网站无障碍
ཀྲུང་གོ་གུང་ཁྲན་ཏང་རྐང་ཚ་རྫོང་འཐུས་མི་ཚོགས་ཆེན་ཐེངས་བཅུ་དྲུག་པ་རྒྱལ་ཁའི་ངང་མཇུག་སྒྲིལ།
发布时间:2026年07月17日 消息来源:

རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

   ཟླ7པའི་ཚེས15ཉིན་ཀྲུང་གོ་གུང་ཁྲན་ཏང་རྐང་ཚ་རྫོང་འཐུས་མི་ཚོགས་ཆེན་ཐེངས་བཅུ་དྲུག་པས་གཏན་ལ་ཕབ་པའི་གྲོས་རིམ་སོ་སོ་བདེ་བླག་གྲུབ་ཏེ་རྒྱལ་ཁའི་ངང་གྲོལ། བློ་མཐུན་ཀྲང་ཆི་ཧྥེང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་མཇུག་འགྲིལ་གསུང་བཤད་ཀྱང་གནང་བ་རེད།

   ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་ཀྲུའུ་ཞི་སྟེགས་བུའི་ཐོག་བཞུགས་ཡོད་། ཞིང་ཆེན་དང་ཁུལ་གྱི་མཛུབ་ཁྲིད་ཚོགས་ཆུང་ཚོགས་འདུར་མཛུབ་ཁྲིད་གནང་བར་ཕེབས་ཡོད། 

ཚོགས་ཆེན་ལ་འཐུས་མི137ཐོན་དགོས་ལ་དངོས་སུ་འཐུས་མི137ཐོན་ཡོད

图片

  ཚོགས་འདུའི་ཐོག་ཀྲུང་གུང་རྐང་ཚ་རྫོང་སྐབས་བཅོ་ལྔ་འི་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་གྲོས་ཆོད་དང་སྐབས་བཅོ་ལྔ་འི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་གྲོས་ཆོད་ལ་གྲོས་འཆམ་བྱུང་།

  ཀྲང་ཆི་ཧྥེང་གིས་བསྟན་དོན། ཐེངས་འདིའི་ཚོགས་ཆེན་ནི་རྫོང་ཡོངས་ཀྱི་གོང་འོག་ཚང་མས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅིའི“བདུན་གཅིག”གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་སྤྱི་ཁྱབ་ཧྲུའུ་ཅིས་མཚོ་སྔོན(རྐང་ཚ)ལ་རྟོག་ཞིབ་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ“ལྔ་ཚན་བཅོ་ལྔ”འི་མགོ་ཡག་པོ་འཛུགས་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བའི་འགག་རྩའི་དུས་སུ་འཚོགས་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན། ཚོགས་འདུའི་སྐབས་སུ། འཐུས་མི་ཡོངས་ཀྱིས་ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་ལ་བརྟེན་ནས། རྫོང་ཨུའི་སྙན་ཞུ་དང་རྫོང་སྒྲིག་ཨུའི་སྙན་ཞུར་ནན་ཏན་གྱིས་གྲོས་ཞིབ་དང་གྲོས་འཆམ་བྱུང་། འདི་ནི་དར་ཆ་མཐོན་པོར་བསྒྲེངས་པ་དང་སེམས་ཤུགས་གཅིག་སྒྲིལ་བའི་ཚོགས་ཆེན་ཞིག་དང་། སྔ་འཛིན་ཕྱི་གཏོད་དང་མཐུན་སྒྲིལ་མདུན་སྐྱོད་ཀྱི་ཚོགས་ཆེན་ཞིག་ཡིན་ལ། བསམ་བློ་གཅིག་གྱུར་དང་འཆར་གཞི་འགོད་པའི་ཚོགས་ཆེན་ཞིག་ཀྱང་ཡིན་པས། དེས་རྐང་ཚའི་མ་འོངས་པའི་ལོ་ལྔ་དང་ཐ་ན་དུས་ཡུན་དེ་ལས་རིང་བ་ཞིག་གི་ནང་དུ་འཕེལ་རྒྱས་ལ་གལ་ཆེན་རང་བཞིན་གྱི་ཤུགས་རྐྱེན་ཟབ་མོ་ཐེབས་ངེས་རེད།

图片

  ཀྲང་ཆིན་ཧྥེང་གིས་ནན་གྱིས་བསྟན་དོན། ཚོགས་ཆེན་ཐོག་སླད་ཕྱིན་ལོ་ལྔའི་རིང་རྫོང་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། ཏང་འཛུགས་སྐྱོང་གི་བྱ་བའི་དམིགས་ཚད་ལས་འགན་གཏན་འཁེལ་བྱས་པ་དེ་ནི་ང་ཚོས་འབྱུང་འགྱུར་ལ་ཁ་ཕྱོགས་པའི་བསྒྲགས་གཏམ་ཞིག་ཡིན་ལ། ང་ཚོས་མདུན་སྐྱོད་བྱེད་པའི“སྐུལ་སློང་བཀའ་རྒྱ”ཞིག་ཀྱང་ཡིན། འཆར་གཞི་བཀོད་ཟིན་པས་འགག་རྩ་ནི་དོན་འཁྱོལ་བྱ་རྒྱུར་ཐུག་ཡོད། རྫོང་ཡོངས་ཀྱི་རིམ་པ་སོ་སོའི་་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་དུས་ཚོད་ཀྱིས་རང་ལ་མི་སྒུག་པའི་འགན་འཁྲིའི་བསམ་པ་དང་། རང་ཉིད་ལས་གཞན་སུ་ཞིག་གིས་ཀྱང་སྒྲུབ་མི་ཐུབ་པའི་འགན་འཁྲི་འཁུར་སེམས། བྱས་རྗེས་འཇོག་མཁན་ང་ཡིན་སྙམ་པའི་ལས་འགན་སྒྲུབ་སེམས་བཅས་ཀྱི་ཐོག་ནས་མགྱོགས་མྱུར་ངང་བསམ་བློ་དང་བྱ་སྤྱོད་ཚོགས་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ། བློ་གྲོས་དང་སྟོབས་ཤུགས་ཚོགས་ཆེན་ཐོག་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་ཐོག་གཅིག་སྡུད་བྱས་ནས། གོམ་པ་རེ་རེ་བཞིན་དང་ཏན་ཏན་ཏིག་ཏིག་ངང་བརྗིད་ཆེའི་འཆར་གཞི་དེ་མཛེས་སྡུག་ལྡན་པའི་དོན་དངོས་སུ་འགྱུར་བ་བྱེད་དགོས།

  ཀྲང་ཆིན་ཧྥེང་གིས་ནན་གྱིས་བསྟན་དོན། མ་འོངས་པའི་ལོ་ལྔའི་ནང་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་སློབ་ནན་མོ་ཡིད་ལ་དམ་པོར་བཟུང་ནས། དྲིན་ཚོར་མདུན་སྐྱོད་དང་དངོས་སྒྲུབ་སྔོན་བརྩོན་བྱེད་དགོས། རྐང་ཚ་རྫོང་ནི་མཚོ་སྔོན་པོའི་བྱང་འགྲམ་དང་མདོ་ལ་རི་བོའི་ལྷོ་འདབས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ལྟེ་བའི་ས་ཁུལ་དུ་གནས་ཤིང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲ་བརྟན་དུ་གཏོང་བའི་འགན་འཁྲི་གལ་ཆེན་ཕྲག་ཏུ་འཁུར་ཡོད། ང་ཚོས་འཕེལ་རྒྱས་ཀྱི་དུས་རིམ་རང་བཞིན་གྱི་ཁྱད་ཆོས་དང་ལོ་རྒྱུས་ཀྱི་གོ་སྐབས་ལ་སྟངས་འཛིན་ཡང་དག་བྱས་ཏེ། ཐོན་ལས་ཆེན་པོ་གསུམགྱི་མ་ལག་འཛུགས་སྐྲུན་ལ་རྐང་བཙུགས་ནས་གནད་འགག་དྲུག་ལ་དམིགས་ཏེ། རྐང་ཚའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གཏོད་པར་འབད་བརྩོན་བྱེད་དགོས། དར་ཆ་གསལ་སྒྲེང་གིས་ཆབ་སྲིད་གླེང་བ་དང་། ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཁ་ཕྱོགས་སུ་བློ་བརྟན་འགྱུར་མེད་ངང་མདུན་སྐྱོད་བྱེད་དགོས། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། གཏན་འཁེལ་གཉིསཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ནས། དད་མོས་བརྟན་པོ་དང་དངོས་དོན་གཉེར་བ། འགན་འཁྲི་འཁུར་ཕོད་པ། རང་གཅུན་ནན་པོ་བཅས་ཀྱི་བླང་བྱ་རང་རྟོགས་ངང་ལག་ལེན་བསྟར་དགོས། གཙོ་གནད་དྲུག་ལ་དམིགས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་འགག་སྒྲོལ་གསར་པ་ཡོང་བ་བྱེད་དགོས་པ་དང་། རི་ཆུའི་རི་མོ་བཟང་བོ་བྲིས་ནས་སྐྱེ་ཁམས་འགོག་སྲུང་གི་རྒྱབ་རྟེན་བརྟན་པོ་འཛུགས་དགོས། ལྗང་མདོག་གི་ཇུས་གཞི་ཡག་པོ་འཐེན་ནས་ཐོན་ལས་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་སྐུལ་སློང་བྱེད་དགོས། བསྒྱུར་བཅོས་ཀྱི་ཐབས་ཇུས་གསར་བ་འཐེན་ནས་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེ་རུ་གཏོང་བའི་རྗེས་ཤུགས་གསར་པ་གསོག་འཇོག་བྱེད་དགོས། ཕྱུག་འགྱུར་གྱི་ལམ་བུ་བདེ་མོ་བཏིང་ནས་མི་དམངས་ཀྱི་འཚོ་བ་ཡར་རྒྱས་གསར་པ་ཡོང་བ་བྱེད་དགོས། དད་མོས་ཀྱི་འདུ་ཤེས་བརྟན་མོ་བཙུགས་ནས་དངོས་སྒྲུབ་འབད་འཐབ་ཀྱི་མཉམ་ཤུགས་གསར་པ་གཅིག་ཏུ་སྒྲིལ་དགོས། མཐུན་སྒྲིལ་གྱི་བསྟོད་གླུ་བླངས་ནས་ཡུན་རིང་བདེ་འཁོད་ཀྱི་རྣང་ཞིང་གསར་བ་མཉམ་དུ་སྐྲུན་དགོས། སྤྱོད་ཚུལ་བཟང་པོ་སྦྱོང་བརྡར་བྱས་ཏེ་སྤྱོད་ཚུལ་བཟང་པོས་རྒྱང་སྐྱོད་ལམ་བུ་གསར་པར་སྲུང་སྐྱོབ་བྱེད་དགོས། གྱོད་གཞི་མེ་ལོང་དུ་བྱས་ནས་བསླབ་བྱ་ལེན་པ་དང་རྟག་ཏུ་ཉེན་བརྡ་གཏོང་བ། གྲུབ་འབྲས་ཀྱི་ལྟ་བ་ཡོ་བསྲང་མི་ཐུབ་པའི་སྡུག་བསྔལ་གྱི་ཉམས་མྱོང་གཏིང་ཟབ་ངང་བསྡུ་ལེན་བྱས་ནས་རང་ཉིད་དང་འགན་འཁྲི། བྱ་བ་བཅས་ཀྱི་ནང་དུ་དངོས་གནས་འཇོག་དགོས། སེམས་ཤུགས་གཅིག་སྒྲིལ་གྱིས་བྱ་བ་ཧུར་ཐག་གིས་སྒྲུབ་ནས། དོན་དངོས་སྒྲུབ་པ་དང་སྔོན་ཐོན་བརྩོན་ལེན་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས། རྫོང་ཡོངས་ཀྱི་རིམ་པ་སོསོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཡིད་ཆེས་བརྟན་གཏོང་དང་དངོས་སྒྲུབ་སྔོན་བརྩོན་བྱས་ཏེ་ཚོགས་ཆེན་ཐོག་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་ཁག་རིམ་པ་རེ་རེ་བཞིན་དབྱེ་ཞིབ་དང་ཕན་ཚུན་འབྲེལ་མཐུད། རེ་རེ་བཞིན་ལག་བསྟར་བྱེད་དགོས

图片

  ཚོགས་ཆེན་གྱིས་འབོད་སྐུལ་གནང་དོན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཞིང་ཆེན་དང་ཁུལ་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་བརྟན་པོའི་འོག་ཏུ། བཀའ་མངགས་ཡིད་ལ་བཅངས་ནས་དྲིན་ལན་འཇལ་ཞིང་མདུན་སྐྱོད་བྱེད་པ་དང་། དུས་རྟག་ཏུ་སེམས་ཁྲལ་བྱེད་དགོས་པའིའགན་འཁྲི་དེབྱ་བ་ཐམས་ཅད་ལ་གདེང་ཚོད་ཡོདཔའི་བྱ་སྤྱོད་ཀྱི་ནུས་པར་བསྒྱུར་དགོས། འཆར་གཞི་གཅིག་ལྟར་མཐར་ཕྱིན་པར་སྒྲུབ་པ་དང་། འགན་འཛིན་ཐེངས་རེ་རེ་བཞིན་མུ་མཐུད་སྒྲུབ་དགོས་ སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་སྟོབས་ཤུགས་ཆེར་སྐྱེད་ཀྱིས་འཛུགས་སྐྲུན་བྱེད་ཆེད་རྐང་ཚའི་རང་ནུས་ཅི་ལྕོགས་ཀྱིས་འབད་པ་བྱེད་དགོས།