网站无障碍
རྒྱལ་ཁབ་ནུས་རྒྱུ་ཚོགས་པའི་རྐང་ཚའི་དཔལ་འབྱོར་འཕེལ་རྒྱས་ལ་རོགས་འདེགས་བྱས།
发布时间:2026年08月18日 消息来源:

རྩོམ་སྒྲིགལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས

  “ལྔ་ཚན་བཅུ་བཞི”བའི་རིང་ལ། རྒྱལ་ཁབ་ནུས་རྒྱུ་ཚོགས་པའི་ཁ་གཏད་རོགས་སྐྱོར་དང་གྲོང་གསེབ་དར་སྤེལ་བཀོལ་སྒྲིག་གི་བྱེད་ཕྱོགས་གཞིར་བཟུང་ནས། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གི་འཕེལ་རྒྱས་དངོས་ལ་གཞིགས་ནས། ཐོན་ལས་གསོ་སྐྱོང་དང་ལས་གཞི་འཛུགས་སྐྲུན། དམངས་ཚིས་འགན་སྲུང་། འཛད་སྤྱོད་རོགས་སྐྱོར། མི་སྣ་གསོ་སྐྱོང་སོགས་ཀྱི་ཁྱབ་ཁོངས་གཙོ་གནད་ལ་དམིགས་ནས་ཐབས་ཇུས་གནད་སྨིན་ལག་བསྟར་བྱས་ཡོད། རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར1.1427བཏང་སྟེ། ཁ་གཏད་རོགས་སྐྱོར་ལས་གཞི48ཚད་ལྡན་ངང་ལག་ལེན་བསྟར་བ་དང་། ཧྲན་ཏུང་ལེའོ་ཁྲེང་གི་ཤར་ནུབ་མཉམ་ལས་ཐོན་ཁུངས་གཅིག་གྱུར་འཆར་འགོད་ཀྱིས་ཕྱོགས་མང་ཐད་ནས་རྐང་ཚ་རྫོང་གི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་རམ་བྱས་པ་དང་། གནས་གཏན་འཁེལ་གྱི་རོགས་སྐྱོར་གྲུབ་འབྲས་མངོན་གསལ་ཐོབ་ཡོད།ལས་རིགས་རོགས་སྐྱོར་ལ་ཞིབ་འཇུག་གཏིང་ཟབ་བྱས་ནས་ནང་སྐྱེད་འཕེལ་རྒྱས་སྒུལ་ཤུགས་འཕེལ་བར་བྱས། རྐང་ཚའི་མཐོ་སྒང་གི་ཐོན་ཁུངས་ལེགས་ཆ་གཞིར་བཟུང་ནས། རོང་འབྲོག་ལས་བསྒྱུར་བཅོས་དང་འགག་གནད་སྒྲོལ་ཐབས་བྱེད་པར་འབད་བརྩོན་བྱས། མ་དངུལ་སྒོར་ཁྲི113བཏང་སྟེ་མཐོ་སྒང་གྲང་ངར་ཆེ་བའི་ཁྱད་ལྡན་སྔོ་ཚལ་ཚོད་ལྟའི་རྟེན་གཞི་བསྐྲུན་པས། ས་བབ་མཐོ་སར་འདེབས་འཛུགས་དཀའ་གནད་སེལ་ཐུབ་པ་བྱུང་ཞིང་། ས་གནས་དེའི་ཁྱད་ལྡན་སྔོ་ཚལ་འདེབས་འཛུགས་ཐད་སྟོང་ཆ་བསྐངས་ཏེ། གཞི་ཁྱོན་ཆེན་པོས་འདེབས་འཛུགས་བྱེད་པར་སོན་མྱུག་དང་ལག་རྩལ་གྱི་འགན་ལེན་མཁོ་འདོན་བྱས་པར་མ་ཟད། འདེབས་འཛུགས་པ་རྣམས་ཀྱི་ཡོང་འབབ་འཕར་སྣོན་ཡོང་རྒྱུར་སྐུལ་འདེད་ལེགས་པོ་ཐོན་ཡོད། མ་དངུལ་སྒོར་ཁྲི4444བཏང་ནས་མཐོ་སྒང་གིBIPVལས་གཞི་ལག་བསྟར་བྱས་ཏེ། སྐྱེ་ཁམས་དང་དཔལ་འབྱོར་གྱི་ཕན་འབྲས་གཉིས་ཀ་ཐོབ་པར་བྱས་པར་མ་ཟད། གློག་རིན་མངོན་གསལ་གྱིས་ཇེ་དམའ་རུ་བཏང་བ་དང་། རྡོ་སྣུམ་ནུས་ཁུངས་ཟད་གྲོན་ཉུང་དུ་གཏོང་བ། མཚོ་སྔོན་པོའི་ཁོར་ཡུག་སྲུང་སྐྱོབ་བྱེད་པ་བཅས་ཀྱི་ཕན་ཡོན་ཆེན་པོ་ཐོབ་པ་དང་ཆབས་ཅིག འོད་ཤུགས་འཛུགས་སྐྲུན་ལས་རིགས་ས་གནས་ཅན་དུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བྱས། དེ་དང་མཉམ་དུ་རོང་འབྲོག་རིག་གནས་ཐོན་ཁུངས་ཟུང་འབྲེལ་གྱིས་ཡུལ་སྐོར་ཚོང་ལམ་རྒྱ་བསྐྱེད་པ་དང་། ཡུལ་སྐོར་ཡོང་འབབ་འཕར་སྣོན་བྱེད་ས་གསར་པ་སྐྱེད་སྲིང་བྱས་ནས། ལས་ཞུགས་གོ་སྐབས་མང་པོ་བསྐྲུན་ཏེ་གྲོང་གསེབ་དར་རྒྱས་གོང་འཕེལ་ཡོང་བའི་རྨང་གཞི་བརྟན་པོ་ཞིག་བཏིང་།

ཐོན་སྐྱེད་དང་ཕྱིར་འཚོང་ཟུང་འབྲེལ་ལ་ཤུགས་སྣོན་བརྒྱབ་ནས་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཟོང་རྟགས་གསལ་བར་བྱས། ཚོགས་པས་གཅིག་གྱུར་གྱིས་མཐུན་སྦྱོར་རོགས་སྐྱོར་གྱི་ལམ་སྲོལ་སྤྱད་དེ། “རྒྱལ་ནུསeཉོ”དང“ཤེས་རབ་ཚོང་ཟོག་ཁྲོམ་ར”ཞེས་པའི་དྲ་ལམ་སྟེགས་བུ་བསྐྲུན་པ་དང་། དེ་དང་མཉམ་དུ་དངོས་ཡོད་ཚོང་ཁང་དུ་གཏན་འཁེལ་བྱས་ཏེ་ཉོ་སྒྲུབ་བྱེད་པ་དང་ལས་བཟོ་བས་ནང་ཁུལ་དུ་ཉོ་ཚོང་བྱེད་པ་སོགས་ཀྱི་རྣམ་པ་སྤྱད་ནས། དྲ་ལམ་དང་ཡུལ་དངོས་གཉིས་ཀའི་འཛད་སྤྱོད་རོགས་སྐྱོར་མ་ལག་འཛུགས་སྐྲུན་བྱས། སྤྱི་ལོ2025ལོར་རྫོང་ཁོངས་མཐོ་སྒང་གི་ཞིང་ཕྱུགས་ཐོན་རྫས་ཀྱི་ཚོང་འབོར་སྒོར་ཁྲི1200ལས་བརྒལ་བར་སྐུལ་འདེད་བཏང་། ཀྲུང་དབྱང་ཁེ་ལས་ཀྱིས་འཛད་སྤྱོད་རོགས་སྐྱོར་བྱེད་པ་དང་ཤར་ཕྱོགས་འདེམས་སྒྲུག་སོགས་སྟེགས་བུ་བཟང་པོ་བརྒྱུད་ནས་ཐད་གཏོང་ཚོང་ལས་དང་ས་གནས་དངོས་སུ་འགྲེམས་སྟོན་བྱེད་པའི་ཐབས་ལམ་སྣ་ཚོགས་ལ་བརྟེན་ནས་རྐང་ཚའི་ནོར་གནག་དང་བོད་ལུག་གི་ཁྱད་ལྡན་ཐོན་རྫས་ངོ་སྤྲོད་བྱས་པས། ཉིན་གཅིག་ལ་མངགས་ཐོ་ཁྲི4ལྷག་ཟིན་པ་དང་ཚོང་འབབ་སྒོར་ཁྲི600ཟིན་པའི་གྲུབ་འབྲས་ལེགས་པོ་ཐོབ་སྟེ་ས་ཁུལ་གྱི་ཁྱད་ཆོས་ལྡན་པའི་སྤུས་རྟགས་ཀྱི་ཤུགས་རྐྱེན་ཆེ་རུ་བཏང་ཡོད། རྒྱལ་ཁབ་ནུས་རྒྱུ་ཀུང་སིས་གཏན་འཁེལ་བྱས་པའི་རོགས་སྐྱོར་ལམ་ཐིག་སྤུས་ལེགས་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིང་གིས “འཆམ་མཛེས་གྲོང་གསེབ་ལམ” ཞེས་པའི་འོས་སྦྱོར་མིང་ཐོར་བདམས་པ་དེས་ཀྲུང་དབྱང་ཁེ་ལས་རྣམས་ཡུལ་སྐོར་བའི་ཁྲོམ་རར་སྒོ་འབྱེད་བྱས་པར་མ་ཟད། སློབ་སྦྱོང་འགྲུལ་བཞུད་དང་ལས་བཟོ་བའི་འགྲོ་འོང་གི་མངག་ཉོ་དང་ལེན་བྱས་ཏེ་འཛུགས་སྐྲུན་ལས་གཞི་ཁག་སྦྲེལ་མཐུད་བྱས་ཤིང་། ཀྲུང་དབྱང་ཁེ་ལས་ཀྱི་རོགས་སྐྱོར་དང་རིག་གནས་ཡུལ་སྐོར་ལས་རིགས་ཟུང་འབྲེལ་གྱིས་འཕེལ་རྒྱས་འགྲོ་བའི་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་སྟངས་གསར་པ་ཞིག་འཚོལ་ཞིབ་བྱས་ཡོད།དམངས་ཚིས་ཀྱི་ཞན་ཆར་དམིགས་ནས་སྤྱི་པའི་ཞབས་ཞུའི་སྤུས་ཚད་མཐོར་འདེགས་སུ་བཏང་། མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་ལ་དོ་སྣང་བྱས་ཏེ་འབྲོག་ཁུལ་གྱི་སྤྱི་པའི་ཞབས་ཞུ་ཕྱོགས་ཡོངས་ནས་ཁ་གསབ་བྱས། སྒོར་ཁྲི2000བཏང་སྟེ་དཀོན་ལོ་གོང་མ་སྡེ་བའི་མཛེས་སྡུག་ལྡན་པའི་གྲོང་གསེབ་ཕྱོགས་བསྡུས་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱས་པ་བརྒྱུད། གྲོང་སྡེའི་རྨང་གཞིའི་སྒྲིག་བཀོད་དང་ཡུལ་སྐོར་རིག་གནས་མཐུན་རྐྱེན་འཐུས་ཚང་དུ་བཏང་བར་མ་ཟད། གྲོང་གསེབ་ཐོན་ལས་འཕེལ་རྒྱས་གཏོང་བ་དང་སྡེ་མི་ལས་ཞུགས་ཐུབ་པར་སྐུལ་འདེད་བཏང་སྟེ། སྐྱེ་ཁམས་དང་དཔལ་འབྱོར། སྤྱི་ཚོགས་བཅས་ཕན་འབྲས་གསུམ་མཉམ་དུ་ཐོབ་ཡོད། སློབ་གསོའི་ཐད་མ་དངུལ་སྒོར་ཁྲི4588བཏང་ནས་རྫོང་གི་ཞག་སྡོད་ལམ་ལུགས་མི་རིགས་དམའ་རིམ་སློབ་གྲྭ་རྒྱ་བསྐྱེད་ལས་གཞི་ལག་བསྟར་གྱིས་སློབ་གཉེར་གཞི་ཁྱོན་རྒྱ་སྐྱེད་དང་། འབྲོག་ཁུལ་གྱི་ཞག་སྡོད་ཆ་རྐྱེན་ལེགས་བཅོས་བྱས་ཏེ་མི་རིགས་སློབ་གསོ་རྨང་གཞི་སྲ་ཞིང་བརྟན་པ་བཏིང་ཡོད། སྨན་བཅོས་ཐད་ནས་མ་དངུལ་སྒོར་ཁྲི40བཏང་སྟེ་རྒྱང་རིང་ནད་བརྟག་ཡོ་བྱད་ཉོས་པ་དང་། སྒོར་ཁྲི70བཏང་ནས་རྣ་བར་ཉན་རོགས་འཕྲུལ་ཆས་སྦྱིན་པའི་ལས་གཞི་ལག་བསྟར་བྱས་ལ། གཞི་རིམ་རྒྱང་བསྟེན་སྨན་བཅོས་མ་ལག་བཙུགས་པས་ནད་པ་རྣམས་ཀྱིས་སྨན་རིན་སྤྲོད་ཚད་ཉུང་དུ་སོང་བ་དང་། གཞི་རིམ་འཕྲོད་བསྟེན་ཞབས་ཞུའི་ནུས་པ་མཐོ་རུ་ཕྱིན་ཡོད། དུས་མཚུངས་སུ་སྒོར་ཁྲི400བཏང་ནས་སྡེ་བའི་ཏང་ཡོན་བྱ་འགུལ་ཁང་ལ་ཉི་འོད་དྲོད་ཁྱམས་བསྐྲུན་ཏེ། གཞི་རིམ་ཏང་འཛུགས་སྐྱོང་གི་རྟེན་གཞི་འཐུས་ཚང་དང་གཞི་རིམ་བཅོས་སྐྱོང་ནུས་པ་ཆེ་རུ་བཏང་། མ་དངུལ་སྒོར་ཁྲི51.77བཏང་སྟེ་མཚོ་སྔོན་གྱི་མཐོ་སྒང་གྲང་ངར་ས་ཁུལ་གྱི་ནུས་རྒྱུ་གཙང་སྦྲའི་གསང་སྤྱོད་ཚོད་ལྟའི་ལས་གཞི་ཐོག་མ་བསྐྲུན་པ་དེས་མང་ཚོགས་དང་ཡུལ་སྐོར་བས་དགུན་དུས་གཅིན་སྐྱག་གཏོང་དཀའ་བའི་གནད་དོན་ཐག་གཅོད་བྱས་ཤིང་། འབྲོག་ཁུལ་གྱི་མི་སྡོད་ཁོར་ཡུག་མི་སྣ་གསོ་སྐྱོང་གནད་འཁེལ་གྱིས་ནུས་པ་འདོན་སྤེལ་བྱས་ཏེ། གྲོང་གསེབ་དར་སྤེལ་གྱི་རྨང་གཞི་བརྟན་པོ་བཏིང་། ཁྱོན་བསྡོམས་སྒོར་ཁྲི305ཡི་གསོ་སྦྱོང་མ་དངུལ་བཏང་ནས། རིམ་པ་དང་རིགས་དབྱེ་ལྟར་གྲོང་གསེབ་ཀྱི་ཤེས་ལྡན་པ་སྐྱེད་སྲིང་བྱས། གྲོང་གསེབ་དར་རྒྱས་སྣེ་ཁྲིད་པ120ལྷག་ལ་དམིགས་ནས་ཞིང་ཕྱུགས་ཐོན་ལས་རིམ་སྤོར་དང་གློག་རྡུལ་ཚོང་གཉེར། རིག་གནས་ཡུལ་སྐོར། གསར་གཏོད་འཕེལ་རྒྱས་སོགས་གཙོ་གནད་ཁྱབ་ཁོངས་སུ་གསོ་སྦྱོང་བྱས་པ་བརྒྱུད། གྲོང་གསེབ་ཕྱུག་འགྱུར་གྱི“སྣེ་ཁྲིད་པའི”དཔུང་སྡེ་ནུས་ཤུགས་ཡོད་རྒུས་བསྐྲུན་པར་འབད་བརྩོན་བྱས། མང་ཚོགས་ལ་ཞིང་འཕྲུལ་ཉམས་གསོ་དང་ནད་ཡམས་སྔོན་འགོག གློག་བཟོ་ཚ་ལ། ཐད་གཏོང་ཚོང་ལས་སོགས་ཉེར་སྤྱོད་ལག་རྩལ་སྦྱོང་བརྡར་སྤྲད་དེ། ལག་ཁྱེར་ཐོབ་པའི་རྩལ་ནུས་ཅན་མི200ལྷག་གསོ་སྐྱོང་བྱས་པས་རང་ས་རང་ཡུལ་ནས་ལས་ཞུགས་ཡོང་འབབ་འཕར་སྣོན་ནུས་ལྡན་བྱུང་བར་སྐུལ་འདེད་བཏང་། སྡེ་བའི“ཨུ་ལྷན་གཉིས”ཀྱི་ཁོངས་མི་དང་ལས་བྱེད་པ་མངགས་སྡོད་བྱེད་མཁན་སོགས་གཞི་རིམ་ལས་བྱེད་མི་གྲངས190ལྷག་ལ་སྲིད་ཇུས་འགྲེལ་བཤད་དང་གཞི་རིམ་བཅོས་སྐྱོང་། འགལ་བ་འདུམ་སྒྲིག དབུལ་ལོག་འགོག་པའི་ལྟ་ཞིབ་ཚད་ལེན་བཅས་ཆེད་དོན་གསོ་སྦྱོང་སྤེལ་བ་བརྒྱུད་ནས་འགན་འཁྲི་སྒྲུབ་ནུས་ཀྱི་ཞན་ཆ་ཁ་གསབ་ཏན་ཏིག་བྱས། གནད་སྨིན་རང་བཞིན་ལྡན་པའི་གསོ་སྦྱོང་བྱས་པས་རྫོང་ཡོངས་ཀྱི་ཤེས་ལྡན་མི་སྣའི་སྟོང་ཆ་གསབ་ཐུབ་པར་མ་ཟད། རྐང་ཚ་རྫོང་གི་གྲོང་གསེབ་དར་སྤེལ་ལས་དོན་ལ་ཤེས་ལྡན་མི་སྣའི་འགན་སྲུང་དང་རིག་སྟོབས་རྒྱབ་སྐྱོར་བརྟན་པོ་མཁོ་འདོན་བྱས་ཡོད།ལེགས་སྒྱུར་བྱས་པར་མ་ཟད་ཡུལ་སྲོལ་བཟང་པོ་དར་སྤེལ་ལ་རམ་འདེགས་བྱས།

མི་སྣ་གསོ་སྐྱོང་གནད་འཁེལ་གྱིས་ནུས་པ་འདོན་སྤེལ་བྱས་ཏེ། གྲོང་གསེབ་དར་སྤེལ་གྱི་རྨང་གཞི་བརྟན་པོ་བཏིང་། ཁྱོན་བསྡོམས་སྒོར་ཁྲི305ཡི་གསོ་སྦྱོང་མ་དངུལ་བཏང་ནས། རིམ་པ་དང་རིགས་དབྱེ་ལྟར་གྲོང་གསེབ་ཀྱི་ཤེས་ལྡན་པ་སྐྱེད་སྲིང་བྱས། གྲོང་གསེབ་དར་རྒྱས་སྣེ་ཁྲིད་པ120ལྷག་ལ་དམིགས་ནས་ཞིང་ཕྱུགས་ཐོན་ལས་རིམ་སྤོར་དང་གློག་རྡུལ་ཚོང་གཉེར། རིག་གནས་ཡུལ་སྐོར། གསར་གཏོད་འཕེལ་རྒྱས་སོགས་གཙོ་གནད་ཁྱབ་ཁོངས་སུ་གསོ་སྦྱོང་བྱས་པ་བརྒྱུད། གྲོང་གསེབ་ཕྱུག་འགྱུར་གྱི“སྣེ་ཁྲིད་པའི”དཔུང་སྡེ་ནུས་ཤུགས་ཡོད་རྒུས་བསྐྲུན་པར་འབད་བརྩོན་བྱས། མང་ཚོགས་ལ་ཞིང་འཕྲུལ་ཉམས་གསོ་དང་ནད་ཡམས་སྔོན་འགོག གློག་བཟོ་ཚ་ལ། ཐད་གཏོང་ཚོང་ལས་སོགས་ཉེར་སྤྱོད་ལག་རྩལ་སྦྱོང་བརྡར་སྤྲད་དེ། ལག་ཁྱེར་ཐོབ་པའི་རྩལ་ནུས་ཅན་མི200ལྷག་གསོ་སྐྱོང་བྱས་པས་རང་ས་རང་ཡུལ་ནས་ལས་ཞུགས་ཡོང་འབབ་འཕར་སྣོན་ནུས་ལྡན་བྱུང་བར་སྐུལ་འདེད་བཏང་། སྡེ་བའི“ཨུ་ལྷན་གཉིས”ཀྱི་ཁོངས་མི་དང་ལས་བྱེད་པ་མངགས་སྡོད་བྱེད་མཁན་སོགས་གཞི་རིམ་ལས་བྱེད་མི་གྲངས190ལྷག་ལ་སྲིད་ཇུས་འགྲེལ་བཤད་དང་གཞི་རིམ་བཅོས་སྐྱོང་། འགལ་བ་འདུམ་སྒྲིག དབུལ་ལོག་འགོག་པའི་ལྟ་ཞིབ་ཚད་ལེན་བཅས་ཆེད་དོན་གསོ་སྦྱོང་སྤེལ་བ་བརྒྱུད་ནས་འགན་འཁྲི་སྒྲུབ་ནུས་ཀྱི་ཞན་ཆ་ཁ་གསབ་ཏན་ཏིག་བྱས། གནད་སྨིན་རང་བཞིན་ལྡན་པའི་གསོ་སྦྱོང་བྱས་པས་རྫོང་ཡོངས་ཀྱི་ཤེས་ལྡན་མི་སྣའི་སྟོང་ཆ་གསབ་ཐུབ་པར་མ་ཟད། རྐང་ཚ་རྫོང་གི་གྲོང་གསེབ་དར་སྤེལ་ལས་དོན་ལ་ཤེས་ལྡན་མི་སྣའི་འགན་སྲུང་དང་རིག་སྟོབས་རྒྱབ་སྐྱོར་བརྟན་པོ་མཁོ་འདོན་བྱས་ཡོད།