རྐང་ཚ་རྫོང་གིས་ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས།
发布时间:2026年08月20日
消息来源:
རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཉེ་ཆར་རྐང་ཚ་རྫོང་གིས་ནག་འཇོམས་ངན་སེལ་ཟབ་སྤེལ་ཆེད་དོན་འཐབ་རྩོད་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས། ཚོགས་འདུའི་ཐོག་ཀྲུང་དབྱང་དང་ཞིང་ཆེན་ཁུལ་གྱིས་ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་བའི་བརྙན་ལམ་ཚོགས་འདུའི་དགོངས་དོན་སློབ་སྦྱོང་བརྒྱུད་བསྒྲགས་བྱས་པར་མ་ཟད། རྫོང་ཡོངས་ཀྱི་ཆེད་དོན་ལས་དོན་ལ་སྤྱི་ཡོངས་ནས་བཀོད་སྒྲིག་བྱས། རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཧྥེང་ཧྲེང་ལུའུ་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད་གནང་བ་དང་། རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ། སྤྱི་བདེ་ཅུས་ཀྱི་ཅུའུ་ཀྲང་ཉི་ཚེ་རིང་གིས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། རྫོང་མི་དམངས་ཁྲིམས་ཁང་གི་ཏང་ཙུའུ་ཡི་ཧྲུའུ་ཅིའམ་ཡོན་ཀྲང་ཞུང་ཅིང་དང་། རྫོང་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཡི་ཧྲུའུ་ཅིའམ་ཞིབ་དཔྱོད་འགོ་འཛིན་སུའུ་ཞའོ་ཧྥེང་་གཉིས་ཚོགས་འདུར་ཞུགས། ཡུལ་ཚོ་དང་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་དང་ཧྲུའུ་ཅི་གཞོན་པ། ཡུལ་ཚོ་དང་གྲོང་རྡལ་གྱི་སྲིད་ཁྲིམས་ཨུ་ལྷན། སྲིད་ཁྲིམས་སྡེ་ཚན་ཁག་གི་ཏང་ཨུའི(ཏང་ཙུའུ)ཁོངས་མི་ཁག་གཅིག་བཅས་དང་དེ་བཞིན་རྫོང་ཡོངས་ཀྱི་སྡེ་ཚན་སོ་སོའི་འགན་འཁུར་མི་སྣ་གཙོ་བོ་ཚོགས་འདུར་ཞུགས།
ཚོགས་འདུའི་སྟེང་བསྟན་དོན། ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་བ་ནི་ཏང་ཀྲུང་དབྱང་གིས་བཏོན་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་ཡིན་པས། རྫོང་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་བའི་སྐོར་ལ་གནང་བའི་མཛུབ་སྟོན་དང་མཆན་བཀོད་རབ་དང་རིམ་པ་རྣམས་གོ་བ་ཟབ་མོ་ལེན་པ་དང་། ཀྲུང་དབྱང་དང་ཞིང་ཆེན་ཁུལ་གྱིས་ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་བའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། བསམ་བློའི་ངོས་འཛིན་དང་ཆབ་སྲིད་ཀྱི་གོ་རྟོགས་མཐོ་རུ་གཏོང་བ་དང་། ནག་འཇོམས་ངན་སེལ་གྱི་འཐབ་རྩོད་ཟབ་སྤེལ་བྱེད་པར་དོན་སྙིང་ཆེན་པོ་ཡོད་པ་དང་དུས་སུ་འཁེལ་བར་ངོས་ཟིན་གསལ་པོ་ཐོབ་དགོས། བསམ་བློ་དང་བྱ་སྤྱོད་དེ་ཐབས་ཇུས་བཀོད་སྒྲིག་ཁག་གི་སྟེང་དུ་གཅིག་གྱུར་ཡོང་བ་བྱེད་པ་དང་། མང་ཚོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་བཞིན་པའི་དམག་འཐབ་འདི་མཐའ་གཅིག་ཏུ་རྒྱལ་ཁ་ལེན་དགོས།ཚོགས་འདུའི་སྟེང་ནན་གྱིས་བཤད་དོན། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་ལ་ཐོག་མཐའ་བར་གསུམ་དུ་ཤུགས་སྣོན་དང་རྒྱུན་འཁྱོངས་བྱེད་པ་དང་། ཕྱོགས་ཁག་གི་ཐོན་ཁུངས་སྟོབས་ཤུགས་གཅིག་གྱུར་འཆར་འགོད་བྱེད་པ། “ལས་དོན་བརྟན་པོ་སྒྲུབ་རྒྱུ་དང་ཞིབ་བཤེར་གསེད་བཀྲོལ་གནད་དུ་འཁེལ་བ། རྡུང་རྡེག་ཐག་གཅོད་མགྱོགས་པོ་ཡོང་བ”བཅས་རྫོང་ཡོངས་ཀྱིས་ནག་འཇོམས་ངན་སེལ་གྱི་བྱེད་སྒོ་གཏིང་ཟབ་ཏུ་སྤེལ་བའི་བརྒྱུད་རིམ་ཧྲིལ་པོ་དང་ཁྱབ་ཁོངས་ཚང་མར་ཁྱབ་པར་བྱ་དགོས། འཆར་གཞི་ཡོད་པ་དང་གོ་རིམ་ཡོད་པའི་སྒོ་ནས་དུས་མཚམས་སོ་སོའི་འགག་སྒྲོལ་ལས་འགན་ཡག་པོ་བསྒྲུབ་དགོས། ས་ཁོངས་བདག་དོམ་དང་ལས་རིགས་ཀྱི་ཁྱད་ཆོས། ལྟ་སྐུལ་དོ་དམ་ཁྱབ་ཁོངས་བཅས་གཞིར་བཟུང་ནས་མིག་སྔའི་གནས་པའི་རྨོངས་ཆ་དང་ཆད་ལྷག་བྱུང་སར་དབྱེ་ཞིབ་ལེགས་པོ་བྱས་ཏེ། “གནད་དོན་གང་ཞིག་མངོན་གསལ་ཡིན་ཚེ་དེ་བཅོས་སྒྲིག་བྱེད་པ་དང་། ས་ཆ་གང་དུ་བཅོས་སྒྲིག་དགོས་ཚེ་དེར་བཅོས་སྒྲིག་བྱེད”ཐུབ་པར་བྱ་དགོས། མགོ་འབུས་རང་བཞིན་དང་ཁ་ཕྱོགས་ངེས་ཅན་ལྡན་པའི་ཉེན་ཁ་སྔ་མོར་ཐེ་ཇུས་དང་མྱུར་དུ་ཐག་གཅོད་བྱེད་པ་དང་། བརྟག་དཔྱད་ལས་ཤེས་རྟོགས་བྱུང་བའི་ཁུངས་སྣེ་རྣམས་མགྱོགས་མྱུར་ངང་དང་ལེན་དང་བརྟག་ཞིབ། དབྱེ་ཞིབ། རྩིས་སྤྲོད་བཅས་བྱས་ཏེ་གྱོད་གཞི་གསོག་འཇོག་དང་ཐག་གཅོད་འགོར་འགྱངས་གཏན་ནས་མི་འབྱུང་བར་བྱ་དགོས།ཚོགས་འདུའི་བླང་བྱ། ཡུལ་ཚོ་དང་གྲོང་རྡལ་དང་སྡེ་ཁག་སོ་སོས་ཐེངས་འདིའི་ཆེད་དོན་འཐབ་རྩོད་ཀྱི་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་སྟེ། དྲ་ལམ་སྟེགས་བུ་དང་སྤྱི་སྟེགས་བརྒྱུད་ནས་གསལ་བསྒྲགས་སྤེལ་བ་དང་། འཕྲེད་བྱང་། གློག་རྡུལ་བརྙན་ཡོལ་ཐོག་གི་སྦྱར་ཡིག་སོགས་རྣམ་པ་སྣ་ཚོགས་སྤྱད་དེ་ཁོར་ཡུག་བཟང་པོ་བསྐྲུན་པ་དང་མང་ཚོགས་ཀྱིས་ཤེས་རྟོགས་བྱེད་ཚད་མཐོ་རུ་གཏོང་དགོས། དུས་མཚུངས་སུ་མང་ཚོགས་ཀྱི་ཞུ་གཏུག་བྱེད་ས་ཤར་བགྲོད་ཐུབ་པར་བྱས་ཏེ། སྤྱི་ཚོགས་ཕྱོགས་ཁག་གིས་མཉམ་དུ་ཞུགས་རྒྱུར་ཁྲིད་སྟོན་བྱེད་པ་དང་། ཆེད་དོན་འཐབ་རྩོད་མི་སེམས་གཏིང་དུ་ཟུག་པ་བྱ་དགོས། བྱ་བའི་འགན་འཁྲི་སྔར་བས་ནན་དཀྲི་བ་དང་འགོ་ཁྲིད་གཙོ་བོས་འགན་འཁུར་ལམ་ལུགས་ལག་བསྟར་ནན་ཏན་བྱས་ཐོག ལས་འགན་གྱི་ཐོ་གཞུང་ཞིབ་ཕྲ་བཟོ་བ་དང་རེ་བ་ཁ་གསལ་འདོན་པ། རིམ་པ་བཞིན་གནོན་ཤུགས་སྤྲོད་པ་བཅས་རྒྱུན་འཁྱོངས་ཀྱིས། རྡུང་རྡེག་བཅོས་སྐྱོང་འཛུགས་སྐྲུན་གསུམ་ཟུང་འབྲེལ་དང་ཉེས་ཆད་གཅོད་རྒྱུ་སྔོན་འགོག་གཉིས་ཟུང་སྦྲེལ་གྱིས་དོ་དམ་ཚོད་འཛིན་ཐད་ཀྱི་སྐྱོན་ཆ་གསབ་པ་དང་ལྟ་སྐུལ་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས་པར་མ་ཟད། མུ་མཐུད་དུ་ཆེད་དོན་འཐབ་རྩོད་ཀྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་སྟེ་བདེ་འཇགས་ཆུ་ཚད་སྔར་ལས་མཐོ་བ་དང་ཁྲིམས་སྐྱོང་ཅན་གྱི་རྐང་ཚ་གསར་པ་ཞིག་བསྐྲུན་པར་འབད་བརྩོན་ལྷོད་མེད་བྱ་དགོས།