རྐང་ཚས་དམངས་ཚིས་ཀྱི“བདེ་སྐྱིད་ཐིག”ལ་བརྟེན་ནས་གཉིས་བཀུར“བློ་སེམས་གཅིག”དུ་གྲུབ།
རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
“ལྔ་ཚན་བཅུ་བཞི”པའི་རིང་ལ། རྐང་ཚ་རྫོང་གིས་གཞི་རྩའི་འགན་ལེན་དང་མས་ཐིག་སྐྱོར་བ། འཚུབ་སྐྱོབ་དཀའ་སེལ། དྲང་བདེན་ལ་སྐུལ་འདེད། ཞབས་ཞུ་ལེགས་སྒྱུར་བཅས་ཀྱི་ལྟེ་བའི་འགན་འཁྲི་དམ་འཛིན་བྱས་ཏེ། སྤྱི་ཚོགས་རོགས་སྐྱོབ་དང་རྒན་གསོའི་ཞབས་ཞུ། དམིགས་བསལ་ཚོགས་པར་གཅེས་སྐྱོང་། དམག་དམངས་མཉམ་སྐྲུན་སོགས་ཁྱབ་ཁོངས་གཙོ་གནད་ཁག་ཏུ་ཞིབ་འཇུག་གཏིང་ཟབ་བྱས་པ་བརྒྱུད་བྱ་སྤྱོད་དངོས་ཀྱིས་དྲོད་ཁོལ་ལྡན་པ་དང་གཏིང་ཚད་ལྡན་པ། ནུས་པ་ལྡན་པའི་མི་དམངས་ཚིས་ཀྱི་གྲུབ་འབྲས་ཤིག་བླངས་ནས། རྐང་ཚའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་བཏིང་ཡོད།
རོགས་སྐྱོར་གནད་འཁེལ་དྲ་བ་དམ་དུ་བཏང་བས་མས་སྐྱོར་འགན་ལེན་ནུས་པ་ཆེ་རུ་ཕྱིན། རིམ་པ་དང་རིགས་དབྱེ་བའི་སྤྱི་ཚོགས་རོགས་སྐྱོབ་མ་ལག་འཐུས་ཚང་བཙུགས་ཏེ། “གཞི་གྲངས་ཆེན་མོ+སེམས་ཤུགས་བརྟན་པོའི”འགུལ་རྣམ་ལྟ་ཞིབ་དང་རྫོང་དང་ཡུལ་ཚོ་སྡེ་བ་གསུམ་གྱི“དཀའ་ངལ་མྱུར་སྐྱོབ”ལམ་སྲོལ་བཙུགས་ནས། མཁར་གྲོང་གི་དམའ་སྲུང་དང་། དམིགས་བསལ་དཀའ་ངལ་ཅན། གནས་སྐབས་རོགས་སྐྱོབ་བཅས“དྲ་རྒྱ་གཅིག་ནས་སྒྲུབ་ཐུབ་པ”མངོན་འགྱུར་བྱུང་ཡོད། ལོ་ལྔའི་རིང་ལ། རིམ་རྩིས་བྱས་ན་དམའ་སྲུང་ལ་དངུལ་སྒོར་དུང་ཕྱུར1.28སྤྲད་པ་དང་། དམིགས་བསལ་དཀའ་ངལ་ཅན་ལ་དངུལ་སྒོར་དུང་ཕྱུར0.13སྤྲད་པ། གནས་སྐབས་རོགས་སྐྱོབ་མ་དངུལ་སྒོར་སྒོར་དུང་ཕྱུར0.22སྤྲད་དེ། མི་ཐེངས་ཁྲི3.46ལ་རོགས་སྐྱོར་བྱས་པ་དེས་དབུལ་ལོག་གི་ཉེན་ཁ་ནུས་ལྡན་ངང་སྔོན་འགོག་ཐུབ་ཡོད།
རིག་ཤེས་རྒན་གསོ་ཟོང་རྟགས་གསར་སྐྲུན་བྱས་པས་མཐོ་སྒང་འབྲོག་ཁུལ་ལ་དྲོད་ཁོལ་ལྡན། རིམ་པ་མང་བའི་རྒན་གསོའི་ཞབས་ཞུའི་མ་ལག་འཛུགས་པར་འབད་བརྩོན་བྱས་ཏེ། རྒན་རྒོན་ཅན་དུ་འགྱུར་བར་བསྒྱུར་བཅོས་ལེགས་འགྲུབ་བྱུང་ཞིང་། མ་དངུལ་སྒོར་ཁྲི3200ལྷག་བཏང་ནས་རྒན་གསོའི་ཞབས་ཞུ་སྒྲིག་ཆས20བསྐྲུན་ཏེ་རྫོང་དང་གྲོང་རྡལ། སྡེ་བ་བཅས་རིམ་པ་གསུམ་ཡོངས་སུ་ཁྱབ་པར་བྱས། “1+8+N”ཁྱིམ་སྡོད་རྒན་གསོའི་རྣམ་པ་གསར་གཏོད་བྱས་པ་བརྒྱུད་རིག་ནུས་རྒན་གསོའི་སྟེགས་བུ་མངགས་གཏོང་ཞབས་ཞུ་ཐེངས9860མཁོ་འདོན་བྱས། ལོ་ན་མཐོ་བའི་ཁ་གསབ་དངུལ་སྒོར་ཁྲི1291སྤྲད་པ་དང་། བསམ་ཡུལ་ལས་འདས་པའི་ཉེན་འགོག་འགན་ལེན་མི་གྲངས4591ལ་ཁྱབ་པ་མངོན་འགྱུར་བྱུང་བ་དང་། གཞུང་བཙུགས་དམངས་གཉེར་གྱིས་ཟས་སྐྱེལ་མི་ཐེངས་ཁྲི7.9ལྷག་མཁོ་སྤྲོད་བྱས། “1+8+N”ཁྱིམ་སྡོད་རྒན་གསོའི་ཞབས་ཞུའི་རྣམ་པར་ཞིང་ཆེན་ཡོངས་ཀྱི་རྒན་གསོའི་ཞབས་ཞུའི་དཔེ་མཚོན་གསར་པར་གྱུར་ཡོད།
དམིགས་བསལ་ཚོགས་པར་ཞབས་ཞུ་ལེགས་པོ་དང་། གཞི་རིམ་བཅོས་སྐྱོང་ལ་ནུས་པ་གསར་པ་བསྣན། ཕན་བདེའི་སྲིད་ཇུས་གནད་འཁེལ་ངང་ལག་བསྟར་བྱས་ཏེ། དབང་པོ་སྐྱོན་ཅན་གྱི་ཁ་གསབ་དངུལ་སྒོར་ཁྲི1267དང་བྱིས་པའི་ཕན་བདེ་མ་དངུལ་སྒོར་ཁྲི440སྤྲད་པ་རེད། ཁ་གསབ་གཉིས་དང་བྱིས་པའི་བདེ་འཇགས། རྒན་གསོ་བཅས་ཀྱི་སྤྲོད་ཚད100%ཟིན་ཡོད། དུར་འཇུག་བཅོས་སྒྱུར་གཏིང་ཟབ་ཏུ་བཏང་སྟེ། སྐྱེ་ཁམས་དུར་འཇུག་བྱ་དགའ་རོགས་དངུལ་སྒོར་ཁྲི209སྤྲད་ཅིང་ཁྱབ་ཚད98%ཟིན། དེ་དང་ཆབས་ཅིག་གཞི་རིམ་བཅོས་སྐྱོང་འཛུགས་སྐྲུན་ཏན་ཏིག་གིས་བསྒྲུབས་ཤིང་། སྡེ་བ(སྡེ་ཁུལ)ཨུ་ཡོན་ལྷན་ཁང་གི་སྐབས་བརྗེ་ལེགས་པར་གྲུབ་པ་དང་། སྡེ་ཁུལ་སྤྱི་ཚོགས་རྩ་འཛུགས4གསོ་སྐྱོང་བྱས། “མི་རིགས་མཐུན་སྒྲིལ+གཞི་རིམ་བཅོས་སྐྱོང”ཞེས་པའི་ཟོང་རྟགས་གསར་གཏོད་ཀྱིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་རྫོང་གསར་འཛུགས་བྱེད་པར་རམ་འདེགས་བྱས།
གུས་བཀུར་འགན་སྲུང་བརྒྱུད་རིམ་ཡོངས་ལ་ཁྱབ་པ་དང་། དམག་དམངས་མཉམ་སྐྲུན་གྱིས་ཕན་འབྲས་དངོས་སུ་མཐོང་། དམག་མི་ཟུར་སྡོད་ཀྱི་ཞབས་ཞུ་འགན་ལེན་མ་ལག་ཁྱོན་ཡོངས་ནས་འཛུགས་པ། རྫོང་དང་ཡུལ་ཚོ་སྡེ་བ་བཅས་རིམ་པ་གསུམ་གྱི་དམག་མི་ཟུར་སྡོད་ཞབས་ཞུའི་ས་ཚིགས45བཙུགས་ནས།“ཡོད་པ་ལྔ”ཡོངས་སུ་ཁྱབ་ཅིང་ཚད་ལྡན་དུ་གྱུར་ཡོད། གཟིགས་སྐྱོང་མ་དངུལ་སྣ་ཚོགས་སྒོར་ཁྲི2707སྤྲད་པ་དང་། དམག་མི་ཟུར་སྡོད་པ133བསྡུ་ཉར་བཀོད་སྒྲིག་གི་ལས་འགན་ལེགས་པར་བསྒྲུབས་ཤིང་། ལས་རིགས་རྩལ་ནུས་གསོ་སྦྱོང་མི་ཐེངས100སྤེལ་བ་དང་། མི་གྲངས51ལས་ཞུགས་བརྟན་པོ་ཡོང་བར་རོགས་སྐྱོར་གནད་འཁེལ་བྱས་ཡོད། དམག་མི་ཟུར་སྡོད་པའི་ཁྲིམས་མཐུན་ཁེ་དབང་ཞུ་གཏུག་ཐག་གཅོད་བྱེད་ཚད་བརྒྱ་ཆ་བརྒྱ་རྒྱུན་འཁྱོངས་ཐུབ་པ་བྱུང་ཞིང་། དམག་མི་ཟུར་སྡོད་ལས་དོན་ཅུ་ལཞིང་ཆེན་རིམ་པའི་དམག་མི་ཟུར་སྡོད་ཞབས་ཞུ་འགན་ལེན་སྔོན་ཐོན་ཚན་པར་བདམས་པར་མ་ཟད། འབྲེལ་ཡོད་ཉམས་མྱོང་ཁུལ་ཡོངས་སུ་ཁྱབ་གདལ་དུ་བཏང་།
རྗེས་ཕྱོགས་སུ། རྐང་ཚ་རྫོང་གིས་འབྲོག་ཁུལ་གྱི་དོན་དངོས་ལ་གཞིགས་ནས་རོགས་སྐྱོར་དང་རྒན་གསོ། གཟིགས་སྐྱོང་། གཞི་རིམ་བཅོས་སྐྱོང་སོགས་ཀྱི་བྱེད་ཐབས་མུ་མཐུད་འཐུས་ཚང་དུ་གཏོང་བ་དང་། དམངས་ཚིས་ཞབས་ཞུ་གཏིང་ཟབ་ཏུ་གཏོང་བ། དམག་བཀུར་བརྩེ་སེམས་ཟབ་མོ་སྐྱེད་པ། དམངས་ཚིས་ཞན་ཆ་རྒྱུན་ཆད་མེད་པར་གསབ་པ་བཅས་བྱས་ཏེ། ལག་ལེན་དངོས་ཀྱིས་རྫོང་ཡོངས་ཀྱི་དམངས་ཚིས་ཀྱི་བྱ་གཞག་བརྟན་ཞིང་ཡར་རྒྱས་ཡོང་བར་སྲུང་སྐྱོབ་བྱ་རྒྱུ་ཡིན།