网站无障碍
དམག་དམངས་དབར་ཆུ་དང་ཉ་མོ་བཞིན་ཁ་འབྲལ་ཐབས་མེད་པའི་བརྩེ་བ་སྲ་བརྟན་དུ་བཏང་སྟེ། དམག་བཀུར་ཁྱིམ་གཟིགས་དང་སྲིད་བཀུར་དམངས་གཅེས་ཀྱི་ལེའུ་གསར་བ་ཞིག་མཉམ་དུ་བཏོད། 
发布时间:2026年08月05日 消息来源:

རྩོམ་སྒྲིགལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས

——རྐང་ཚ་རྫོང་ཚན་ཁག་ཆེན་པོ་བཞིའི་འགོ་ཁྲིད་ཀྱིས“བརྒྱད་གཅིག”བཅའ་སྡོད་བྱ་ཡུལ་གྱི་དཔུང་དམག་ལ་འཚམས་འདྲི་གནང་།

   དར་དམར་རླུང་གིས་བསྐྱོད་བཞིན་བརྒྱད་གཅིག་བསུ། དམག་དཔུང་རྣམས་ལ་བརྩེ་བའི་འཛུམ་ཆུང་འཁྲུངས། ཀྲུང་གོ་མི་དམངས་བཅིངས་གྲོལ་དམག་བཙུགས་ནས་ལོ་འཁོར99འགོར་བའི་དུས་འདིར། རྫོང་ཨུའི་ཧྲུའུ་ཅི་གཞོན་པ། རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་ལི་ལེས་དང་། རྫོང་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའ་ཧྲུའུ་ཅི།  ཀྲུའུ་རན་ཀྲོ་ཡེས་ཆོན།  རྫོང་སྲིད་གྲོས་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་བསོད་ནམས་ནོར་བུ་སོགས་རྫོང་ཚན་ཁག་ཆེན་པོ་བཞིའི་འགོ་ཁྲིད་བཅས་ཀྱིས་ཚོགས་ཆུང་ཁག་བགོས་ཀྱིས་རྫོང་ཡོངས་ཀྱི་བཅའ་སྡོད་དཔུང་སྡེ་བཞིར་འཚམས་འདྲི་གནང་ཞིང་། རྫོང་དུ་བཅའ་སྡོད་བྱས་པའི་དཔོན་དམག་ཡོངས་ལ་དུས་ཆེན་གྱི་རྟེན་འབྲེལ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་ཞིང་། རྫོང་ཨུ་དང་རྫོང་སྲིད་གཞུང་གི་ཐུགས་ཁུར་དང་བརྒྱུད་སྒྲོག་བྱས་ཏེ་དུས་རབས་གསར་པའི་དམག་སྲིད་དང་དམག་དམངས་ཀྱི་མཐུན་སྒྲིལ་མུ་མཐུད་སྲ་བརྟན་དུ་བཏང་། 

图片
图片
图片
图片

  ལིག་ལེས་རྫོང་མི་དམངས་དྲག་ཆས་པུའུ་རུ་ཡོང་ནས་གནས་དེ་གའི་ཁོར་ཡུག་དང་། སྦྱོང་བརྡར་བྱེད་གནས། ཚོ་བའི་སྒྲིག་ཆས་བཅས་ལ་ལྟ་ཞིབ་བྱས་པ་དང་། མག་གྲབས་སྦྱོང་བརྡར་དང་རྒྱལ་སྲུང་སྐུལ་སློང་། གཞི་རིམ་དམངས་དམག་འཛུགས་སྐྱོང་སོགས་ཀྱི་ལས་དོན་ལ་རྒྱུས་ལོན་ཞིབ་ཕྲ་བྱས་པ་དང་།  རྫོང་མི་དམངས་དྲག་ཆས་པུའུ་ལ་ཉེ་བའི་ལོ་ཤས་རིང་བྱ་བའི་གྲུབ་འབྲས་ཐོབ་པར་ཁས་ལེན་གང་ལེགས་བྱས་པ་རེད། ཁོང་གིས་དུས་ཡུན་རིང་བོའི་ནང་རྫོང་དུ་བཅའ་སྡོད་དཔོན་དམག་ཡོངས་ཀྱིས་མཐོ་སྒང་ལ་གཞི་ཚུགས་ནས་འགན་འཁྲི་ལྷུར་བླངས་ཏེ། ས་གནས་འཕེལ་རྒྱས་ཞབས་ཞུ་དང་། མཁོ་བསྟུན་གློར་བྱུང་ཐག་གཅོད། ཉེན་སེལ་མྱུར་སྐྱོབ། བརྟན་ལྷིང་སྲུང་སྐྱོང་སོགས་ཀྱི་ཐད་ལེགས་རྗེསབཞག་ཡོད། རྫོང་ཨུ་དང་རྫོང་སྲིད་གཞུང་གིས་དུས་རབས་གསར་འི་གཉིས་བཀུར་མཉམ་སྐྲུན་ལས་དོན་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་སྟེ།  དམག་བཀུར་གཟིགས་སྐྱོང་གི་སྲིད་ཇུས་ཁག་དོན་འཁྱོལ་ནན་མོ་བྱས་པ་དང་། དཔོན་དམག་གི་ལས་དོན་དང་འཚོ་བའི་ཁྲོད་ཀྱི་དངོས་ཡོད་དཀའ་ངལ་སེམས་དང་བསམ་པའི་སྒོ་ནས་ཐག་གཅོད་བྱས་ཏེ། དམག་མི་དང་ས་གནས་མཐུན་སྒྲིལ་ཡོང་བའི་མདུན་སྐྱོད་ཀྱི་རྣམ་པ་བཟང་བོ་རྒྱུན་ཆད་མེད་པར་བཏང་པ་དང་།   རྫོང་མི་དམངས་དྲག་ས་པུའུ་འགན་འཁུར་བློ་མཐུན་གྱིས་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་དུས་རྒྱུན་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་ཞི་བའི་ལས་འགན་འཁུར་མཁན་གྱི་སྡོད་ཁང་འགན་ལེན་ཐད་ཀྱི་དཀའ་ངལ་དངོས་སྙན་སེང་ཞུས་ནས་དམག་ཤུགས་སྟོབས་ཆེར་གཏོང་བའི་དམིགས་ཚད་ཐོག་མཐའ་བར་གསུམ་དུ་གཏན་འཁེལ་བྱས་ཏེ་དམག་སྦྱོང་དམག་གྲབས་དང་། རྒྱལ་སྲུང་སྐུལ་སློང་། ཞོད་འགོག་ལས་སྒྲུབ་གྲ་སྒྲིག་སོགས་ཀྱི་གཙོ་གནད་ལས་དོན་ཏན་ཏིག་བྱས་པ་དང་། སྲིད་བཀུར་དམངས་གཅེས་ཀྱི་སྲོལ་རྒྱུན་བཟང་བོ་མུ་མཐུད་དར་སྤེལ་བཏང་བ་དང་།རྫོང་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་རྒྱུར་ཛནུས་ཤུགས་ཡོད་རྒུ་བཏོན། 

图片
图片

  སྐབས་དེར། རྫོང་ཚན་ཁག་ཆེན་པོ་བཞིའི་འགོ་ཁྲིད་ཀྱིས་འཐབ་ཕྱོགས་དང་པོའི་དཔོན་དམག་དང་སྤེལ་རེས་གཏིང་ཟབ་བྱས་ཏེ་དཔུང་སྡེའི་དམག་གྲབས་ལས་སྒྲུབ་དང་། རྒྱུན་གཏན་སྦྱོང་བརྡར། འཚོ་བ་འགན་ལེན་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་བྱས་ནས་ས་མཐོའི་འཐབ་ཕྱོགས་དང་པོ་བརྟན་སྲུང་དང་ཁ་རོག་གེར་ལེགས་སྐྱེས་འབུལ་མཁན་ལས་སྒྲུབ་དཔོན་དམག་ལ་འཚམས་འདྲིའི་དངོས་ཟོག་སྤྲད་དེ་དཔོན་དམག་ཡོངས་ཀྱིས་རང་འགན་ནན་སྒྲུབ་དང་ལས་གནས་བརྟན་སྲུང་། བརྩེ་བའི་ལེགས་སྐྱེས་འབུལ་བའི་སྤྱོད་ཚུལ་བཟང་བོ་ལ་ཚད་མཐོའི་ཁས་ལེན་གནང་།

图片
图片

  ད་རེས་ཀྱི་འཚམས་འདྲིའི་བྱེད་སྒོའི་ཁྲོད། རྫོང་རིག་གནས་ཁང་རྩྭ་ཐང་སྒྱུ་རྩལ་ཚོགས་པས་དུས་གཅིག་ཏུ་ཆེད་དོན་རིག་རྩལ་འཁྲབ་སྟོན་བྱས་ཏེ། ངོ་མཚར་ཆེ་བའི་རིག་རྩལ་ལ་བརྟེན་ནས་དཔོན་དམག་གི་དུས་ཆེན་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་བ་དང་། དམག་དམངས་ཀྱི་བརྩེ་སེམས་ཆུ་དང་ཉ་མོ་བཞིན་དུ་འབྲལ་ཐབས་མེད་པར་མ་ཟད། དམག་མི་དང་ས་གནས་དབར་ལག་གདང་སྦྲེལ་བ་དང་མཐུན་སྒྲིལ་ཡར་རྒྱས་ཀྱི་མཉམ་ཤུགས་སྔར་ལས་གཅིག་ཏུ་སྒྲིལ་ཡོད་པ་རེད། 

རྫོང་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་ལས་དོན་ཅུའི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་བརྒྱུད་རིམ་ཧྲིལ་བོར་འཚམས་འདྲི་གནང་།