网站无障碍
རྐང་ཚས་རིག་གནས་ཡུལ་སྐོར་གྱི་བྱ་བཞག་དར་ཞིང་རྒྱས།
发布时间:2026年07月15日 消息来源:

རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

  “ལྔ་ཚན་བཅུ་བཞིབ་ནས་བཟུང་། རྐང་ཚ་རྫོང་གིསསྐྱེ་ཁམས་སྲུང་སྐྱོང་དང་རིག་གནས་ཡུལ་སྐོར་འཕེལ་རྒྱས་མཉམ་དུ་སྐུལ་འདེད་གཏོང་བའི”གཙོ་ཐིག་ལ་དམ་པོར་དམིགས་ཏེ། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་སའི་མཚོ་སྔོན་པོའི་དཔེ་སྟོན་ཁུལ་གསར་འཛུགས་རྒྱུར་གཞིགས་ནས། རྒྱལ་སྤྱིའི་འགྲན་སྡུར་གྱིས་སྟེགས་བུ་བསྐྲུན་པ་དང་རིག་གནས་བྱ་འགུལ་གྱིས་ནུས་པ་འདོན་པ། ཡོངས་ཁྱབ་ཚོང་གཉེར་གྱིས་ཁྱབ་ཁོངས་རྒྱ་བསྐྱེད་པ་བཅས་རྒྱུན་འཁྱོངས་བྱས་ནས། རིག་གནས་ཡུལ་སྐོར་ཐོན་ལས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་ཡོད། ལོ་ལྔའི་རིང་ལ། རྫོང་ཡོངས་ཀྱིས་ཡུལ་སྐོར་བ་མི་ཐེངས་ཁྲི584.07ལ་སྣེ་ལེན་བྱས་པ་དང་། ཡུལ་སྐོར་ཡོངས་འབབ་སྒོར་དུང་ཕྱུར18.08མངོན་འགྱུར་བྱུང་ཞིང་། “ལྔ་ཚན་བཅུ་གསུམ”པའི་སྐབས་ལས་ལྡབ་གཅིག་འཕར་ཡོད། ལོ་རེའི་ཆ་སྙོམས་འཕར་ཚད་འཆར་འགོད་དམིགས་འབེན་ལས་བརྒལ་བ་དང་། མཚོ་སྔོན་པོའི་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར151.25ཡི་ཁྲོད་མཚོ་སྔོན་པོའི་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར18.08ཟིན་ཡོད། 2025ལོར་ཡུལ་སྐོར་བ་མི་ཐེངས་ཁྲི187.25ལ་སྣེ་ལེན་བྱས་པ་དང་། ཡོང་འབབ་སྒོར་དུང་ཕྱུར6.45ལས་བརྒལ་བ་དེ2033ལོ་དང་བསྡུར་ན25.82%དང24.18%སོ་སོར་འཕར། རིག་གནས་ཡུལ་སྐོར་ཐོན་ལས་སྟོབས་ཤུགས་ཆེན་པོ་འཕེལ་ནས་རྫོང་ཁོངས་དཔལ་འབྱོར་གྱི་ཀ་རྟེན་དང་དམངས་ཕྱུག་རྫོང་དར་གྱི་ལྟེ་བའི་སྒུལ་བྱེད་འཕྲུལ་འཁོར་ཞིག་ཏུ་གྱུར་ཡོད།

  ཐོན་ལས་ཡར་དར་དང་སྐྱེ་ཁམས་བཞུར་ཚད་འཕེལ་རྒྱས་འཕར་སྣོན་དུ་བསྒྱུར་བ། སྔོན་ལ་འཆར་འགོད་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་ཉམས་གསོ་དང་སྐྱེ་ཁམས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས། རང་བྱུང་སྲུང་སྐྱོབ་ཁུལ་དམིགས་བསལ་ཆོག་མཆན་གཉེར་སྐྱོང་སོགས་ཆེད་དམིགས་འཆར་འགོད7བཟོས་པ་དང་། རིག་གནས་ཡུལ་སྐོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཐབས་ལམ11སོགས་སྲིད་ཇུས་བཏོན་ནས། ལམ་ལུགས་རྨང་གཞི་རྒྱུན་མཐུད་ངང་ཇེ་བརྟན་དུ་བཏང་ཡོད།ལས་གཞི་འགག་སྒྲོལ་ལ་ཕན་འབྲས་ཐོན་ནས་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་སྒོར་ཁྲི15ལས་བརྒལ་བ་དང་། འཆར་འགོད་དམིགས་ཚད་ཀྱི150% ལེགས་གྲུབ་བྱུང་ཡོད། གསེར་འི་གཞིས་ཁྱིམ་རིམ་སྤོར་སྒྱུར་བཀོད་དང་། གཉན་ཆེན་ཞལ་དཀར་རི་བོའི་ལྷོ་འདབས་ཀྱི་མཛེས་ལྗོངས་ཁུལ་འཛུགས་སྐྲུན་སོགས་གཙོ་གནད་ལས་གཞི8དོན་འཁྱོལ་བྱུང་བ་དང་། A4རིམ་པའི་གསེར་འི་གཞིས་ཁྱིམ་མཛེས་ལྗོངས་ཁུལ་དང་། ཚངས་དབྱངས་རྒྱ་མཚོའི་རིག་གནས་ཐང་ཆེན་དང་ནུབ་རིའི་མཁར་ཤུལ་སྤྱི་གླིང་སྟེA2རིམ་པའི་མཛེས་ལྗོངས་ཁུལ2གསར་སྐྲུན་བྱས་ཡོད། ཞིང་ཆེན་རིམ་པའི་ཡུལ་སྐོར་གྲོང་གསེབ་གཙོ་གནད་སྡེ་བ5མང་དུ་ཕྱིན་པ་དང་ཡུལ་སྐོར་ཐེག་ནུས་ཆེ་རུ་ཕྱིན་ཡོད། ལས་རྣམ་གསར་གཏོད་ལ་དམིགས་ནས། “རྐང་ཚར་འཕྲད་པ”ཞེས་པའི་རིག་གནས་གསར་གཏོད་ཐོན་རྫས40ལྷག་གིས་ཞིང་ཆེན་ཡོངས་ཀྱི་རིག་གནས་ཡུལ་སྐོར་གསར་གཏོད་ཐོན་རྫས་འགྲན་བསྡུར་ཆེན་མོའི་གསེར་གྱི་རྟགས་མ་ཐོབ་པས། རིག་གནས་གསར་གཏོད་དཔལ་འབྱོར་གྱི་སྟོང་ཆ་གསབ་ཡོད། སྐྱེ་ཁམས་ཡུལ་སྐོར་ལམ་ཐིག་རྩེ་གྲ་མང་པོ་བཟོས་ནས་མཚན་མོའི་དཔལ་འབྱོར་འཕེལ་རྒྱས་བཏང་སྟེ། ལྟ་སྐོར་རྣམ་པནསཉམས་ལེན་རྣམ་པརབསྒྱུར་བའི་གོམ་སྟབས་ཇེ་མགྱོགས་སུ་བཏང་ཡོད། དགོ་དམར་ཚན་རིག་ཁྱབ་གདལ་སློབ་སྦྱོང་རྟེན་གཞི་དང་ལྷ་ཆབ་ཁུག་སྐྱེ་ཁམས་ཉམས་ལེན་ཁུལ། མཚོ་འཁྱིལ་གསེར་ཉ་ལྡོག་རྐྱལ་སྐྱེ་འཕེལ་ལ་ལྟ་ཞིབ་བྱེད་ས། གཡུ་དཀར་འོམ་ལུང་དམངས་སྲོལ་རིག་གནས་ཉམས་ལེན་ཁུལ་བཅས་སྐྱེ་ཁམས་ལྟ་སྐོར་ཁུལ་བཞི་བཙུགས་ནས་མང་ཚོགས་ཀྱི་ཡོང་འབབ་འཕར་བའི་འདེགས་སྐྱོར་གལ་ཆེན་ཞིག་ཏུ་གྱུར་ཡོད། རྫོང་ཁོངས་ཀྱི་སྐྱེ་ཁམསIPཡི་རིན་ཐང་རྒྱུན་ཆད་མེད་པར་ཇེ་ཆེ་ཕྱིན་ནས་སྐྱེ་ཁམས་སྲུང་སྐྱོང་དང་ཡུལ་སྐོར་འཕེལ་རྒྱས་གཉིས་ཕན་གྱི་ལམ་བུ་གསར་པ་བཏོད་ཡོད།

  ཟོང་རྟགས་གསར་གཏོད་བྱས་ཏེ། མཐོ་སྒང་བོད་མཁར་གྱི་དཔེ་སྟོན་མིང་བྱང་ཇེ་གསལ་དུ་བཏང་། རྫོང་ཁོངས་ཡོངས་ཀྱི་གསང་སྤྱོད་གསར་བརྗེ་ཡིས་མཐོ་སྒང་གི་དཔེ་སྟོན་བཙུགས་པ་དང་། ཚད་གཞི་མཐོ་བའི་སྒོ་ནས་སྐྱེ་ཁམས་ཡུལ་སྐོར་གསང་སྤྱོད་བསྐྲུན་ཏེ། ཡོངས་ཁྱབ་ཏུ་ཁེབས་པ་དང་རིག་ནུས་དོ་དམ། མི་ཆོས་དམངས་བདེ་བཅས་ཀྱི“རྐང་ཚའི་ཚད་གཞིའི”གསང་སྤྱོད་ཞབས་ཞུའི་མ་ལག་འཛུགས་སྐྲུན་བྱས་ཏེ། ཁྱོན་ཡོངས་ནས་སྐར་མ5ཡི་ནང་དུ་སྟབས་བདེའི་གསང་སྤྱོད་ཐག་གཅོད་བྱེད་ཐུབ་པར་བྱས་པས། མཚོ་སྔོན་པོའི་འགྲམ་རྒྱུད་ཀྱི་ཞབས་ཞུའི་དཔེ་སྟོན་གྱི་ཚད་གཞི་རུ་གྱུར། མང་ཚོགས་ཀྱི་ལུས་རྩལ་གྱིསརྒྱལ་ཁབ་ཀྱི་མིང་རྟགསཀྱི་མཚན་སྙན་ཐོབ་སྟེ། 2021ལོ་ནས2024ལོའི་བར་གྱི་རྒྱལ་ཡོངས་མང་ཚོགས་ཀྱི་ལུས་རྩལ་སྔོན་ཐོན་ལས་ཁུངས་ཀྱི་མཚན་སྙན་ཐོབ་པ་དང་། ལུས་རྩལ་ར་བ4དང་ལུས་རྩལཁང2 ལུས་སྦྱོང་སྡེ་ཁུལ1བཅས་བསྐྲུན་པ་དང་། མི་རེའི་ཆ་སྙོམས་ལུས་རྩལ་ཐང་གི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ2.6ཟིན་ཡོད། རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་གྱི་སྐྱེན་པའི་མདའ་རྩལ་འགྲན་བསྡུརདང་། མཚོ་སྐོར་ལྕགས་རྟ་རྒྱུག་འགྲན་གྱིརྐང་ཚ་ས་ཚིགས། མཚོ་སྔོན་པོའི་གསེར་ཉའི་ཉ་ཕྲུག་གློད་གཏོང་དང་ཉ་གཟིགས་དུས་ཆེན། མཚོ་སྔོན་པོའི་རྒྱལ་སྤྱིའི་སྙན་ངག་དུས་ཆེན་སོགས་ཀྱི་ཟོང་རྟགས་བྱེད་སྒོ་རྒྱུན་མཐུད་ངང་གཉེར་ནས། དུས་ཚིགས་སུ་བརྗོད་བྱ་གཙོ་བོ་ཡོད་པ་དང་ཟླ་རེར་བྱེད་སྒོ་ཡོད་པའིསོན་ཉམས་ལྡན་པའི་རྣམ་པ་ཞིག་ཆགས་ཡོད། བོད་མཁར་གྱི་ཚོང་གཉེར་ལོ་གསུམ་གྱི་བྱ་སྤྱོད་གཏིང་ཟབ་སྤེལ་བ་དང་། ཀྲུང་དབྱང་བརྙན་འཕྲིན་ཁང་དང་ཕྱི་རོལ་གྱིLEDསོགས་སྨྱན་སྦྱོར་མང་པོར་བརྟེན་ནས། ཧྲན་ཏུང་དང་ཀན་སུའུ། ང་ཀང་སོགས་སུ་དྲིལ་བསྒྲགས་བྱས་ཏེ། མཉམ་ལས་གྲོས་མཐུན230ལྷག་ཙམ་བཞག་པ་དང་། རྐང་ཚའི་རིག་གནས་ཡུལ་སྐོར་གྱི་ཤུགས་རྐྱེན་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད།

དམངས་ཚིས་ལ་ནུས་པ་སྦྱིན་པ་དང་མཛེས་སྡུག་ལྡན་པའི་དཔལ་འབྱོར་གྱིས་ཁྱིམ་ཚང་ཁྲི་སྟོང་མང་པོར་ཕན་ཐོགས་པར་བྱས། ཐོག་མཐའ་བར་གསུམ་དུ་དམངས་ཕྱུག་དམངས་ཕན་དེ་འགོ་འཛུགས་ས་དང་དོན་ལ་འབབ་སར་བརྩིས་ནས། ཞིང་འབྲེལ་ཞིང་ཁྲིད་ཀྱི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། སྐྱེ་ཁམས་ལྟ་སྐོར་མཛེས་ལྗོངས་ཁུལ4ཡིས་ཐད་ཀར་མི320ལྷག་ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱས་ཤིང་། མང་ཚོགས9400ལྷག་ལ་ཁྱབ་འགྱེད་ཐུབ་ཡོད། ཡུལ་སྐོར་གྱི་གཙོ་གནད་སྡེ་བ་སྟེདེའུ་དམར་སྡེ་བའི་རིག་གནས་ཡུལ་སྐོརལས་གཞི་བསྐྲུན་ཟིན་པ་མ་ཟད་རྐང་བགྲོད་ལམ་ཐིག3བསྐྲུན་པ་དང་། སྡེ་མི་ཚོས་ཁྱིམ་གྱི་སྒོ་འགྲམ་དུསྐྱེ་ཁམས་ཕོར་བཟུང་ཡོད། སྤྱི་འི་རིག་གནས་ཞབས་ཞུ་ཁྱོན་ཡོངས་ལ་ཁྱབ་པ་དང་། སྲིད་འཛིན་སྡེ་བའི་རིག་གནས་བྱེད་སྒོ་ཁང་དང་རོང་འབྲོག་པའི་ལུས་སྦྱོང་ལས་གྲྭ་ཁྱབ་ཚད100%ཟིན་ཡོད། རིག་གནས་དཔེ་མཛོད་ཁང་ཡན་ལག་ཁང་ལམ་ལུགས་དེ་རྫོང་དང་ཡུལ་ཚོ་ཚང་མར་ཁྱབ་ཡོད། ལོ་ལྟར་རིག་གནས་སྡེ་སྐྱོད་དང་ཟློས་གར་ཡུལ་ཚོ་དང་སྡེ་བར་སྐྱོད་པའི་འཁྲབ་སྟོན་སོགས་དམངས་ཕན་འཁྲབ་སྟོན་ཐེངས75བྱས་པ་དང་། གཟུགས་འདས་ཤུལ་བཞག་རིག་གནསགསོ་སྦྱོང་འཛིན་གྲྭ་ཐེངས15གཉེར་བ། དཔེ་མཛོད་ཁང་གཟའ་འཁོར་རེར་ཆུ་ཚོད70སྒོ་ཕྱེ་ནས་ཞབས་ཞུའི་ཕན་འབྲས་རྒྱུན་མཐུད་ཇེ་ལེགས་སུ་ཕྱིན་ཡོད། རིག་གནས་ཡུལ་སྐོར་ཐོན་ལས་ཀྱིས་མང་ཚོགས་ལས་ཞུགས་དང་ཡོང་འབབ་འཕར་སྣོན་ཡོང་བར་སྐུལ་ཁྲིད་ནུས་ལྡན་བྱས་ཏེ། རྫོང་ཡོངས་ཀྱི་མི་དམངས་ཀྱིསཡུལ་སྐོར་གྱི་ཟསཟ་ཐུབ་པ་བྱུང་ཡོད། སྤྱི་འི་ཞབས་ཞུ་སེམས་ཁུར་དང་དམངས་ལ་སྟབས་བདེ་སྐྲུན་པ་དང་། རོང་འབྲོག་མང་ཚོགས་ཀྱི་ལུས་རྩལ་སྦྱོང་བརྡར་དེ་རྒྱུན་ལྡན་དུ་གྱུར་པ། མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་མངོན་གསལ་ཀྱིས་ཆེ་རུ་ཕྱིན་ཡོད།

  དཔྱིད་ཀྱི་མེ་ཏོག་དང་སྟོན་གྱི་འབྲས་བུ་ལྟར། “ལྔ་ཚན་བཅུ་བཞི་ཡོངས་སུ་ལེགས་འགྲུབ་བྱུང་། འགོ་འཛུགས་ས་གསར་པའི་ཐོག་ཏུ་རྐང་ཚ་རྫོང་གིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་སའི་ཁུལ་མཚོ་སྔོན་པོའི་དཔེ་སྟོན་ས་ཁུལ་གྱི་ལྟེ་བའི་ས་ཁུལ་གྱི་དམིགས་འབེན་གཏན་འཁེལ་བྱས་ཏེ། མུ་མཐུད་དུསྐྱེ་ཁམས་དང་ཡུལ་སྐོརམཉམ་འདྲེས་གཏིང་ཟབ་ཏུ་སྤེལ་ནས། ཚད་གཞི་སྔར་ལས་མཐོ་བའི་སྒོ་ནས་ཐོན་ལས་གསར་པ་གསོ་སྐྱོང་དང་གསེར་གྱི་མིང་བྱང་གསལ་བར་བྱེད་པ། རིག་གནས་ཡུལ་སྐོར་ཐོན་ལས་ཀྱིས་མི་དམངས་ཕྱུག་པོ་དང་རྫོང་སྟོབས་ལྡན་དུ་གཏོང་བའི་ཁྲོད་དུ་སྒུལ་ཤུགས་སྔར་ལས་ཆེ་བ་འདོན་སྤེལ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་རིག་གནས་ཡུལ་སྐོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྐང་ཚ་རྫོང་གི་སྟོབས་ཤུགས་སྔར་ལས་ཆེ་བ་འབུལ་རྒྱུ་ཡིན།