མཚོ་སྔོན་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་སྐྱེན་པོའི་མདའ་རྩལ་འགྲན་བསྡུར་སྐབས་བཅུ་གཅིག་པ་རྐང་ཚ་ནས་གཟབ་རྒྱས་ངང་མགོ་བརྩམས་པའི་ངོ་མཚར་རྣམ་པ།
རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་བོད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཟླ7པའི་ཚེས19ཉིན། “མཚོ་ངོགས་བོད་མཁར་རྐང་ཚ། གཡང་མདའི་ངོ་མཚར་ལྟད་མོ”ཞེས་པ་བརྗོད་དོན་དུ་བྱས་ནས་སྤྱི་ལོ2026ལོའི་ཀྲུང་གོ・མཚོ་སྔོན་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་སྐྱེན་པོའི་མདའ་རྩལ་འགྲན་བསྡུར་སྐབས་བཅུ་གཅིག་པ་རྐང་ཚ་ནས་གཟབ་རྒྱས་ངང་མགོ་བརྩམས།
འགྲན་བསྡུར་ཁྲོད་རྒྱལ་ཁབ9ཡི་འཐུས་ཚབ་རུ་ཁག88དང་། འགྲན་ཞུགས་པ་སྟོང་ལྷག་ཞུགས་ཡོད། གཞོན་ནུའི་འགྲན་བསྡུར་སྡེ་ཚན་གསར་དུ་བཙུགས་པ་དང་། འགྲན་སྡུར་ལམ་ལུགས་གསར་གཏོད་བྱས་ཏེ་མང་ཚོགས་ལ་ཉམས་ལེན་བྱེད་པའི་གོ་སྐབས་སྤྲད་དེ་སྲོལ་རྒྱུན་མདའ་རྩལ་ཁྱབ་གདལ་གཏོང་བར་སྐུལ་འདེད་བཏང་ཡོད། འགོ་རྩོམ་མཛད་སྒོའི་རིག་རྩལ་འཁྲབ་སྟོན་གྱིས་ས་གནས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་དང་མི་རིགས་ཀྱི་ཁྱད་ཆོས་ཟུང་འབྲེལ་བྱས་པ་དེས་མཐོ་སྒང་གི་ཁྱད་ཆོས་མངོན་པར་མཚོན་ཡོད། ཐེངས་འདིའི་འགྲན་བསྡུར་ནི་མདའ་ཡི་ལམ་བརྒྱུད་ནས“ཞིང་ཕྱུགས་ལུས་རྩལ་ཡུལ་སྐོར་ཚོང་ལས”བཅས་མཉམ་འདྲེས་གཏིང་ཟབ་ཏུ་བཏང་བ་དང་། རིམ་པ་སོ་སོའི་སྨྱན་སྦྱོར་གྱི་དྲིལ་བསྒྲགས་ནུས་པ་བེད་སྤྱད་དེ། རྐང་ཚའི་ཡུལ་གྱི་ཡུལ་སྐོར་སྤུས་རྟགས་མུ་མཐུད་སྲ་བརྟན་དུ་གཏོང་བ་དང་། ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་བསྣན་ཡོད།






























