མཚོ་བྱང་རྐང་ཚས་སེམས་ཤུགས་གཅིག་སྒྲིལ་གྱིས་གཞོན་སྐྱེས་འཚར་ལོངས་འབྱུང་བར་སྲུང་སྐྱོབ་བྱས་ནས་སྙིང་རྗེའི་རོགས་སྐྱོར་གྱི་ཕུགས་འདུན་མངོན་པར་བྱས།
རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་བོད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཉེ་ཆར། གུང་གཞོན་ཚོགས་པ་རྐང་ཚ་རྫོང་ཨུས་འབྲེལ་ཟམ་དང་འབྲེལ་ཐག་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། དཔལ་དགེ་གྲོང་རྡལ་གྱི་ལས་བྱེད་པ་དང་མཉམ་འགུལ་བྱས་ཤིང་། གནད་ལ་འཁེལ་བའི་སྒོས་འཚོལ་ཞིབ་དང་བཀོད་སྒྲིག་བྱས་ཏེ། ས་གནས་དེ་གའི་གཞུང་ཁོངས་མིན་པའི་ཁེ་ལས་ཀྱི་ཚོགས་པའི་རྩ་འཛུགས་ཐོན་ཁུངས་དང་སྦྲེལ་མཐུད་ཧུར་ཐག་བྱས་པ་དང་། དཔལ་དགེ་གྲོང་རྡལ་དཀོན་ལོ་ཞོལ་མ་སྡེ་བའི་མཐོ་རྒྱུགས་སློབ་མ་ཕུལ་བྱུང་ཚོར་ཡུན་ཕན་སློབ་ཞུགས་རོགས་སྐྱོར་གྱི་སྟེགས་བུ་བཏོད་དེ། དོན་དངོས་ཀྱི་ཡུན་ཕན་རོགས་སྐྱོར་བྱ་ཐབས་ལ་བརྟེན་ནས་འབྲོག་ཁུལ་གྱི་གཞོན་ནུ་ཚོས་སློབ་ཆེན་དུ་འགྲོ་བའི་ཕུགས་འདུན་མངོན་འགྱུར་འབྱུང་བར་རོགས་རམ་བྱས་པ་རེད།
དུས་འགོར། དཔལ་དགེ་གྲོང་རྡལ་གྱི་སྡེ་བའི་བཅའ་སྡོད་ཧྲུའུ་ཅིས་རྒྱུན་རྣམ་ཅན་གྱི་ཁྱིམ་ཚང་དུ་བསྐྱོད་དེ། དཀའ་ངལ་ཡོད་པའི་སློབ་མའི་གྲངས་འབོར་ལ་བརྟེན་ནས་གུང་ཚོགས་རྫོང་ཨུས་དཀོན་ལོ་ཞོལ་མ་སྡེ་བའི་2026ལོའི་མཐོ་རྒྱུགས་སློབ་མ་ཡེ་ཤེས་མཚོ་མོ་གཙོ་གནད་རོགས་སྐྱོར་བྱ་ཡུལ་དུ་གཏན་འཁེལ་བྱས་པ་རེད། ཕྱོགས་སྣ་མང་བོར་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་བྱས་པ་བརྒྱུད། སྡེ་ཚོགས་རྫོང་ཨུས་་རྐང་ཚ་རྫོང་སྦྲ་ཚང་སྨུག་པོ་བཟའ་བཏུང་ཚད་ཡོད་ཀུང་སིའི་སྡེ་ཚོགས་ཀྲི་པུའུ་དང་གྲུབ་འབྲས་ཐོབ་པའི་ངང་འབྲེལ་མཐུད་བྱས་ནས་ཕྱོགས་གཉིས་པོར་ཡུན་ཕན་སློབ་ཞུགས་རོགས་སྐྱོར་གྱི་ཐུན་མོང་ངོས་འཛིན་བྱུང་ཡོད།
བྱམས་བརྩེ་ཁེ་ལས་དེས་ལོ་བཞི་བསྟུད་མར་ཡེ་ཤེས་མཚོ་མོའི་སློབ་ཆེན་གྱི་སློབ་ཡོན་ཆ་ཚང་འགན་འཁུར་ནས“གཅིག་གཏད་གཅིག་དང་ལོ་བཞིར་རྒྱུན་ཆད་མེད་པའི”ཡུན་ཕན་སློབ་ཞུགས་རོགས་སྐྱོར་ལམ་སྲོལ་བཙུགས་ནས་སློབ་མའི་སློབ་ཆེན་སྐབས་ཀྱི་སློབ་ཡོན་གྱི་དཀའ་གནད་རྩ་བ་ནས་ཐག་གཅོད་བྱས་ཏེ། ཁོང་ཚོར་དཔལ་འབྱོར་གྱི་ཁུར་བོ་མེད་པར་བཟོས་ནས་བློ་བདེ་ངང་སློབ་གཉེར་བྱེད་དུ་འཇུག་རྒྱུ་དང་། དེར་བསྟུན་གཞོན་ནུ་ཚོགས་པའི་རྫོང་ཨུས་གཞོན་ནུ་བྱམས་བརྩེ་ཞབས་ཞུའི་འགན་ནུས་ཏན་ཏིག་བསྒྲུབས་ཏེ། ཡུལ་དངོས་ནས་ཡེ་ཤེས་མཚོ་མོར་འཚམས་འདྲིའི་དངུལ་སྒོར1000སྤྲད་པ་དང་། “ཁེ་ལས་ཀྱིས་ཡུན་རིང་མཐའ་སྲུང་དང་གཞོན་ནུ་ཚོགས་པའི་གཅེས་སེམས”ཀྱི་རོགས་སྐྱོར་བྱེད་སྟངས་བརྒྱུད་རོགས་སྐྱོར་གྱི་དྲོད་ཚད་དང་ཕན་འབྲས་མཐོ་རུ་བཏང་སྟེ་ཕྱོགས་ཡོངས་ནས་གཞོན་ནུའི་སློབ་གཉེར་ལམ་བུར་སྲུང་སྐྱོབ་བྱས་པ་ཡིན།
ད་ཐེངས་ཀྱི་བྱམས་བརྩེ་་སློབ་སྐྱོར་རོགས་དངུལ་བྱ་སྤྱོད་ཐོག་ནས་ས་གནས་དེ་གའི་ཁེ་ལས་ཀྱིས་སློབ་སྐྱོར་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་འགན་འཁྲི་་མངོན་པར་མ་ཟད། སྤྱི་ཚོགས་ཡོངས་ཀྱིས་རིག་གནས་ལ་བརྩི་མཐོང་དང་སློབ་གསོར་མཐོང་ཆེན། ཀུན་སྤྱོད་ལ་བརྩི་མཐོང་། སློབ་སྐྱོར་ལ་བྱམས་སེམས་ཆེན་པོ་བཅངས་པ་བཅས་ཀྱི་རྣམ་པ་ཟབ་མོ་སྔར་ལས་བཏོད་དེ་གཞོན་སྐྱེས་འཚར་ལོངས་འབྱུང་བར་དོ་སྣང་དང་ཤེས་ལྡན་མི་སྣ་གསོ་སྐྱོང་ལ་རོགས་རམ་བྱེད་པའི་སྤྱི་ཚོགས་ཀྱི་མཉམ་ཤུགས་བཏོན། རོགས་སྐྱོར་ཐོབ་པའི་སློབ་མ་ཡེ་ཤེས་མཚོ་མོར་སེམས་འགུལ་ཟབ་མོ་ཐེབས་པར་མ་ཟད། ཁོང་གིས་མ་འོངས་བའི་སློབ་སྦྱོང་གི་གོ་སྐབས་ཡག་པོར་གཅེས་སྤྲས་ལྡབ་འགྱུར་གྱིས་བྱེད་པ་དང་། སྡེ་ཚོགས་ཨུ་ལྷན་གྱི་ཐུགས་ཁུར་དང་། ཁེ་ལས་ཀྱི་བྱམས་སེམས། ཕ་ཡུལ་གྱི་རེ་སྒུག་སོགས་བློ་ལ་བརྟན་པོར་བཅངས་ནས། སློབ་ཆེན་སྐབས་སུ་ཆེད་ལས་ཤེས་བྱར་འབད་བརྩོན་ཞིབ་འཇུག་དང་། འཇོན་ནུས་སྔོག་འདོན། རང་ངོས་ཀྱི་ཕྱོགས་བསྡུས་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་། འབྱུང་འགྱུར་སློབ་སྦྱོང་གི་གྲུབ་འབྲས་ལེགས་པོའི་སྟོབས་ཤུགས་ཕྱིར་ཕ་ཡུལ་ལ་ཁྱེར་ཡོང་ནས་རྐང་ཚར་འཛུགས་སྐྲུན་བྱ་རྒྱུ་དང་། བྱ་སྤྱོད་དངོས་ལ་བརྟེན་ནས་སྤྱི་ཚོགས་ལས་རིགས་ཁག་གི་བྱམས་བརྩེ་དང་རྒྱབ་སྐྱོར་ལ་དྲིན་ལན་གཞལ་དགོས།
ད་རེས་ཀྱི་ཡུན་ཕན་སློབ་སྐྱོར་རོགས་དངུལ་ནི་གུང་གཞོན་ཚོགས་པ་རྐང་ཚ་རྫོང་ཨུས་གཞོན་ནུ་ཞབས་ཞུའི་ལས་དོན་གཏིང་ཟབ་སྤེལ་བའི་གསོན་ཉམས་ཀྱི་ལག་ལེན་ཞིག་ཡིན་ལ། གཞོན་ནུའི་ཚོགས་པའི་རྩ་འཛུགས་ཀྱིས་སྤྱི་ཚོགས་ཀྱི་སྤུས་ལེགས་ཐོན་ཁུངས་སྦྲེལ་མཐུད་དང་། གཞོན་ནུའི་སློབ་སྦྱོང་གི་དཀའ་གནད་གནད་ལ་འཁེལ་བའི་སྒོ་ནས་སེལ་བ། དམངས་ཚིས་ལ་དོན་དངོས་སུ་སྒྲུབ་རྒྱུའི་བྱེད་ཐབས་གལ་ཆེན་ཞིག་ཡིན། ད་རེས་གསར་གཏོད་བྱས་པའི“ཚོགས་པའི་དཔུང་རྡང་སྦྲེལ་བ་དང་། ཁེ་ལས་ཀྱིས་རོགས་སྐྱོར། གྲོང་ཚོར་བཅའ་སྡོད་བྱས་ནས་བཀོད་སྒྲིག་བྱེད་པ། ཡུན་ཕན་རོགས་སྐྱོར”བཅས་ཀྱི་བྱ་བའི་རྣམ་པ་དེས་དེ་སྔའི་དུས་ཐུང་འཚམས་འདྲི་དང་ཐེངས་གཅིག་ལ་ཞལ་འདེབས་ཕུལ་བའི་རོགས་སྐྱོར་གྱི་བཀག་རྒྱ་རྦད་དེ་མེད་པ་བཟོས་ནས་གནད་འཁེལ་རོགས་སྐྱོར་དང་ཡུན་ཕན་རོགས་སྐྱོར་དངོས་འབྲེལ་མངོན་འགྱུར་བྱུང་སྟེ་རོགས་སྐྱོར་ཐོན་ཁུངས་དེ་གཞོན་ནུ་འཚར་ལོངས་ཀྱི་འགག་རྩའི་གནས་དང་དམངས་ཚིས་དགོས་མཁོ་གལ་ཆེའི་གནས་སུ་ཏན་ཏིག་བྱས་པ་རེད།