网站无障碍
རྐང་ཚས་གྲོང་གསེབ་དང་འབྲོག་ཁུལ་གྱི“ཆུའི་ལས་གཞི”ཡག་པོ་བསྒྲུབས་ནས།“བློ་བདེའི་ཆུ”ཕྱོགས་ཡོངས་ནས་འགན་ལེན་བྱས།
发布时间:2026年07月29日 消息来源:

རྩོམ་སྒྲིལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་བོད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས

  མང་ཚོགས་ཀྱི་ཉེ་འཁོར་གྱི་སྤྱོད་ཚུལ་ངན་པ་དང་རུལ་སུངས་གནད་དོན་གཅིག་བསྡུས་ཀྱིས་བཅོས་སྐྱོང་བྱེད་པའི་ལས་དོན་སྤེལ་བ་ནས་བཟུང་། འཐུང་ཆུ་བདེ་འཇགས་ནི་རྐང་ཚ་རྫོང་གིས་དམངས་ཚིས་ཀྱི་དཀའ་གནད་གཙོ་བོར་བརྩིས་ཡོད། ཆུ་མཁོ་འདོན་དྲ་བ་རྙིང་པ་གས་ཆག་ཤོར་བ་དང་ཆུའི་སྤུས་ཚད་ཚད་གཞི་མ་ལོན་པ། མཐའ་མཚམས་འབྲོག་ཁུལ་དུ་ཆུ་མཁོ་སྤྲོད་དཀའ་བ་སོགས་མང་ཚོགས་ཉིན་ལྟར་སེམས་ཁྲལ་ཆེན་པོ་བྱེད་བཞིན་ཡོད་པར་དམིགས་ནས། རྐང་ཚ་རྫོང་གིས་དག་ཐེར་ལ་བརྟེན་ནས་ཡར་རྒྱས་གཏོང་བ་དང་ལས་གཞི་བརྒྱུད་ནས་ཞན་ཆ་གསབ་པ་བྱས་ཏེ། དྭངས་གཙང་གི་ཆུ་རྩྭ་ཐང་གི་ཕྱོགས་དང་ཕྱོགས་སུ་བསྐྱལ་བ་དང་། དོན་དངོས་ཐོག་ཆུ་བེད་བྱ་བའི་གྲུབ་འབྲས་བཟང་པོར་བརྟེན་ནས་རོང་འབྲོག་མང་ཚོགས་ཀྱི་རེ་བ་བསྐངས་ཡོད།


图片

  ཆུ་ནི་འབྲོག་པ་རྣམས་ཀྱི་འཚོ་བའི་རྩ་བ་ཡིན་ལ། འཐུང་ཆུའི་འགན་ལེན་ཡང་ཐེངས་འདིའི་ཆེད་དོན་བཅོས་སྒྲིག་གིས་དམ་འཛིན་ལྷོད་མེད་བྱེད་པའི་ཁྱབ་ཁོངས་གལ་ཆེན་ཞིག་ཡིན། རྐང་ཚ་རྫོང་གིས་ས་ཁུལ་ཡོངས་ལ་ཆུ་མཁོ་འདོན་སྤུས་ཚད་མཐོ་རུ་གཏོང་བའི་ལས་གཞི་དེ་དམངས་ཚིས་འགག་སྒྲོལ་གྱི་ལྟེ་བར་བརྩིས་ཏེ། ཕྱོགས་མང་ཐོན་ཁུངས་བསྡུ་སྒྲིལ་བྱས་ནས་མ་དངུལ་བསྡོམས་འབོར་སྒོར་ཁྲི3213བརྩོན་ལེན་བྱས་པ་དང་། ཆུ་མཁོ་འདོན་ལས་གཞི14ལག་བསྟར་བྱས་ཏེ་རྫོང་ཡོངས་སུ་རོང་འབྲོག་མང་ཚོགས་མི་གྲངས་ཁྲི2.4ལ་ཁྱབ་པར་བྱས། སྔོན་ཆད་སྡེ་བ་མང་པོ་ཞིག་གི་ཆུ་འདྲེན་སྦུ་གུ་རྙིང་པ་ཉམས་གསོ་མ་བྱས་པར་བརྟེན་ཆུ་འཛག་པ་ཚབས་ཆེན་ཡིན་ལ། ཆུ་གསོག་རྫིང་བུ་དང་ཆུ་ལེན་ཁྱམས་ར་སོགས་ལེ་ལག་ཆ་ཚང་མེད་པ། བྱེ་འདམ་གྱིས་ཆུ་སྦུག་ལ་གནོན་ཤུགས་ཐེབས་པ་སོགས་ཀྱི་གནད་དོན་ཡོད་པས། རྫོང་ཡོངས་ཀྱིས་ཆུ་འདྲེན་སྦུ་གུ་རྙིང་པ་བརྗེ་སྒྱུར་དང་ལམ་ཐིག་གསར་པ་སྤྱི་ལེ33.6བཏིང་བ་དང་། ཆུ་ལེན་ཁྱམས་ར2གསར་སྐྲུནདང་ཞིག་གསོ་བྱས། ཆུ་གསོག་རྫིང་བུ5བསྐྲུན་པ་དང་སྟེམ་སྒོའི་བཟོ་བཅོས་དོང220ལེགས་གྲུབ་བྱུང་། ཆུ་ཁུངས་ཁུལ8ཀྱི་སྐྱེ་ཁམས་སྲུང་སྐྱོབ་ལས་གཞི་བསྒྲུབས་པས་འབྱུང་རྩ་ནས་བྱེ་མ་དང་གད་སྙིགས་འགོག་ཐུབ་པ་དང་། འཐུང་ཆུའི་བདེ་འཇགས་སྲུང་ཡོལ་དང་པོ་བརྟན་པོར་བསྲུངས་ཡོད།


图片     མང་ཚོགས་ཀྱི་བློ་བདེའི་ཆུ་སྲུང་སྐྱོབ་དང་འཐུང་ཆུའི་བདེ་འཇགས་འགན་ལེན་བྱེད་པར་ཆུ་གཙང་བཟོ་སྒྲིག་ཆས་ནི་རྨང་གཞིའི་འགན་སྲུང་ཡིན་པས་མེད་དུ་མི་རུང་བ་ཞིག་ཡིན། གཅིག་བསྡུས་བཅོས་སྐྱོང་བྱེད་པར་བརྟེན་ནས།2024ལོ་ནས2025ལོའི་བར་རྫོང་ཡོངས་སུ་ཚད་ལྡན་དུག་སེལ་ཡོ་བྱད་ཆ་ཚང31དང་ཆུ་གཙང་སྒྲིག་ཆས6བཀོད་སྒྲིག་བྱས་ཏེ། གཅིག་སྡུད་ཆུ་མཁོ་འདོན་ས་ཚིགས་ཚང་མར་དུག་སེལ་སྒྲིག་ཆས་ཆ་ཚང་བསྒྲིགས་ཡོད། 2026ལོར་འཆར་གཞི་ལྟར་ཆུ་གཙང་བཟོ་སྒྲིག་ཆས་གསར་བ9ཁ་སྣོན་བྱ་རྒྱུ་ཡིན་པ་ད་ལྟ་ཨར་ལས་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་ཅིང་། ལས་གཞི་ལེགས་འགྲུབ་བྱུང་རྗེས་རྫོང་ཡོངས་ཀྱི་ཁྱབ་ཁོངས་སུ་ཆུ་མཁོ་འདོན་ས་ཚིགས་ཁག་ལ་ཆུ་གཙང་བཟོ་སྒྲིག་ཆས་ཀྱིས་ཁྱབ་པ་མངོན་འགྱུར་བྱུང་བས། དམངས་ཚིས་ཀྱི་བཏུང་ཆུར་འགན་ལེན་བརྟན་པོ་ཡོང་ངེས་རེད།

  སྒྲིག་ཆས་ལེགས་པོ་བཟོ་དགོས་པ་མ་ཟད་དོ་དམ་ཡང་ཡག་པོ་བྱེད་དགོས། ལོ་གསུམ་རིང་ལ་རྐང་ཚ་རྫོང་གིས་ཆུ་རིན་ཆེད་སྤྱོད་མ་དངུལ་སྒོར་ཁྲི223གཅིག་གྱུར་འཆར་འགོད་བྱས་ཏེ། སྦུག་ལམ་སྐྱོན་ཤོར་བ་དང་འཕྲུལ་ཆས་ཀྱི་དཀའ་ངལ་སོགས་གནད་དོན572ཐག་གཅོད་བྱས། མང་ཚོགས་ཀྱིས་བཏོན་པའི་ཆུ་མཁོ་འདོན་གྱི་དཀའ་ངལ་རྣམས་དུས་ཐོག་ཏུ་འཕྲལ་མར་སེལ་ཐུབ་པ་བྱུང་ཡོད། ད་ལོར་རྫོང་ཡོངས་ཀྱི་དྭངས་གཙང་ཡོ་བྱད་ཚང་མ་ཞིབ་བཤེར་ཁྱོན་ཡོངས་ནས་བྱས་པ་དང་ཡུལ་དངོས་སུ་འཁོར་སྐྱོད་གནས་ཚུལ་ར་སྤྲོད་བྱས། དུས་ཚིགས་རེར་ཆུའི་སྤུས་ཚད་རྒྱུན་ལྡན་དུ་བརྟག་དཔྱད་བྱེད་པའི་ལམ་སྲོལ་བཙུགས་ནས། ཆུ་དཔེ་བརྟག་འབྲས་ལྟར་གཙང་སྤྲ་དང་དུག་སེལ་ཚད་གཞི་ལེགས་སྒྲིག་བྱས། བྱེད་ཐབས་དངོས་དོན་འཁྱོལ་བྱུང་བ་དེས་ཕན་འབྲས་བཟང་པོ་ཐོན་ཡོད་དེ། རྫོང་ཡོངས་སུ་འཐུང་ཆུའི་སྤུས་ཀ་ཚད་ལོན་ཐུབ་ཚད་དེ་སྤྱི་ལོ2025ལོའི61%ནས་སྤྱི་ལོ2026ལོའི་དུས་ཚིགས་དང་པོ་བར91%བར་འཕར་ཡོད་པར་མ་ཟད། རྩྭ་ཐང་གི་འཐུང་ཆུའི་སྤུས་ཚད་ཀྱང་ཡར་རྒྱས་ཆེན་པོ་ཕྱིན་ཡོད།

  འབྲོག་ཁུལ་གྱི་སྡོད་གནས་ཁ་ཐོར་དུ་ཡིན་པ་དང་། གཅིག་བསྡུས་ཆུ་སྦུག་གིས་ཁྱབ་ཚད་ཡོངས་སུ་མི་འདང་བའི་གནས་ཚུལ་ལ་གཞིགས་ནས། ལོ་གསུམ་རིང་རྐང་ཚ་རྫོང་གིས་ས་གནས་ཀྱི་ཆ་རྐྱེན་ལྟར་འཕྲུལ་ཁྲོན་གསར་བ138གསར་སྐྲུན་བྱས་པར་མ་ཟད། དུས་ངེས་ཅན་ནང་ཆུའི་སྤུས་ཚད་བརྟག་དཔྱད་བྱས་ཏེ། དམིགས་ཚད་གཙོ་བོ་ཚང་མ་ཚད་གཞི་ལོན་པ་ཁག་ཐེག་བྱས། རྩྭ་ཐང་སྟེང་ཐར་ཐོར་དུ་བསྡད་པའི་འབྲོག་པ་རྣམས་ཀྱིས་ཐག་རིང་པོ་ནས་ཆུ་ལེན་མི་དགོས་པར། རང་ཁྱིམ་སྒོ་འགྲམ་ནས་གཙང་ཞིང་དྭངས་པའི་འཐུང་ཆུ་ལེན་ཐུབ་ཡོད།

  ཆེད་དོན་བཅོས་སྒྲིག་ནི་རླུང་འཚུབ་ཐེངས་གཅིག་ཙམ་མ་ཡིན་པར། དམངས་ཚིས་འགན་ལེན་ནམ་ཡང་ལམ་དུ་ཡོད། རྗེས་ཕྱོགས་སུ། རྐང་ཚ་རྫོང་གིས་དག་ཐེར་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དང་རྒྱུན་ལྡན་རང་བཞིན་གྱིས་ཆུ་སྦུག་ལ་སྐོར་ཞིབ་བྱེད་རྒྱུ་རྒྱུན་འཁྱོངས་བྱ་རྒྱུ། དུས་བཀག་ལྟར་ཆུའི་སྤུས་ཚད་བརྟག་དཔྱད་བྱེད་པ་དང་དྭངས་གཙང་བཟོ་ཆས་ཀྱི་ཡུན་རིང་བདག་སྐྱོང་ལམ་སྲོལ་འཐུས་ཚང་དུ་གཏོང་བ། འཐུང་ཆུའི་ལས་གཞིའི་ཉེན་ཁ་སྣ་ཚོགས་རྒྱུན་མཐུད་ངང་རྩད་གཅོད་བྱས་ནས་ཐག་གཅོད་བྱེད་པ། ཡུན་གནས་དོ་དམ་བརྒྱུད་མང་ཚོགས་ཀྱིས་བློ་བདེ་བག་ཕེབས་ངང་བཏུང་ཆོག་པའི་ཆུ་གཙང་མ་ཞིག་བརྟན་སྲུང་བྱས་ནས། རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་འཇགས་ཚོར་སེམས་བཅས་ཆེ་རུ་གཏོང་རྒྱུ་ཡིན།