网站无障碍
ཐོག་མའི་བསམ་འདུན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས། དོན་དངོས་དང་ལག་ལེན་ངོ་མས་དམངས་ཚིས་ཕན་པ་བསྐྲུན།
发布时间:2026年07月13日 消息来源:

རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

  ཉེ་བའི་ལོ་ཤས་རིང་། རྐང་ཚ་རྫོང་གིས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་སྤྱིའི་བཀོད་སྒྲིག་ལ་གཞི་ཚུགས་ནས། བརྟན་ཐོག་ཡར་འཕེལ་དང་དངོས་དོན་སྒྲུབ་པར་དམིགས་ཏེ། དབུལ་ལོག་སྔོན་འགོག་གི་གཞི་ཐིག་སྲུང་བ་དངཡོང་འབབ་འཕར་སྣོན་གྱི་ཐབས་ལམ་རྒྱ་ཆེར་གཏོང་བ། ཕྱུག་འགྱུར་ཐོན་ལས་སྟོབས་ཆེར་གཏོང་བ་བཅས་ལས་འགན་གཙོ་བོ་གསུམ་ལ་དམིགས་ནས། མུ་མཐུད་དུ་ཞན་ཆ་གསབ་པ་དང་ཞན་ཆ་སེལ་བ། ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་དངོས་དོན་སྒྲུབ་པའི་རྨང་གཞི་བརྟན་དུ་གཏོང་བ་དང་གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་དང་སྤུས་ཚད་རིམ་སྤར་ཡོང་བར་བྱས།

  རོགས་སྐྱོར་གནད་ལ་འཁེལ་བ་བྱས་ཏེ། གྲོང་གསེབ་དར་རྒྱས་གཏོང་བའི་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོར་སྲུང་། དུས་རྒྱུན་དུ་བསྐྱར་དབུལ་སྔོན་འགོག་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་བྱེད་པའི་བྱ་བ་དེ་གྲོང་གསེབ་དར་སྤེལ་གཏོང་བའི་སྤྱིའི་བཀོད་སྒྲིག་གི་གྲས་སུ་བཞག་ནས་གཅིག་གྱུར་གྱིས་སྐུལ་འདེད་དང་ རྒྱུན་རྣམ་ཅན་དང་དངོས་སྣང་ཅན། གནད་འཁེལ་ཅན་གྱི་སྒོ་ནསབསྐྱར་དབུལ་སྔོན་འགོག་ལྟ་ཞིབ་ཚད་ལེན་བྱེད་པའི་ནང་རྐྱེན་རྒྱུན་མ་ཆད་པར་འཐུས་སྒོ་ཇེ་ཚང་དུ་གཏང་། འཐེབ་གཅིག་ར་ཞུའིབགྲོད་ལམ་སོགས་དྲ་ལམ་ལྟ་ཞིབ་ཚད་ལེན་བྱེད་པའི་ཐབས་ལམ་ལེགས་པར་བེད་སྤྱད་དེ། རོང་འབྲོག་མང་ཚོགས་ཀྱིས་རང་འགུལ་གྱིས་ཡར་ཞུ་དང་ལས་བྱེད་པ་དུས་རྒྱུན་དུ་ཁྱིམ་ཚང་དུ་སོང་ནས་རྟོག་ཞིབ་བྱེད་པ། སྡེ་ཁག་མང་པོའི་གཞི་གྲངས་བསྡུར་ནས་ཉེན་བརྡ་གཏོང་བ་བཅས་ཀྱི་ཕྱོགས་མང་མཉམ་འགུལ་གྱི་ལྟ་ཞིབ་ཚད་ལེན་དྲ་བ་བཙུགས། བསྐྱར་དབུལ་དང་དབུལ་འགྱུར་གྱི་ཉེན་ཡོད་པའི་མང་ཚོགས་སྔ་མོ་ནས་ཤེས་རྟོགས་དང་སྔ་མོ་ནས་ཐེ་གཏོགས། སྔ་མོ་ནས་རོགས་སྐྱོར་བཅས་བྱས་ཏེ། གཞི་ཁྱོན་ལྡན་པའི་སྒོ་ནས་བསྐྱར་དབུལ་ཏུ་འགྱུར་བར་མཐའ་གཅིག་ཏུ་བཀག་འགོག་བྱས། མིག་སྔར་རྫོང་ཡོངས་སུ་རིམ་རྩིས་བྱས་ན་ལྟ་ཞིབ་ཚད་ལེན་བྱ་ཡུལ་ཁྱིམ་ཚང203དང་མི664གཏན་འཁེལ་བྱས་པའི་ཁྲོད་དུ2026ལོར་ཁྱིམ་ཚང18དང་མི62གསར་དུ་འཕར་ཡོད། རིམ་རྩིས་བྱས་ན་ཉེན་ཁ་སེལ་བའིཁྱིམ་ཚང123དང་མི420ཡོད་པ་དང་། 2026ལོར་ཁྱིམ་ཚང4དང་མི13ཉེན་ཁ་ལས་བསལ་ཡོད་ལ་ཉེན་ཁ་སེལ་ཚད63.3%ཟིན་ཡོད། གཏན་འཁེལ་བྱས་པའི་ལྟ་ཞིབ་ཚད་ལེན་ཁྱིམ་ཚང་གསར་་དམིགས་ནས་དམངས་སྲིད་དང་སྨན་བཅོས་འགན་བཅོལ་སོགས་འབྲེལ་ཡོད་འགན་ནུས་སྡེ་ཚན་གྱིས་གཅིག་གྱུར་འཆར་འགོད་བྱས་ཏེ། མང་ཚོགས་ཀྱི་དཀའ་ངལ་རེ་ཞུ་གནད་ལ་འཁེལ་བའི་སྒོ་ནས་འབྲེལ་མཐུད་བྱས་ཏེ་རིགས་དབྱེ་ནས་གྲོང་གསེབ་ཀྱི་དམའ་སྲུང་དང་སྨན་བཅོས་རོགས་སྐྱོབ། འདེབས་འཛུགས་གསོ་ཚགས་ཐོན་ལས་ལ་རོགས་སྐྱོར། ལས་ཞུགས་རྩལ་ནུས་གསོ་སྦྱོང་སོགས་ཀྱི་དམིགས་སའི་རང་བཞིན་གྱི་རོགས་སྐྱོར་བྱེད་ཐབས་སྤྱད་དེ་ཕྱོགས་ཡོངས་ནས་དཀའ་ངལ་ཡོད་པའི་མང་ཚོགས་དབུལ་ལོག་དང་དབུལ་པོར་འགྱུར་བའི་ཉེན་ཁ་སེལ་ནས་དམངས་ཚིས་འགན་ལེན་གྱི་སྲུང་རགས་བརྟན་པོ་ཞིག་བསྐྲུན།

  ལས་གནས་བརྟན་པོ་ལསསྒོ་རྒྱ་སྐྱེད་ལ་དམིགས་ནས། མང་ཚོགས་ཀྱི་ཡོང་འབབ་འཕར་བའི་ནང་སྐྱེས་སྒུལ་ནུས་ལ་སྐུལ་སློང་བྱས། ལས་བརྟན་ལས་ཞུགས་བྱ་རྒྱུ་དེ་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་ལྟེ་བའི་དམ་འཛིན་བྱ་གཞིར་བརྩིས་ནས། ཐོན་ལས་ཀྱིས་བསྡུ་ལེན་དང་ ངལ་རྩོལ་ནུས་ཤུགས་ཕྱིར་གཏོང་། འཁོར་ཁང་འདེགས་སྐྱོར། འཇོན་ཐང་ཅན་གྱིས་སྐུལ་ཁྲིད་སོགས་ཀྱི་བྱ་ཐབས་སྣ་མང་བརྒྱུད། ལས་གནས་གནད་འཁེལ་འོས་སྦྱོར་དང་རྩལ་ནུས་གསོ་སྦྱོང་། དམངས་ཕན་ཁ་གསབ་དོན་འཁྱོལ་བཅས་བྱས་ནས་དབུལ་ཐར་མི་གྲངས1492ལས་ཞུགས་གཞན་སྒྱུར་ཐུབ་པ་དང་། གནས་སྤོས་དབུལ་ཐར་མི་གྲངས249ལས་ཞུགས་གཞན་སྒྱུར་ཐུབ། དབུལ་ཐར་མི་གྲངས་དང་གནས་སྤོས་དབུལ་ཐར་མི་གྲངས་ཀྱི་ངལ་རྩོལ་ནུས་ཤུགས་ཅན་བརྟན་པོའི་ངང་ལས་ཞུགས་ཐུབ་པ་དང་རྒྱུན་མཐུད་ཡོང་འབབ་འཕར་བ་འགན་ལེན་བྱས་ཡོད། ཆར་ཟིལ་འཆར་གཞིརྩལ་ནུས་མཐོར་གཏོང་ལས་གྲྭ་གཏིང་ཟབ་སྤེལ་ནས་མ་དངུལ་སྒོར་ཁྲི25བཏང་སྟེ་དུས་ཐུང་རྩལ་ནུས་གསོ་སྦྱོང་ལས་གཞི་ལག་བསྟར་བྱས་པ་དང་ཁག་དང་པོའི་གསོ་སྦྱོང་ལེགས་གྲུབ་ཟིན་ནས་མི100ལ་ཕན་པ་ཐོབ་ཡོད། རྫོང་ཡོངས་ཀྱི་ལས་ཞུགས་རོགས་སྐྱོར་འཁོར་ཁང12ལ་བརྟེན་ནས། མང་ཚོགས183ཐག་ཉེ་ས་དང་རང་སར་ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱས་པའི་ཁྲོད་དབུལ་ཐར་མི་གྲངས71ཡོད། དུས་མཚུངས་སུ་དམངས་ཕན་སྲིད་ཇུས་ཁག་དོན་འཁྱོལ་ནན་པོ་བྱས་ནས་ཆེད་དམིགས་ཁ་གསབ་ཁག་གནད་ལ་འཁེལ་བའི་སྒོ་ནས་སྤྲད་དེ་ཞིང་ཆེན་བརྒལ་ནས་ལས་ཀ་བྱེད་མཁན7ལ་ཐེངས་གཅིག་རང་བཞིན་གྱི་འགྲིམ་འགྲུལ་ཁ་གསབ་སྒོར7000བྱིན་པ་དང་། དབུལ་ཐར་ཁྱིམ་ཚང་གི་སློབ་གྲྭར་འགྲོ་བཞིན་པའི་སློབ་མ155ལ“ཆར་ཟིལ་འཆར་གཞིའི”ཁ་གསབ་སྒོར་ཁྲི38.4བྱིན། དབུལ་ཐར་ཁྱིམ་ཚང155ལ་གྲངས་ཉུང་ཡིད་རྟོན་དངུལ་བུན་གྱི་སྐྱེད་སྦྱར་ཁ་གསབ་སྒོར་ཁྲི56.6བྱིན་པ་བཅས་བྱས་ནས་སྲིད་ཇུས་ཀྱི་ཕན་འབྲས་དངོས་ལ་བརྟེན་ནས་ལས་ཞུགས་ཀྱི་གཞི་རྩའི་གནས་བབ་ཇེ་བརྟན་དུ་བཏང་བ་དང་མང་ཚོགས་ཀྱི་ཡོང་འབབ་འཕར་བའི་ནང་སྐྱེས་སྒུལ་ནུས་འཕེལ་བར་བྱས་ཡོད།

  ཐོན་ལས་གཏིང་ཟབ་སྤེལ་བ་དང་སྤུས་ཚད་མཐོ་རུ་བཏང་ནས། གྲོང་གསེབ་དར་རྒྱས་ཀྱི་རྨང་གཞི་ཇེ་བརྟན་དུ་བཏང་ ཐོན་ལས་སླར་གསོ་ཡིས་གྲོང་གསེབ་ཕྱོགས་ཡོངས་ནས་སླར་གསོ་བྱེད་པར་སྣེ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། མ་དངུལ་དོན་འཁྱོལ་དང་ལས་གཞི་འཛུགས་སྐྲུན། རྒྱུ་ནོར་གསོན་སྒྱུར། ཕན་འབྲས་མཐོར་གཏོང་བཅས་ལ་དམིགས་ཏེ། གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་བཏང་ནས། ཡུན་ཕན་གྱི་ཞིང་འབྲེལ་ཞིང་ཁྲིད་ཀྱི་ལམ་སྲོལ་བཙུགས། མིག་སྔའི་བར། རྫོང་ཡོངས་སུ་རིམ་རྩིས་བྱས་ན་གྲོང་གསེབ་དར་རྒྱས་ཀྱི་རོགས་སྐྱོར་མ་དངུལ་སྒོར་ཁྲི7516དོན་འཁྱོལ་བྱས་པ་དང་། གྲོང་གསེབ་དར་རྒྱས་ཀྱི་རོགས་སྐྱོར་ལས་གཞི་སྣ་ཚོགས26ལག་བསྟར་བྱས་ཡོད། མ་དངུལ་བཀོད་སྒྲིག་གི་གྲུབ་ཚུལ་མུ་མཐུད་དུ་ལེགས་སྒྱུར་བྱས་ཏེ། ཀྲུང་དབྱང་གི་རོགས་སྐྱོར་མ་དངུལ་ཐོན་ལས་འཕེལ་རྒྱས་ཁྱབ་ཁོངས་སུ་བཏང་བའི་བསྡུར་ཚད61.9%ཟིན་པ་དང་། ནོར་ལུག་གསོ་སྤེལ་དང་རྟ་རྒྱུད་བཟང་གསོ་སྤེལ། ཞིང་ལས་ཐོན་རྫས་ཉོ་ཚོང་ལྟེ་གནས། མཉམ་ལས་ཁང་གི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་སོགས་ཁྱད་ལྡན་ཐོན་ལས་ལས་གཞི10གཙོ་གནད་ཐོག་སྐུལ་འདེད་བཏང་སྟེ། མང་ཚོགས6000ལྷག་ལ་བརྟན་པོའི་ངང་ཕན་པ་ཐོབཡོད། བེད་མེད་ཕན་མེད་ཀྱི་རོགས་སྐྱོར་རྒྱུ་ནོར་གསོན་སྒྱུར་དང་། ཁེ་སྤོགས་བགོ་བཤའ་རྗེས་འདེད་སོགས་ཀྱི་གནད་དོན་འབུར་ཐོན་ལ་དམིགས་ནས། གནད་དོན་གྱི་ཁྲིད་ཕྱོགས་དང་འབེན་གཏད་འགག་སྒྲོལ་བྱས་ཏེ། ཁག་གཅིག་བྱས་པ་བཞིཡི་རིགས་དབྱེ་ཐག་གཅོད་ཚད་གཞི་དོན་འཁྱོལ་ནན་པོ་བྱས་ནས། རྒྱུ་ནོར་རིགས13གསོན་སྒྱུར་རིམ་སྤོར་གྱི་དང་། རྒྱུ་ནོར་རིགས2ལེགས་སྒྲིག་ལེགས་སྒྱུར་བྱས་པ་དང་། རྒྱུན་རྣམ་ཅན་གྱི་བེད་མེད་རྒྱུ་ནོར་གསོན་སྒྱུར་དང་ཕན་ནུས་ཆུང་བའི་རྒྱུ་ནོར་སྤུས་ཚད་མཐོ་རུ་གཏོང་བ། རྒྱུ་ནོར་གསོག་འཇོག་ཕན་འབྲས་ཆེ་རུ་གཏོང་བ་བཅས་ལ་སྐུལ་འདེད་བཏང་ནས། མུ་མཐུད་ཐོན་ལས་རོགས་སྐྱོར་གྱི་ཕན་འབྲས་ཆེ་རུ་གཏོང་བ་དང་། མང་ཚོགས་ཀྱི་འབབ་འཕར་ལ་འགན་སྲུང་ཡོད་པ། གྲོང་གསེབ་འཕེལ་རྒྱས་ལ་རྒྱབ་སྐྱོར་ཡོད་པ་བཅས་བྱས་ཡོད།