འདེད་བཏང་ནས། ཁེ་ལས་ཀྱི་ལས་གཏོད་དང་བརྟན་ནོར་ཐོ་འགོད། བྱིས་པ་གསར་སྐྱེས། རོང་འབྲོག་པའི་སྡོད་ཁང་འཛུགས་སྐྲུན་གྱི་ཞིབ་མཆན་སོགས་ཀྱི་གནས་ཚུལ་མང་པོར་དམིགས་ཏེ་ཞིབ་མཆན་འགོད་པའི་གོ་རིམ་ལེགས་སྒྲིག་དང་རེའུ་མིག་སྟབས་ཇེ་བདེར་བཏང་ནས། ཕྱོགས་བསྡུས་ཞབས་ཞུའི་རིགས40དོན་འཁྱོལ་བྱས་ནས་དོན་དག་མང་པོ་ཞིག་ལ་མཉམ་འབྲེལ་ཞིབ་མཆན་འགོད་པ་དང་ཐེངས་གཅིག་ལ་སྒྲུབ་ཐུབ་པ་བཅས་བྱས་ཡོད། གསུམ་ནས་ཁེ་ལས་ལ་ཕན་པ་དང་མི་དམངས་ལ་ཕན་པའི་ལམ་སྲོལ་དོན་འཁྱོལ་བྱས་ཏེ། གཞི་གྲངས་ཆེན་མོར་བརྟེན་ནས་ཆ་རྐྱེན་འཛོམས་པའི་ཁྲོམ་རའི་བྱེད་པོ་དང་རོང་འབྲོག་གཉེར་སྐྱོང་ཁྱིམ་ཚང་གནད་འཁེལ་འདེམས་སྒྲུག་བྱས་ཏེ། སྲིད་ཇུས“རེ་ཞུ་མི་དགོས་པར་ལོངས་སྤྱོད་དང་མྱུར་ཞུ་མྱུར་བརྗེའི”ཞབས་ཞུ་ཁྱབ་སྤེལ་བཏང་ནས“ཁེ་ལས་ཀྱིས་སྲིད་ཇུས་འཚོལ་བ”དེ“སྲིད་ཇུས་ཀྱིས་ཁེ་ལས་འཚོལ་བར”བསྒྱུར་ཏེ། སྲིད་ཇུས་སྒྲོག་འགྲེལ་ཐེངས10ལྷག་དང་ཁྱིམ་ཚང་དུ་སྒྲོག་འགྲེལ་ཐེངས200ལྷག་ལ་སོང་ནས་སྲིད་ཇུས་ཀྱི་ཕན་ཁེ་འདོན་སྤེལ་གང་ལེགས་བྱས།