网站无障碍
མཚོ་བྱང་རྐང་ཚས་བདེ་སྐྱིད་ཟ་ཁང་གིས་དམངས་ཚིས་ཇེ་ལེགས་སུ་བཏང་།
发布时间:2026年07月30日 消息来源:

རྩོམ་སྒྲིལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་བོད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས

  ད་ལོ་ནས་བཟུང་།     མཚོ་བྱང་ཁུལ་རྐང་ཚ་རྫོང་གིས་བདེ་སྐྱིད་ཟ་ཁང་འཛུགས་སྐྲུན་བྱེད་པ་ནི་གཞི་རིམ་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་དམངས་ཚིས་བྱ་བ་དངོས་ཡག་པོ་སྒྲུབ་པའི་བྱེད་ཐབས་གལ་ཆེན་ཞིག་ཏུ་བརྩིས་ནས། རྒན་རྒོན་ཚོགས་པསཟ་མ་གཡོས་སྦྱོར་དཀའ་བ་དང་། ཟ་མ་བཟའ་བར་སེམས་ཁྲལ་བྱེད་པ། བཟའ་བཏུང་སྟབས་བདེ་མིན་པསོགས་ཀྱི་དཀའ་ངལ་ཆེ་སར་དམིགས་ཏེ། ཕྱོགས་ཡོངས་ནས་ཁྱབ་པར་བྱས་ཏེ་རྨང་གཞི་བརྟན་པོ་བཙུགས་པ་དང་། ཡུན་རིང་གཉེར་སྐྱོང་བྱས་པ་བརྒྱུད་ཕན་འབྲས་བཟང་པོ་ཐོན་པར་བྱས། སེམས་གསོ་ཞབས་ཞུ་ཡིས་མི་སེམས་བདེ་བར་བྱས་ཤིང་། དོན་དངོས་སུ་དམངས་ཚིས་ཆུང་ཆུང་དེ་དག་མི་དམངས་སེམས་པ་གཅིག་ཏུ་སྒྲིལ་བ་དང་རྨང་རྡོ་སྲ་བརྟན་དུ་གཏོང་བའི་ལས་དོན་གལ་ཆེན་ཞིག་ཏུ་བསྒྲུབས་ཡོད།



  རྫོང་འདིའིབཅུ་ཡོད་ལས་གྲྭའིལས་དོན་ལ་བརྟེན་ནས་ཁྱོན་མ་དངུལ་སྒོར་ཁྲི1810བཏང་སྟེ་རྒན་གསོ་ཞབས་ཞུའི་སྒྲིག་བཀོད་དང་ཟ་ཁང་ས་ཚིགས་གསར་པ15བསྐྲུན་པ་དང་། རྫོང་ནོར་སྲིད་ཀྱིས་ལོ་རེར་ཆེད་དོན་འགྲོ་གྲོན་སྒོར་ཁྲི132བཀོད་སྒྲིག་བྱས་ཏེ་ཉིན་རྒྱུན་གྱི་འཁོར་སྐྱོད་འགན་ལེན་བྱས་པར་མ་ཟད། ཟས་སྐྱེལ་ཞབས་ཞུ་དེ་ཡུལ་ཚོ་དང་སྡེ་བསྡེ་ཁུལཚང་མར་ཁྱབ་པར་བྱས། དམངས་ཀྱི་རེ་བ་ང་ཡིས་སྐོང་བར"རྒྱུན་འཁྱོངས་བྱས་ཏེ། སྒྲིག་ཆས་སྐྱོན་ཆ་མྱུར་དུ་བཅོས་པ་དང་ཞབས་ཞུའི་ནུས་པ་རྒྱ་བསྐྱེད་དེ། ཟས་རིགས་ཁོ་ན་མཁོ་སྤྲོད་བྱེད་པའི་ས་ཚིགས་དེ་བཟའ་བཏུང་དང་ངལ་གསོ།  ལུས་ཁམས་བདེ་སྲུང་།  འབྲེལ་འདྲིས་བཅས་གཞི་གཅིག་ཏུ་འདུས་པའིབདེ་སྐྱིད་འགྲུལ་ཁངདུ་རིམ་སྤོར་བྱས། ད་ལྟའི་བར་དཀའ་ངལ་ཆེ་བའི་རྒན་རྒོན་མི་ཐེངས200ལྷག་དང་མི་གྲངས་ཁྲི1.4ལྷག་ལ་ཞབས་འདེགས་ཞུས་པ་དང་། འགྲོ་འོང་སྟབས་བདེ་མིན་པའི་རྒན་རྒོན་ཚོར་ཁྱིམ་དུ་ཟ་མ་བསྐྱལ་བའི་བྱེད་སྒོ་ཐེངས1040སྤེལ་ཡོད།

  རྐང་ཚ་རྫོང་གིསའཛུགས་སྐྲུན་ལ་མཐོང་ཆེན་དང་དོ་དམ་ལ་མཐོང་ཆུང་། དུས་ཐུང་གི་ཕན་འབྲས་ལས་དུས་ཡུན་རིང་བའི་ཕན་ནུས་ལ་སྣང་མེད་བྱེད་པའིཕྱོགས་ལྷུང་མཐའ་གཅིག་ཏུ་དོར་ནས། ས་གནས་ཀྱི་ཁྱད་ཆོས་གཞིར་བཟུང་ནསསྤྱི་གཉེར་དམངས་སྐྱོང་དང་ཟས་རོགས་ཟུང་འབྲེལགྱི་རྣམ་པ་སྣ་མང་ལག་བསྟར་བྱས། སྡེ་བའི་ཐུན་མོང་དཔལ་འབྱོར་བརྒྱུད་དེཟླ་རེར་ལུག་རེམཁོ་སྤྲོད་བྱེད་པའི་ལམ་ལུགས་རྒྱུན་ལྡན་ཅན་བཙུགས་ཏེ། བདེ་སྐྱིད་ཕྱུགས་རཞེས་སྔོ་ཚལ་རང་མཁོ་ཐུབ་པ་མངོན་འགྱུར་བྱས་ཤིང་། ཟས་རིགས་ཞབས་ཞུ་ནིགཞན་བརྟེནནསརང་སྤེལབར་བསྒྱུར་ཏེ་བདེ་སྐྱིད་ཟ་ཁང་འཛུགས་ཐུབ་པ་དང་འཁོར་སྐྱོད་བརྟན་པ། ཡུན་རིང་ཕན་ཐོགས་ཡོང་བར་ཁག་ཐེག་བྱས།

  རྫོང་འདིའི་ལོ་ན་མཐོ་བ་དང་ཁེར་འདུག འགྲོ་འོང་སྟབས་བདེ་མིན་པ་བཅས་ཀྱི་རྒན་རྒོན་གྱི་ཟ་མ་ཟ་བའི་དཀའ་ངལ་ལ་དམིགས་ནསབྱམས་སེམས་ཟས་སྐྱེལ་ཞབས་ཞུཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། ཟས་རིགས་ཉོ་སྒྲུབ་དང་ལས་སྣོན། སྐྱེལ་འདྲེན་སོགས་བརྒྱུད་རིམ་ཧྲིལ་པོའི་བདེ་འཇགས་དམ་འཛིན་ནན་པོ་བྱས་པ་དང་། ལས་བྱེད་པ་དང་དང་བླངས་པ་མཉམ་དུ་རེས་མོས་ཀྱིས་ཟས་སྐྱེལ་བ་སྒྲིག་འཛུགས་བྱས་པ། ཞབས་ཞུའི་ཁྲོད་དུ་དམངས་ཀྱི་འདོད་བློར་ཉན་པ་དང་དཀའ་གནད་སེལ་ཐབས་བྱེད་བཞིན་ཡོད། རྒྱུན་རྣམ་ཅན་གྱི་མི་དམངས་གནས་ཚུལ་ཕྱིར་འདྲི་ལམ་ལུགས་བཙུགས་ཏེ་ཚལ་རིགས་དང་ཞབས་ཞུ་རྒྱུན་ཆད་མེད་པར་ལེགས་བཅོས་བྱས་པ་དང་། རྫོང་ཡོངས་ཀྱི་རོགས་ཟས་ས་ཚིགས་ཁག་གིས་ཉིན་རེར་ཆ་སྙོམས་རྒན་རབས་མང་ཚོགས་མི་གྲངས300ལྷག་ལ་ཞབས་འདེགས་ཞུ་བཞིན་ཡོད།