རྐང་ཚ་རྫོང་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅོ་བརྒྱད་པའི་གྲོས་ཚོགས་ཐེངས་དང་པོ་ཚོགས་མགོ་བརྩམས།
རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་བོད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཟླ7པའི་ཚེས19ཉིན་གྱི་སྔ་དྲོ། རྐང་ཚ་རྫོང་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅོ་བརྒྱད་པའི་གྲོས་ཚོགས་ཐེངས་དང་པོ་རྫོང་ཚོགས་འདུ་ལྟེ་གནས་སུ་འཚོགས་མགོ་བརྩམས་ཤིང་། ཚོགས་ཞུགས་འཐུས་མི139ཡོད་པ་དང་། དངོས་ཞུགས་འཐུས་མི133ཡོད།


ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ལག་བསྟར་ཀྲུའུ་ཞི་ཀྲང་ཆིས་ཧྥིན་དང་། ཀྲའོ་ཡོ་ཆོན། ཝང་ཞའོ་ཅོན། ལིས་ཁྲིན་ཡོན། སྒྲོལ་མ་འཚོ་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས་ཡོད། གདན་ཞུ་ལྟར་ཚོགས་ཆེན་ལ་ཞུགས་པ་དང་འབྲེལ་ཀྲུའུ་ཞིའི་སྟེགས་བུའི་ཐོག་བཞུགས་མཁན་ལ་ཀྲུའུ་ཞིའི་ཚོགས་པའི་ཁོངས་མི་ཡོངས་དང་། རྫོང་ཨུ། རྫོང་མི་དམངས་སྲིད་གཞུང་། རྫོང་སྲིད་གྲོས། རྫོང་མི་དམངས་ཁྲིམས་ཁང་། རྫོང་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་འབྲེལ་ཡོད་འགོ་ཁྲིད་བཅས་ཡོད།


རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་དང་། རྫོང་ཁོངས་གཏོགས་རྒྱལ་དབང་ཁེ་ལས་ཀྱི་འགན་འཁུར་བློ་མཐུན། དེ་བཞིན་རྫོང་དུ་བཅའ་སྡོད་བྱས་པའི་ཞིང་ཆེན་དང་ཁུལ་གྱི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བ་དང་སྲིད་གྲོས་རྐང་ཚ་རྫོང་སྐབས་བཅོ་ལྔ་བའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཟུར་ཞུགས་ཚོགས་ཆེན། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ལག་བསྟར་ཀྲུའུ་ཞི་ཀྲིག་ཡོ་ཆོན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་།

རྫོང་ཨུའི་ཧྲུའུ་ཅི་གཞོན་པ། རྫོང་མི་དམངས་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི་ལིག་ལེས་ཀྱིས་ཚོགས་ཆེན་ལ་སྲིད་གཞུང་བྱ་བའི་སྙན་ཞུ་ཕུལ།



སྙན་ཞུའི་བསྟན་དོན། འདས་ཟིན་པའི་ལོ་ངོ་ལྔ་ནི་རྐང་ཚ་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་རྒྱུན་ལྡན་མིན་པ་དང་སྤྱིར་བཏང་མིན་པའི་ལོ་ལྔ་ཡིན་པ་དང་། 2021ལོའི་ཟླ6པའི་ཚེས8ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་དངོས་སུ་རྐང་ཚ་རུ་གཟིགས་ཞིབ་གནང་བར་ཕེབས་ནས་ང་ཚོར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་ལས་འགན་གལ་ཆེན་གནང་བ་རེད། ལོ་ལྔའི་རིང་། རྫོང་ཡོངས་ཀྱི་གོང་འོག་བར་གསུམ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཡི་མངགས་བཅོལ་ནན་པོ་བློ་ལ་བརྟན་པོར་ངེས་པ་དང་། ཤིང་། རྫོང་ཨུའི་སྟོབས་ལྡན་འགྱུར་མེད་ཀྱི་འགོ་ཁྲིད་འོག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་རླབས་ཆེའི་དར་ཆ་མཐོན་པོར་བསྒྲེངས་ནས། ཏང་གི་ཚོགས་ཆེན་ཉི་ཤུ་བ་དང་སྐབས་ཉི་ཤུ་བའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། ཀྲུང་དབྱང་དང་ཞིང་ཆེན། ཁུལ་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་དང་བྱ་བའི་བླང་བྱ་ཁག་བློ་ཐག་རྦད་བཅད་ཀྱིས་དོན་འཁྱོལ་བྱས་ཏེ། དྲིན་ཚོར་མདུན་སྐྱོད་དང་འབད་འཐབ་སྔོན་འགྲན་བྱས་ཤིང་། བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅིས་མཛུབ་ཁྲིད་གནང་བའི་ཁ་ཕྱོགས་སྙེག་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བྱ་གཞག་ཁག་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་སྟེ། ཕྱོགས་ཡོངས་ནས་དེང་རབས་ཅན་གྱི་རྐང་ཚ་གསར་བ་སྐྲུན་པར་རྨང་གཞི་བརྟན་པོ་བཏིང་ཡོད།




སྙན་ཞུའི་ཁྲོད་མ་འོངས་བའི་ལོ་ལྔའི་སྲིད་གཞུང་བྱ་བའི་སྤྱིའི་བསམ་ཕྱོགས་བཏོན་པ་དང་། ཀྲུང་གོ་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོ་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་བ་དང་སྐབས་ཉི་ཤུ་བའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ལ་བཏོན་པའི་བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། ཡར་རྒྱས་བརྟན་པོ་ཡོང་བའི་བྱ་བའི་སྤྱིའི་དགོངས་གཞི་མཐའ་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་འཐུས་ཚང་དང་། གནད་འཁེལ། ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པར་མཉམ་བསྲེས་བྱེད་པ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ། ཞིང་ཆེན་ཏང་ཨུ་སྐྱེ་ཁམས་དཔལ་ཡོན་མཐོ་ས་དང་ཐོན་ལས“ས་གནས་བཞི”གཏོད་པའི་སྤྱིའི་བཀོད་སྒྲིག་གཞིར་བཟུང་ནས། ཁུལ་ཨུའི“ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་པའི”ལས་འགན་དང་“འཆར་ཤེལ་གཅིག་དང་གླིང་ཁུལ་གཉིས། ཁུལ་བཞི་མཚམས་ཚིགས་སྣ་མང་”འཐབ་ཇུས་བཀོད་སྒྲིག་གཏན་འཁེལ་བྱེད་པ་དང་། རྫོང་ཨུའི“1234”སྤྱིའི་བསམ་ཕྱོགས་དམ་ཟབ་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བརྗོད་དོན་ཁོང་དུ་ཆུད་པ་དང་། དཔལ་འབྱོར་འཕེལ་རྒྱས་དང་། རི་ཀླུང་མཛེས་རྒྱན། དམངས་ཚིས་ལེགས་བཅོས། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་འཆམ་མཐུན་བཅས་ལ་དམིགས་ཏེ། ཕྱོགས་བསྡུས་སྟོབས་ཤུགས་ཆེར་བསྐྱེད་དང་། སྐྱེ་ཁམས་སྤུས་ཚད་ལེགས་བཅོས། རྨང་གཞིའི་འདེགས་སྐྱོར་བརྟན་པོ། འཚོ་བའི་སྤུས་ཚད་ཇེ་མཐོ་བཅས་བཏང་སྟེ། དེང་རབས་ཅན་གྱི“མདོག་བཞིའི”ཁྱིམ་གཞི་ཧུར་ཐག་གིས་བསྐྲུན་ནས། རྒྱལ་ཡོངས་དང་ཞིང་ཆེན། ཁུལབཅས་ཡོངས་ལ་དུས་མཉམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པར་ཐག་གཅོད་རང་བཞིན་གྱི་འཕེལ་རྒྱས་ཡོང་བར་བྱས།