网站无障碍
རྐང་ཚ་རྫོང་གིས་ཚད་གཞི་མཐོན་པོའི་སྒོ་ནས་ཡུལ་ཚོ་དང་གྲོང་རྡལ་གྱི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་།
发布时间:2026年07月10日 消息来源:

རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

ཉེ་བའི་ལོ་ཤས་རིང་། རྐང་ཚ་རྫོང་གིས་ཡུལ་ཚོ་དང་གྲོང་རྡལ་གྱི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་འཛུགས་སྐྲུན་ལ་གཞིགས་ནས། ལག་བསྟར་སྒྲིག་འཛུགས་དང་འགན་ནུས་ངེས་གནས། འཁོར་སྐྱོད་བརྒྱུད་རིམ། དངོས་འཐབ་སྤྱོད་གོ་ཆོད་པ་སོགས་ལྟེ་བའི་ཚད་གཞི་དམིགས་སུ་བཟུང་ནས། ཡུལ་ཚོ་དང་གྲོང་རྡལ་གྱི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་དེ“འཛུགས་སྐྲུན་རྐྱང་བ”ནས“བེད་སྤྱོད་ཡག་པོ”བྱེད་པར་བསྒྱུར་བར་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་གི་དངོས་འཐབ་རྟེན་གཞི་རྒྱུན་མཐུད་ངང་ཇེ་བརྟན་དུ་བཏང་སྟེ། དབང་འགན་གསལ་བོ། མཉམ་ལས་ནུས་ལྡན། སྣ་མང་མཉམ་སྐྱོང་བཅས་ཀྱི་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་མ་ལག་འཛུགས་པར་རྨང་གཞི་བརྟན་པོ་བཏིང་ཡོད།

གཅིག་གྱུར་འཆར་འགོད་བྱེད་པར་དམིགས་ནས། ཚད་གཞི་མཐོན་པོས་གཞི་ཁྱོན་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་། མ་ལག་འཆར་འགོད་དང་དམིགས་ཚད་སྐུལ་འདེད་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་འཛུགས་སྐྲུན་གྱི་རྨང་གཞི་ཕྱོགས་ཡོངས་ནས་ཇེ་བརྟན་དུ་གཏོང་ཆེད། རྫོང་ཨུའི་ལས་བགོས་མགོ་ཁྲིད་ཀྱིས་སྔོན་ལ་བཀོད་འདོམས་བྱས་ཏེ་ཡུལ་དངོས་སུ་རྟོག་ཞིབ་དང་འཛུགས་སྐྲུན་གྱི་ཞན་ཆ་གནད་ལ་འཁེལ་བའི་ངང་འཚོལ་ཞིབ་བྱས་པ་དང་། ཡུལ་ཚོ་དང་གྲོང་རྡལ་གྱི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་སྒྱུར་བཀོད་རིམ་སྤོར་གྱི་ཞིབ་ཕྲའི་བྱ་བའི་བླང་བྱ་ཁ་གསལ་བཟོས་ཡོད། དུས་མཚུངས་སུ་རྫོང་ཨུའི་སྲིད་ཁྲིམས་ཨུ་ལྷན་གྱིས་སྐུལ་འདེད་གཏོང་བ་དང་། རྫོང་ཁྲིམས་འཛིན་ཅུ་ཡིས་ལས་སྒོ་མཛུབ་ཁྲིད། ཡུལ་ཚོ་དང་གྲོང་རྡལ་སོ་སོས་དོན་འཁྱོལ་ཞིབ་ཕྲ་བཅས་རིམ་པ་གསུམ་གྱི་མཉམ་འགུལ་བྱ་བའི་རྣམ་པ་བསྐྲུན་ནས་འཛུགས་སྐྲུན་གྱི་འགན་འཁྲི་རིམ་པ་རེ་རེ་བཞིན་དོན་འཁྱོལ་དང་བྱ་བའི་ལས་འགན་ཁ་གསལ་བཟོས་ཡོད། ཀྲུང་དབྱང་དང་ཞིང་ཆེན། ཁུལ་གྱི་སྤྱི་ཚོགས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱེད་པའི་འབྲེལ་ཡོད་མཛུབ་སྟོན་བསམ་འཆར་ལ་དམ་པོར་དམིགས་ནས། རྫོང་ཁོངས་འབྲོག་ཁུལ་གཞི་རིམ་དོ་དམ་གྱི་དངོས་ཡོད་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ། རྐང་ཚ་རྫོང་གི་ཡུལ་ཚོ་དང་གྲོང་རྡལ་གྱི་སྤྱི་ཚོགས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱེད་པའི་ལག་བསྟར་ཇུས་གཞིབཟོས་ཏེ། མཛུབ་སྟོན་བསམ་བློ་དང་བྱ་བའི་དམིགས་འབེན། འཛུགས་སྐྲུན་གྱི་རྩ་དོན། ཚད་གཞིའི་ཞིབ་ཕྲ། ལག་བསྟར་གོ་རིམ། འགན་སྲུང་བྱེད་ཐབས་སོགས་ཀྱི་ཐད་ནས་འཛུགས་སྐྲུན་གྱི་ཚད་གཞི་དོན་འཁྱོལ་བྱེད་ཐུབ་པ་དང་ལག་བསྟར་བྱེད་ཐུབ་པ། ལྟ་སྐུལ་བྱེད་ཐུབ་པ་བཅས་ཁ་གསལ་བཟོས་ཏེ། ཡུལ་ཚོ་དང་གྲོང་རྡལ་གྱི་སྤྱི་ཚོགས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱེད་པའི་བྱེད་ཐབས་སོ་སོ་དོན་འཁྱོལ་ཞིབ་ཚགས་དང་ལག་བསྟར་ཏན་ཏིག ཕན་འབྲས་ཐོན་པ་བཅས་བྱེད་པར་སྐུལ་འདེད་བཏང་།

འགན་ནུས་ལེགས་སྒྱུར་ལ་དམིགས་ཏེ་ཕྱོགས་ཡོངས་ནས་དུས་རྒྱུན་འཁོར་སྐྱོད་མ་ལག་འཐུས་ཚང་དུ་བཏང་། རྫོང་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ5ཡིས་རྫོང་རིམ་པའི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་འཛུགས་སྐྲུན་གྱི་ཚད་གཞི་ལྟར། སྲིད་དོན་ཞབས་ཞུའི་ཚོམས་ཆེན་དང་ཁྲིམས་འཛིན་སུའོ་ཡི་ད་ཡོད་ཀྱི་སྒར་གཞིའི་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས“ཁུལ་གསུམ་དང་ལས་སྟེགས་གསུམ”(ཕྱོགས་བསྡུས་བདག་སྤྲོད་ཁུལ། སྣ་མང་འདུམ་འགྲིག་ཁུལ། བཀོད་འདོམས་བཀོད་གཏོང་ཁུལ། ཕྱོགས་བསྡུས་བདག་སྤྲོད་ལས་སྟེགས། འདུམ་འགྲིག་ཡིག་སྐུར་ལས་སྟེགས། བཅའ་ཁྲིམས་ཞབས་ཞུའི་ལས་སྟེགས)གྱི་ཞབས་ཞུའི་སྒྲོམ་གཞི་བཙུགས། “རྒྱུན་སྡོད་དང་རེས་སྡོད”ཀྱི་ལས་བྱེད་པ་སྡོད་པའི་ལམ་སྲོལ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། “སྔོན་དཔྱོད་དང་གྲོས་ཆད། གནས་བཅོས། མཉམ་དཔྱད། བསྐྱར་དཔྱད”བཅས་རིམ་ལྔའི་བཅོས་ཐབས་དུས་རྒྱུན་དུ་དོན་འཁྱོལ་བྱས་ཏེ། བོད་རྒྱ་སྐད་གཉིས་ཀྱི་ཆེད་ལས་འདུམ་འགྲིག་ཚོགས་པ་བཙུགས་ནས་འབྲོག་ཁུལ་མང་ཚོགས་ཀྱི་ཞབས་ཞུའི་དགོས་མཁོ་དང་འཚམ་པར་བྱས་ཡོད། གཞི་རིམ་དོ་དམ་གྱི་དངོས་འཐབ་དགོས་མཁོར་གཞི་ཚུགས་ནས་གདུབ་ཟུམ་བྱ་བའི་མ་ལག་འཐུས་སྒོ་ཇེ་ཚང་དུ་གཏོང་བ་དང་། སྔོན་ལ་འདུམ་འགྲིག་དང་རིགས་དབྱེ་ནས་འཁོར་སྐྱོད། གྱོད་མཇུག་འགྲིལ་ནས་ཐག་གཅོད་པ་བཅས་ཀྱི་འགལ་ཟླ་དང་རྩོད་གཞི་སེལ་བའི་གོ་རིམ3ཞིབ་ཚགས་སུ་བཏང་། བདེ་འཇགས་སྔོན་འགོག་ཚོད་འཛིན་མ་ལག་དང་། གཙོ་གནད་མི་ཚོགས་ཀྱི་ཞབས་ཞུ་དང་དོ་དམ། མཉམ་འགོག་མཉམ་བཅོས། དྲ་མིག་ཅན་གྱི་ཞབས་ཞུའི་དོ་དམ་བཅས་སྤྱི་ཚོགས་ཀྱི་བདེ་འཇགས་ཉེན་ཁ་སྔོན་འགོག་ཚོད་འཛིན་ལམ་སྲོལ4འཐུས་སྒོ་ཇེ་ཚང་དུ་གཏོང་བ། གཞི་རིམ་དོ་དམ་ཚད་ལྡན་ཅན་དང་ལམ་ལུགས་ཅན་གྱི་འཁོར་སྐྱོད་ལ་སྐུལ་འདེད་གཏོང་བ་བཅས་བྱས། དུས་མཚུངས་སུ་གྲངས་འཛིན་ཅན་གྱི་རིག་ནུས་འཛུགས་སྐྲུན་གཏིང་ཟབ་ཏུ་གཏོང་བ། ཞིང་ཆེན་དང་ཁུལ་གྱི་གཞི་རིམ་དོ་དམ་ཆ་འཕྲིན་ལས་སྟེགས་ལ་བརྟེན་ནས་འགལ་འདུ“ཨང་རིས་ཐོག་ནས་སྙན་སེང་ཞུ་བའི”ཉེར་སྤྱོད་ཆུང་གྲས་ཁྱབ་གདལ་གཏོང་བ་དང་། “དྲ་ལམ་ནས་ཉེན་བརྡ་གཏོང་བ་དང་། ཡུལ་དངོས་སུ་ཐག་གཅོད་བྱེད་པ། ཕྱོགས་མང་པོས་མཉམ་འགུལ་བཅས”ཀྱི་རིག་ལྡན་བཅོས་སྐྱོང་བྱེད་སྟངས་བཙུགས། མི་རྒྱུ་དངོས་གསུམ་གྱི་ཕྱོགས་ཡོངས་ནས་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཆེད་དོན་ལས་དོན་གྱི་འགྲོ་གྲོན་དོན་འཁྱོལ་བྱས་ནས་ཡུལ་ཚོ་དང་གྲོང་རྡལ་གྱི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་སྤུས་ཚད་མཐོར་གཏོང་རིམ་སྤོར་ལ་སྐུལ་འདེད་བཏང་། མིག་སྔའི་བར། གཡུ་དཀར་འོམ་ལུང་ཡུལ་ཚོ་དང་དཔལ་དགེ་གྲོང་རྡལ་གྱིས་སྒྱུར་བཀོད་རིམ་སྤར་ལེགས་འགྲུབ་བྱུང་སྟེ། ཚད་ལྡན་གྱི“ཡོད་པ་ལྔ”འཛུགས་སྐྲུན་ཚད་གཞི་ལོན་པ་དང་། མཚོ་འཁྱིལ་ཡུལ་ཚོ་དང་སྐྱིད་སྨོན་ཡུལ་ཚོས་གོ་རིམ་ལྡན་པའི་ངང་ཨར་ལས་འཛུགས་སྐྲུན་བྱེད་བཞིན་ཡོད་ལ། འོམ་ཆུ་གྲོང་རྡལ་གྱིས་ལྟེ་བའི་བྱེད་ནུས་ཁུལ་གྱི་འཆར་འགོད་ལེགས་འགྲུབ་བྱུང་བ་དང་། རྫོང་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ་གྱི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་ནན་མོ་བྱས་ཡོད།

གསར་གཏོད་ཀྱི་ནུས་པ་འདོན་སྤེལ་ལ་དམིགས་ནས། གཞི་རིམ་གྱི་བཅོས་སྒྲིག་གི་སྤུས་རྟགས་གཏིང་ཟབ་སྒོས་བསྐྲུན། རྐྱེན་སྲོལ་གསར་གཏོད་ཀྱིས་དོ་དམ་ཕན་ནུས་མཐོར་འདེགས་གཏོང་བ་རྒྱུན་འཁྱོངས་བྱས་ཏེ། མུ་མཐུད་དུ་ཡུལ་ཚོ་དང་གྲོང་རྡལ་གྱི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི“རྡུང་རྡེག་དང་འགོག་པ། དོ་དམ། ཚོད་འཛིན། བཅོས་སྐྱོང”བཅས་གཞི་གཅིག་ཅན་གྱི་འཁོར་སྐྱོད་བྱེད་སྟངས་འཐུས་ཚང་དུ་བཏང་ནས། སྡེ་བའི(སྡེ་ཁུལ)དྲ་མིག་ཅན་གྱི་དོ་དམ་མ་ལག་ཚགས་དམ་པོར་བཟོས་ཡོད། དྲ་མིག་མི་སྣའི“ཐེམ་ཐོ་དངོས་མ་དང་ས་ཁྲ་དངོས་མ། ཡིག་ཚགས་དངོས་མ”བཅས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། རེའུ་མིག་བཞིའི་ཐོ་འགོད་ལྟར་རྨང་གཞིའི་ཆ་འཕྲིན་འགུལ་རྣམ་གྱིས་གྲལ་བཤེར་དང་དུས་ཐོག་ཏུ་གསར་བརྗེ་བྱས་ནས། དོ་དམ་གྱི་དཀའ་གནད་དང་བྱུར་རྐྱེན་ལ་དབྱེ་ཞིབ་གནད་འཁེལ་བྱས་ཏེ། དྲ་མིག་སྐོར་ཞིབ་དང་གནད་དོན་ཐག་གཅོད། ཞུ་གཏུག་འཕྲལ་སྒྲུབ་བཅས་ཀྱི་འཁོར་སྦྲེལ་དོན་འཁྱོལ་བྱས་ནས། ད་ལོའི་ཚུན་དུ་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན11ཐག་གཅོད་བྱས་ཤིང་། མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད100%ཟིན་ཡོད། འགལ་ཟླ་དང་རྩོད་གཞི་ཡི“རིམ་ལྔའི་བཅོས་ཐབས”དུས་རྒྱུན་དུ་སྤྱོད་པ་དང་། བརྒྱུད་རིམ་ཧྲིལ་པོའི་གྲལ་བཤེར་དང་འདུམ་སེལ་བྱས་ཏེ།“དོན་ཕྲན་སྡེ་བ་ནས་ཕྱིར་མི་འབུད་པ་དང་། དོན་ཆེན་གྲོང་རྡལ་ནས་ཕྱིར་མི་འབུད་པ། འགལ་ཟླ་གོང་རིམ་ལ་མི་སྤྲོད་པ”བཅས་མངོན་འགྱུར་ནུས་ལྡན་བྱུང་ཡོད། ཁོངས་གཏོགས་ཁུལ་དུ་རིམ་བརྒལ་གོང་གཏུག་དང་མཐའ་མའི་དོན་རྐྱེན་བྱུང་མེད། ཡུལ་ཚོ་དང་གྲོང་རྡལ་སོ་སོས་འབྲོག་ཁུལ་གྱི་ས་ཁོངས་ཁྱད་ཆོས་དང་བཅོས་སྐྱོང་ཁྱད་ཆོས་ལ་གཞིགས་ནས་ཁྱད་པར་ཅན་གྱི་གཞི་རིམ་འདུམ་འགྲིག་སྤུས་རྟགས་གསོ་སྐྱོང་བྱས་ཏེ། གཡུ་དཀར་འོམ་ལུང་ཡུལ་ཚོའི“ནང་མི”དང་དཔལ་དགེ་གྲོང་རྡལ་གྱི“མཚོ་ངོགས་དགོ་སྲུང”འདུམ་འགྲིག་བྱེད་སྟངས་ལ་ཕན་འབྲས་མངོན་གསལ་ཐོན་ཡོད། མིག་སྔའི་བར་ཡུལ་ཚོ་དང་གྲོང་རྡལ་སོ་སོས་འགལ་བ་དང་རྩོད་གཞི་སྣ་ཚོགས35རྒྱལ་ཁའི་ངང་འདུམ་འགྲིག་བྱས་པ་དང་འདུམ་འགྲིག་བྱས་ཚད100%ཟིན་ནས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་གི་ཕན་འབྲས་རྒྱུན་ཆད་མེད་པར་ཇེ་མཐོར་ཕྱིན་ཡོད།