网站无障碍
ལེའོ་ཁྲིན་གྲོང་ཁྱེར·རྐང་ཚ་རྫོང་གི་ཁ་གཏད་རོགས་སྐྱོར་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་དང་ཆིངས་ཡིག་འཇོག་པའི་ཞལ་འདེབས་མཛད་སྒོ་འཚོགས།
发布时间:2026年08月14日 消息来源:

རྩོམ་སྒྲིགལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས

   ཉེ་ཆར། ལེའོ་ཁྲིན་གྲོང་ཁྱེར·རྐང་ཚ་རྫོང་གི་ཁ་གཏད་རོགས་སྐྱོར་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་དང་ཆིངས་ཡིག་འཇོག་པའི་ཞལ་འདེབས་མཛད་སྒོ་མཚོ་སྔོན་ཞིང་ཆེན་རྐང་ཚ་རུ་འཚོགས་ཤིང་། ས་གནས་གཉིས་ཀའི་འཐབ་ཕྱོགས་གཅིག་གྱུར་དང་། ཕྱིར་སྡོད་མི་སེར་མཉམ་འབྲེལ་ལྷན་ཚོགས། སློབ་གསོ་སྡེ་ཁག ཁེ་ལས་བཅས་ཀྱི་འཐུབ་ཚབ་ལྷན་དུ་འཛོམས་ནས། མཉམ་ལས་ཐབས་ལམ་དང་རོགས་སྐྱོར་གྱི་གནས་ཚུལ་གསར་བ་མཉམ་དུ་གྲོས་མོལ་བྱས་པ་དང་། ཞལ་འདེབས་རྣམ་གྲངས་དང་ཐོན་ལས་མཉམ་ལས་ཁག་གཅིག་སྡུད་ཀྱིས་དོན་འཁྱོལ་བྱས་ཏེ། ཧྲན་ཏུང་དང་མཚོ་སྔོན་ཁ་གཏད་རོསག་སྐྱོར་གཏིང་ཟབ་ཏུ་གཏོང་བར་སྒུལ་ཤུགས་གསར་བ་བསྣན། ལེའོ་ཁྲིན་གྲོང་ཁྱེར་འཐབ་ཕྱོགས་གཅིག་གྱུར་པུའུ་པུའུ་ཀྲང་གཞོན་པ་དང།  གྲོང་ཁྱེར་ཕྱིར་སྡོད་མི་སེར་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི། གྲོང་ཁྱེར་ཕྱིར་སྡོད་མི་སེར་གཞུང་དོན་ཁང་གི་ཀྲུའུ་རིན་ཀྲའོ་མའེ་བཅས་ཚོགས་འདུར་ཞུགས་ཤིང་གསུང་བཤད་གནང་བ་དང་།  ལེའོ་ཁྲིན་གྲོང་ཁྱེར་གྱི་མཚོ་སྔོན་རོགས་སྐྱོར་ལས་བྱེད་དོ་དམ་ཚན་ཆུང་གི་ཚན་གཙོ་དང་། རྐང་ཚ་རྫོང་ཨུའི་ཧྲུའུ་ཅི་གཞོན་པ། རྫོང་དཔོན་གཞོན་པ(མཚོ་སྔོན་གྱི་རོགས་སྐྱོར)མེང་ཡུང་ཁྲའོ་ཡིས་ཤིས་ཚིག་ཕུལ། 

     མེང་ཡུང་ཁྲའོ་ཡིས་ཤིས་ཚིག་ཕུལ་སྐབས། རྐང་ཚ་རྫོང་ཨུ་དང་རྫོང་སྲིད་གཞུང་གི་ཚབ་བྱས་ནས་ལེའོ་ཁྲིན་གྲོང་ཁྱེར་གྱིས་དུས་ཡུན་རིང་བོའི་ཁྲོད་ལྷག་བསམ་ཟོལ་མེད་ཀྱི་རོགས་སྐྱོར་དང་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས་པ་དང་། ཁོང་གིས་བཤད་རྒྱུར་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་དོན་སྤེལ་ཚུན་གྱི་ལེའོ་ཁྲིན་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ་བྱམས་སེམས་ལྡན་པའི་ངང་མཚོ་སྔོན་ལ་རོགས་སྐྱོར་དང་དངོས་སྒྲུབ་ཀྱིས་མཚོ་སྔོན་ལ་རོགས་སྐྱོར་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཐོན་ལས་འཕེལ་རྒྱས་དང་། དམངས་ཚིས་འགན་ལེན། ཤེས་ལྡན་མི་སྣ་གསོ་སྐྱོང་། སློབ་གསོ་མཐོར་འདེགས་སོགས་ཁྱབ་ཁོངས་མང་བོའི་སྒོ་ནས་རྐང་ཚའི་ཕྱོགས་ཡོངས་ལ་རྒྱབ་སྐྱོར་བྱས་ཏེ། ས་གནས་གཉིས་ཀའི་ཁ་གཏད་མཉམ་ལས་ནས་མཉམ་འདྲེས་གཏིང་ཟབ་བྱེད་པའི་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་བཏང་ནས་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ཟབ་མོ་ཆགས་ཡོད། 

    ཀྲའོ་མའེ་ཡིས་བསྟན་དོན། ད་རེས་ལེའོ་ཁྲིན་གྲོང་ཁྱེར་གྱི་ཕྱིར་སྡོད་མི་སེར་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཚོགས་པ་རྩའཛུགས་བྱས་ནས་རྐང་ཚ་རུ་འབྲེལ་མཐུད་སྤེལ་རེས་བྱེད་པར་བསྐྱོད་པ་དེ་ནི་ཧྲན་ཏུང་དང་མཚོ་སྔོན་གྱི་མཉམ་ལས་བཀོད་སྒྲིག་དོན་འཁྱོལ་དང་ས་གནས་གཉིས་ཀའི་ཁ་གཏད་རོགས་སྐྱོར་གྱི་དངོས་དོན་སྒྲུབ་པའི་ཐབས་ཚུལ་ཟབ་སྤེལ་བྱེད་དགོས། མ་འོངས་བར། ལེའོ་ཁྲིན་གྱིས་གཙོ་གནད་ཕྱོགས་གསུམ་ལ་དམིགས་ནས་མུ་མཐུད་ཤུགས་སྣོན་རྒྱག་རྒྱུ་ཡིན་པ་སྟེ། གཅིག་ནས་ཕྱིར་སྡོད་མི་སེར་གྱིས་དཔལ་འབྱོར་ཚོང་དོན་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུ་དང་།ཕྱིར་སྡོད་་མི་སེར་ལས་རིགས་ཀྱི་ཐབས་ལམ་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། རྐང་ཚའི་ཁྱད་ལྡན་ཐོན་རྫས་ཀྱིས་ཕྱིའི་ཁྲོམ་ར་རྒྱ་བསྐྱེད་པར་རོགས་རེས་བྱས་ནས་ས་གནས་དེ་གའི་ཐོན་ལས་ཀྱི་སྤུས་ཚད་མཐོར་འདེགས་དང་ཕན་འབྲས་ཡོང་བར་བྱེད་དགོས། གཉིས་ནས་ཕྱིར་སྡོད་མི་སེར་ཀྱི་སྟོབས་ཤུགས་གཅིག་སྡུད་ལ་བརྟེན་ནས་ཤེས་ལྡན་མི་སྣ་དར་རྒྱས་གཏོང་བ་དང་། སྤེལ་རེས་སྟེགས་བུ་རྒྱུན་མཐུད་ངང་བསྐྲུན་པ། ས་གནས་གཉིས་ཀའི་ཤེས་ལྡན་མི་སྣའི་ལག་རྩལ་མཉམ་འགུལ་གཏིང་ཟབ་ཏུ་བཏང་ནས་རྐང་་ཚའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལཤེས་ལྡན་མི་སྣའི་འདེགས་སྐྱོར་བྱ་དགོས།  གསུམ་ནས་ཕྱིར་སྡོད་མི་སེར་གྱི་ལྷག་བསམ་བརྒྱུད་སྤྲོད་བྱེད་པ་དང་། ས་གནས་གཉིས་ཀའི་རིག་གནས་ཕན་ཚུན་སྤེལ་རེས་དང་དཔྱད་གཞིར་འཛིན་པར་སྐུལ་འདེད་གཏོང་བ། ཧྲན་ཏུང་དང་མཚོ་སྔོན་གྱི་མཉམ་སྒྲུབ་བྱས་པའི་ཕྱོགས་གཉིས་ཀའི་གཏམ་རྒྱུད་ཡག་པོར་གླེང་ནས། ས་གནས་ཀའི་མང་ཚོགས་ཀྱི་བརྩེ་འདང་མུ་མཐུད་དུ་ཇེ་ཟབ་ཏུ་གཏོང་དགོས། 

图片

     ཚོགས་ཐོག་ཏུ་གཅིག་སྡུད་ཞལ་འདེབས་དང་ཆིངས་ཡིག་འཇོག་པའི་མཛད་སྒོ་སྤེལ་བ་དང་། ཞའེ་ཧའེ་ཞུན་ཁྲན་སྤྱི་ཕན་ཐེབས་རྩ་ལྷན་ཚོགས་ཀྱིས་རྐང་ཚ་རྫོང་ལ་རོལ་དབྱངས་ཀྱི་སློབ་ཁང་གཉིས་ཞལ་འདེབས་བརྒྱབ་སྟེ་ས་གནས་དེ་གའི་མཛེས་རྩལ་སློབ་གསོ་དོ་སྙོམས་འཕེལ་རྒྱས་འགྲོ་རྒྱུར་རོགས་རམ་བྱས་པ་དང་། ལེའོ་ཁྲིན་གྲོང་ཁྱེར་གྱི་ཕྱིར་སྡོད་མི་སེར་མཉམ་འབྲེལ་ལྷན་ཚོགས་ཀྱིས་མཚོ་སྔོན་རོགས་སྐྱོར་ལས་བྱེད་དོ་དམ་ཚན་ཆུང་ལ་འཚམས་འདྲིའི་ཞལ་འདེབས་ཕུལ་ནས་འཐབ་ཕྱོགས་དང་པོ་བརྟན་སྲུང་བྱས་པའི་མཚོ་སྔོན་རོགས་སྐྱོར་ལས་བྱེད་པར་ཐུགས་ཁུར་བྱས་པ་དང་། ལེའོ་ཁྲིན་གྲོང་ཁྱེར་ལུང་ཧྲན་གཤེར་གནོན་འཕྲུལ་ཆས་བཟོ་སྐྲུན་ཚད་ཡོད་ཀུང་སི་དང་རྐང་ཚ་རྫོང་ཧོང་ཡུས་ཞིང་སྦོལ་ཚད་ཡོད་ཀུང་སི་དབར་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་བཞག་པ་དང་། ལག་གདང་གཅིག་སྦྲེལ་གྱིས་ཐོན་ལས་མཉམ་ལས་ཀྱི་ཐབས་ལམ་གསར་་འཚོལ་ཞིབ་བྱས་པ་རེད།

    བྱེད་སྒོ་སྤེལ་སྐབས། ཀྲའོ་མེན་འཁོར་དང་བཅས་པས་ལེའོ་ཁྲིན་གྲོང་ཁྱེར་གྱི་མཚོ་སྔོན་རོགས་སྐྱོར་ལས་བྱེད་པ་འཇོན་མིར་འཚམས་འདྲི་གནང་ཞིང་། ཡུལ་དངོས་སུ་མཚོ་སྔོན་རོགས་སྐྱོར་ལས་བྱེད་པའི་ལས་དོན་དང་འཚོ་བར་ལྟ་ཞིབ་བྱས་པ་དང་། མཐོ་སྒང་ལ་འཕྲོད་ཚུལ་དང་འགན་ལེན་བཀོད་སྒྲིག་ཁག་འདྲི་རྩད་ཞིབ་ཕྲ་གནང་བར་མ་ཟད། ཚང་མས་དཀའ་ཚེགས་ཆེ་བའི་ཆ་རྐྱེན་ཁྱད་བསད་དང་འཐབ་ཕྱོགས་དང་པོར་རོགས་སྐྱོར་གཏིང་ཟབ་བྱེད་པའི་འགན་འཁྲི་འཁུར་བར་ཁས་ལེན་གང་ལེགས་གནང་བ་དང་། མཚོ་སྔོན་རོགས་སྐྱོར་ལས་བྱེད་པ་ཡོངས་ཀྱིས་འགན་འཁྲི་དང་མངགས་བཅོལ་བློ་ལ་བརྟན་པོར་ངེས་པ་དང་། འབྲེལ་ཟམ་དང་འབྲེལ་ཐག་གི་ནུས་པ་འདོན་སྤེལ་བྱེད་པ། རོགས་སྐྱོར་ལས་འགན་ཁག་དམ་འཛིན་ཞིབ་ཕྲ་བྱེད་པ་བཅས་བྱས་ཏེ། ལེའོ་ཁྲིན་གྲོང་ཁྱེར་གྱི་རྒྱབ་སྐྱོར་དེ་རྐང་ཚ་འཕེལ་རྒྱས་ཀྱི་ཕན་འབྲས་དངོས་སུ་སྒྱུར་བར་ཏན་ཏིག་བྱས་པ་དང་། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པས་ཐོག་མའི་བསམ་འདུན་བརྟན་སྲུང་དང་འགན་འཁྲི་ལྷུར་བླངས་བྱས་ཏེ། བྱ་བའི་ཕན་འབྲས་ལ་བརྟེན་ནས་རྐང་ཚ་ཡི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་རམ་བྱས་ནས། ས་གནས་གཉིས་ཀའི་ཏང་ཨུ་སྲིད་གཞུང་གི་ཡིད་ཆེས་དང་རེ་བ་སྟོང་ཟད་དུ་མི་གཏོང་བར་བྱ་དགོས། 

     ད་རེས་ཀྱི་ཚོགས་འདུའི་སྟེང་དངོས་སྒྲུབ་ནུས་ཆེ་དང་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་དེ་ཐོག་ནས་ལེའོ་ཁྲིན་དང་རྐང་ཚའི་དབར་གྱི་ཁ་གཏད་རོགས་སྐྱོར་མཉམ་ལས་ཐད་གོམ་སྟབས་གསར་བ་སྤོས་པར་མཚོན་ཡོད་ལ། ཕྱོགས་གཉིས་ཀས་མ་འོངས་བར་ཆིངས་ཡིག་འཇོག་པའི་རྣམ་གྲངས་དང་ཞལ་འདེབས་དོན་ཚན་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་ཏན་ཏིག་བཏང་བ་དང་།མཉམ་ལས་ཁྱབ་ཁོངས་རྒྱུན་མཐུད་ངང་རྒྱ་ཆེར་གཏོང་བ་དང་རོགས་སྐྱོར་གྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་བཏང་སྟེ། ས་གནས་གཉིས་ཀའི་ཁ་གཏད་རོགས་སྐྱོར་ལས་དོན་རྒྱུན་ཆད་མེད་པར་སྐས་རིམ་གསར་བ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་།