མཚོ་བྱང་ཁུལ་རྐང་ཚ་རྫོང་གིས་ཧྲན་ཏུང་གི་ཁ་གཏད་རོགས་སྐྱོར་ལ་བརྟེན་ནས་རྫོང་ཁོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐུལ་འདེད་བཏང་།
རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་རྐང་ཚ་རྫོང་གིས་ཤར་ནུབ་རྒྱུད་ཀྱི་མཉམ་ལས་དང་གནས་གཏན་རོགས་སྐྱོར་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱས་ཏེ། ཧྲན་ཏུང་ལེའོ་ཁྲིན་གི་ཁ་གཏད་རོགས་སྐྱོར་གོ་སྐབས་དམ་འཛིན་ནན་པོ་བྱས་པ་དང་། ཤེས་ལྡན་མི་སྣ་དང་མ་དངུལ། ཐོན་ལས། སྨན་བཅོས། སློབ་གསོ་སོགས་ཁྱབ་ཁོངས་མང་པོར་གནད་འཁེལ་ཤུགས་འདོན་གྱིས་རྐང་ཚ་རྫོང་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་པས་ཕན་འབྲས་མངོན་གསལ་ཐོབ་ཡོད།

ཤེས་ལྡན་མི་སྣ་ཕན་ཚུན་འགྲོ་འོང་ཇེ་མང་དུ་གཏོང་བ་དང་། རིག་སྟོབས་ཀྱིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་རྒྱབ་སྐྱོར་ཤུགས་ཆེ་རུ་གཏོང་བ། ཤེས་ལྡན་མི་སྣའི་རིག་སྟོབས་ཀྱི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། དུས་བབ་གསར་པ་གནད་འཁེལ་ངང་ཁོང་དུ་ཆུད་པ་བྱས་ཏེ། “ཤེས་སྟོབས་གཙང་གསུམ་ལ་བསྡུ། མཚོ་སྔོན་གསར་པར་རོགས་འདེགས་བྱེད”ཅེས་པའི་འཇོན་མིའི་གྲོས་མོལ་ཚོགས་འདུ་བརྒྱུད་དེ། འཇོན་མིའི་ལས་གཞི10ལྷག་རེ་ཞུ་བྱས་པ་དང་། ཆེད་ལས་མཁས་པ60ལྷག་གདན་འདྲེན་ཞུས། མཚོ་སྔོན་དུ་རོགས་སྐྱོར་བྱེད་མཁན་སྨན་པ6གིས་ནད་པ་མི་ཐེངས་ཁྲི1.7ཙམ་ལ་སྨན་བཅོས་བྱས་པ་དང་། ལག་རྩལ་གསར་བ42ལག་བསྟར་བྱས། ཐོག་མར“སྦྲིད་སྨན་ནད་བཅོས་ལྟེ་གནས”བཙུགས་ཏེ་ནད་པ1500ལྷག་ལ་ཞིབ་དུ་སྨན་བཅོས་བྱས། སྨན་བཅོས་འགན་བཅོལ་གྱིDRGདངུལ་སྤྲོད་དོ་དམ་ཤེས་ལྡན་པ1གདན་འདྲེན་བྱས་པས། སྨན་ཁང་གི་དོ་དམ་དང་ཞབས་ཞུའི་སྤུས་ཚད་སྔར་བས་ཇེ་ལེགས་སུ་སོང་། དགེ་རྒན44རྐང་ཚ་རྫོང་དུ་སློབ་ཁྲིད་བྱེད་པར་གདན་དྲངས་པ་དང་། “ལེའོ་ཁྲིན་སློབ་གསོ་མཚོ་སྐྱོར་དགེ་རྒན་གྲགས་ཅན”ཞེས་པའི་ལས་དོན་ཁང་བཙུགས་པར་མ་ཟད། སློབ་དཔོན་གྱིས་སློབ་མ་འཁྲིད་པའི་བྱེད་སྒོ་སྤེལ་བ་དང་། དགེ་སློབ91ཆ་སྒྲིག་བྱུང་ཞིང་། སློབ་ཁྲིད་ཉན་པ་དང་དཔྱད་བསྡུར2270ལྷག་སྤེལ། ཞིང་ཕྱུགས་ཚན་རྩལ་ཤེས་ལྡན་པ3འཛུགས་བྱས་ནས“ཚོགས་སྒྲིག་རང་བཞིན”གྱི་ལག་རྩལ་རོགས་རམ་བྱས་པ་དང་། བརྟག་དཔྱད་སྙན་ཞུ5བྲིས་ནས་རྐང་ཚ་རྫོང་གི་ཞིང་ཕྱུགས་ལས་རིགས་འཕེལ་རྒྱས་ཐད་བསམ་ཕྱོགས་གསར་པ་བཏོན། མི་རིགས་སོ་སོའི་བར་འབྲེལ་འདྲིས་རྒྱ་ཁྱབ་ཡོང་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ་སྟེ། “རྒྱ་བོད་ཁྱིམ་ཚང་གཅིག”ཅེས་པ་དང་། “ཞིང་ཕྱུགས་ཕྱུག་འགྱུར་སྣེ་ཁྲིད་པའི་འབྲེལ་འདྲིས་བྱེད་པ” “རྐང་ཚ་སློབ་ཆུང་སློབ་མའི་འབྲེལ་འདྲེས་སློབ་སྦྱོང་རྟོག་ཞིབ”སོགས་ཀྱི་བྱ་འགུལ་སྤེལ་བ་བརྒྱུད། གྲོང་གསེབ་དར་སྤེལ་དང་སློབ་གསོ། རིག་གནས་ཡུལ་སྐོར་བཅས་ཕྱོགས་མང་པོར་འཐབ་ཇུས་མཉམ་ལས་གྲོས་མཐུན་བཞག་སྟེ་ཏང་སྲིད་ཀྱིས་སྣེ་ཁྲིད་བྱེད་པ་དང་དཔལ་འབྱོར་ཚོང་དོན་སྟེགས་བུ་བསྐྲུན་པ། རིག་གནས་ཀྱིས་སྐུལ་མ་གཏོང་བ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་ཡོད།

ལས་གཞི་དོན་འཁྱོལ་དམ་འཛིན་བྱས་ནས་མ་དངུལ་རོགས་སྐྱོར་གྱི་ནུས་པ་ཆེ་རུ་བཏང་། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་སྲིད་ཇུས་ལག་བསྟར་དང་། མ་དངུལ་ལས་གཞི་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་ཧུར་ཐག་བཏང་སྟེ། “ལྔ་ཚན་བཅུ་བཞི”པའི་ཚུན་དུ་ཧྲན་ཏུང་ཞིང་ཆེན་གྱིས་རོགས་སྐྲུན་མ་དངུལ་སྒོར་དུང་ཕྱུར2བརྩོན་ལེན་བྱས་པ་དང་། རོགས་སྐྲུན་ལས་གཞི་སོ་སོ21ལག་བསྟར་བྱས། སློབ་གསོ་དང་སྨན་བཅོས། གྲོང་གསེབ་དར་རྒྱས། ཐོན་ལས་མཉམ་ལས། ཤེས་ལྡན་མི་སྣ་སྤེལ་རེས་སོགས་ཁྱབ་ཁོངས་སུ་ཁྱབ་པ་རེད། ལས་གཞི་ལེགས་གྲུབ་བྱུང་ཚད་དང་མ་དངུལ་འཕྲོད་ཚད། ཞིབ་བཤེར་རྩིས་ལེན་བེད་སྤྱོད་བྱེད་ཚད་བཅས་ཚང་མ་ཁུལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད་པ་དང་སྤྱི་ཚོགས་དཔལ་འབྱོར་གྱི་ཕན་འབྲས་མངོན་གསལ་ཐོབ་ཡོད། དེའི་ནང་དུ། མ་དངུལ་སྒོར་ཁྲི2100བཏང་ནས་དཀོན་ལོ་གོང་མ་སྡེ་བར་གྲོང་གསེབ་དར་རྒྱས་དཔེ་སྟོན་ལས་གཞི་སྤེལ་བ་དང་། “ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ལས་སྣོན་དང་མཐོ་སྒང་རིག་གནས་ཡུལ་སྐོར”ཟུང་འབྲེལ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གསར་གཏོད་བྱས་ཏེ། དངོས་གནས“ལས་རིགས་ཀྱིས་སྡེ་བ་དར་བ་དང་། ལས་གཞིས་དམངས་ཕྱུག་འགྱུར་བའི”དཔེ་སྟོན་ཕན་ནུས་མངོན་འགྱུར་བྱུང་། མ་དངུལ་སྒོར་ཁྲི1000བཏང་ནས་གཡུ་དཀར་འོམ་ལུང་ཡུལ་ཚོ་གཡང་ཤར་སྡེ་བར་སྡེ་བ་རིམ་པའི་སྐྱེ་ཁམས་ཕྱུགས་ལས་གཅིག་བསྡུས་གཞི་ཁྱོན་ཅན་གསོ་སྤེལ་རྟེན་གཞི་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱས་པ་བརྒྱུད་ནས། གཅིག་བསྡུས་གཞི་ཁྱོན་ཅན་གྱི་གསོ་སྤེལ་བྱེད་སྟངས་སྤྱད་དེ། སྲོལ་རྒྱུན་ཕྱུགས་ལས་ལྗང་མདོག་ཅན་དང་གཅིག་སྡུད་ཅན། བཟོ་ལས་ཅན་བཅས་ཀྱི་ཕྱོགས་སུ་བསྒྱུར་བཀོད་མཐོར་འདེགས་ཡོང་བར་སྐུལ་འདེད་བྱས། མ་དངུལ་སྒོར་ཁྲི2000བཏང་ནས་མཚོ་སྔོན་པོའི་ཆུ་རྒྱས་པས་གནོད་འཚེ་ཕོག་པའི་འབྲོག་པ་མང་ཚོགས་གནས་སྤོ་བཀོད་སྒྲིག་གི་ལས་གཞི་ལག་བསྟར་བྱས་ཤིང་། གནོད་ཐེབས་མང་ཚོགས་རྣམས་གནས་སྡོད་བདེ་འགོད་ཐུབ་པར་ཐག་གཅོད་ནུས་ལྡན་བྱས་པ་དང་། མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོབ་དང་ས་ཁུལ་མཐུན་སྦྱོར་ངང་གོང་འཕེལ་འགྲོ་བའི་ལམ་བུ་གསར་པ་ཞིག་འཚོལ་ཞིབ་ཐུབ་ཡོད། མ་དངུལ་སྒོར་ཁྲི1000བཏང་ནས་རྐང་ཚ་རྫོང་རིག་ནུས་ཕྱུགས་ཟོག་དོ་དམ་ཆ་འཕྲིན་གཞི་གྲངས་སྟེགས་བུ་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱས་ཏེ་སྲོལ་རྒྱུན་ཕྱུགས་ལས་གྲངས་འཛིན་ཅན་དང་རིག་ནུས་ཅན་དུ་སྒྱུར་བཅོས་བྱ་རྒྱུར་སྐུལ་འདེད་བཏང་། མ་དངུལ་སྒོར་ཁྲི600བཏང་ནས་འོམ་ཆུ་གྲོང་རྡལ་བོད་མཁར་བྱིས་སྐྱོང་ཁང་གི་ཞོར་གཏོགས་སྒྲིག་ཆས་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱས་ཏེ། ར་སྐོར་ཆུང་བ་དང་ས་ཆ་དོག་པོ་དང་མཐུན་རྐྱེན་མི་འདང་བ་སོགས་ཀྱི་གནད་དོན་སེལ་ཡོད་ཅིང་། སློབ་གསོའི་ཐོན་ཁུངས་རྒྱ་བསྐྱེད་པ་དང་སློབ་གཉེར་བྱེད་ནུས་ཇེ་མཐོར་གཏོང་བ་དང་ཆབས་ཅིག ཉེ་འཁོར་འབྲོག་ཁྱིམ་ཚོའི་བྱིས་པ་ཐག་ཉེ་སར་བྱིས་སྐྱོང་ཁང་དུ་ཞུགས་ཐུབ་པ་བྱུང་ཞིང་། འབྲོག་ཁུལ་གྱི་སློབ་སྔོན་སློབ་གསོའི་ཞན་ཆ་ཁ་གསབ་བྱས་ཡོད། མ་དངུལ་སྒོར་ཁྲི1400བཏང་ནས་གཡུ་དཀར་འོམ་ལུང་ཡུལ་ཚོའི་འཕྲོད་བསྟེན་ཁང་གི་ཞག་སྡོད་ལག་རྩལ་ཐོག་ཁང་བསྐྲུན་པ་དང་། སྨན་ཁང་དེར་ཁང་བ་དཀོན་དྲགས་པ་དང་བརྟག་དཔྱད་ཆ་རྐྱེན་ཞན་པ་སོགས་ཀྱི་གནས་ཚུལ་རྩ་བ་ནས་ལེགས་བཅོས་བྱས་ཡོད། ལས་གཞི་དེར་བརྟེན་ནསXའོད་གློག་འཕྲུལ་ཆས་དང་སྒྲ་རླབས་བརྟག་འཕྲུལ་སོགས་སྨན་བཅོས་ཡོ་བྱད་གསར་སྣོན་བྱས་པ་དང་། ནད་པ་ཞག་སྡོད་བྱེད་པ་དང་དལ་བའི་བའི་རང་བཞིན་གྱི་ནད་གཞི་གསོ་བཅོས་བྱེད་པ་སོགས་ཞབས་ཞུའི་ནུས་པ་རྒྱ་སྐྱེད་བཏང་སྟེ་མང་ཚོགས་ཚོས་རང་ས་རང་ཡུལ་ནས་སྨན་བཅོས་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་པ་བྱུང་བར་མ་ཟད། ཕྱི་ལོགས་སུ་སྨན་རིན་འཇལ་དགོས་པའི་དུས་ཚོད་དང་དཔལ་འབྱོར་གྱི་འགྲོ་གྲོན་ཆེན་པོ་གྲོན་ཆུང་བྱས་ཐོག གཞི་རིམ་གྱི་གཞི་རྩའི་སྨན་བཅོས་དང་སྤྱི་པའི་འཕྲོད་བསྟེན་འགན་སྲུང་ནུས་པ་ཕྱོགས་ཡོངས་ནས་ཇེ་ལེགས་སུ་བཏང་ཡོད། མ་དངུལ་སྒོར་ཁྲི300བཏང་ནས་ཧྲན་ཏུང་རོགས་སྐྲུན་གཟན་ཆས་བཟོ་གྲྭའི་རྒྱུ་ཆ་བསྲེས་སྦྱོར་ཐོན་སྐྱེད་ལམ་ཐིག་བསྐྲུན་ལ། དངོས་སུ་བཀོལ་སྤྱོད་བྱས་རྗེས་ཐོན་རྫས་སྣ་མང་ཕུན་སུམ་ཇེ་ཚོགས་སུ་འགྲོ་བ་དང་། ཐོན་ནུས་ཆད་ལྷག་གསབ་པ། ཁྲོམ་རར་ཁེབས་རྒྱ་ཆེ་རུ་བསྐྱེད་པ། ལས་ཕྱོད་ཆེར་བསྐྱེད་པ་དང་མ་རྩ་དམའ་རུ་གཏོང་བ། ཁེ་ཕན་འཕར་སྣོན། རང་ས་གནས་ནས་ལས་ཞུགས་གོ་སྐབས་མང་པོ་འདོན་སྤྲོད་ཐུབ་པ། དངོས་ཟོག་སྐྱེལ་འདྲེན་དང་འདེབས་འཛུགས་གསོ་སྤེལ་གོང་འོག་གཉིས་ཀར་སྣེ་ཁྲིད་བཟང་པོ་ཐོབ་ཡོད། དངུལ་སྒོར་ཁྲི2000བཏང་ནས་འོམ་དཀར་ཆུ་བོའི་འབབ་རྒྱུད་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལས་གཞི་ལག་བསྟར་བྱས་པ་དང་། འདིས་ནི་འབབ་རྒྱུད་ཧྲིལ་པོའི་སྐྱེ་ཁམས་སྤུས་ཚད་ཁྱོན་ཡོངས་ནས་ཡར་རྒྱས་གཏོང་བ་དང་ཆུའི་འབྱུང་ཁུངས་གསོ་སྐྱོང་། ས་ཆུ་ཤོར་ཚུལ་འགོག་ཐབས། ཆུ་ལོག་སྔོན་འགོག་བྱེད་པ། སྐྱེ་དངོས་འཚོ་གནས་བྱེད་ས་སླར་གསོ་བྱེད་པ། ས་ཁོངས་གནམ་གཤིས་ལེགས་བཅོས་བྱེད་པ་བཅས་ལ་ཕན་ཐོགས་ཆེན་པོ་འབྱུང་བར་མ་ཟད། དུས་མཚུངས་སུ་སྐྱེ་ཁམས་ཡུལ་སྐོར་སྤྲོ་གསེང་དང་ཁྱད་ལྡན་འདེབས་འཛུགས་སོགས་སྦྲེལ་མཐུད་ཐོན་ལས་མུ་འབྲེལ་རིང་དུ་བསྲིངས་པ་དང་། ལས་གནས་མཁོ་སྤྲོད་བྱས་ཏེ་མཐའ་འཁོར་མང་ཚོགས་ཀྱི་ཡོང་འབབ་ཇེ་མང་དུ་བཏང་། ད་དུང་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་རགས་བརྟན་པོ་བཙུགས་ནས་ས་ཁུལ་རྒྱུན་མཐུད་ངང་ལྗངམདོག་ལྡན་ལ་སྐྱོན་བྲལ་ངང་ནས་འཕེལ་རྒྱལ་འགྲོ་བར་རམ་འདེགས་གང་ལེགས་བྱས།

ཐོན་ལས་མཉམ་འགུལ་ཏན་ཏིག་བྱས་ནས་མང་ཚོགས་ཀྱི་ཡོང་འབབ་འཕར་བའི་ཐབས་ལམ་རྒྱ་ཆེར་བཏང་ཡོད། མཚོ་སྔོན་ཉོ་ཚོང་གྲོས་མོལ་ཚོགས་འདུ་སོགས་ལས་་སྟེགས་བུ་བརྒྱུད་ནས། སྔ་རྗེས་སུ་ཧའེ་ཞུན(མཚོ་སྔོན)ནུས་རྒྱུ་གསར་པ་ཚན་རྩལ་ཚད་ཡོད་ཀུང་སི་གདན་འདྲེན་ཐོ་འགོད་བྱས་པ་དང་། གན་རྒྱའི་དངུལ་འབོར་སྒོར་དུང་ཕྱུར1.2ཟིན། 2024ལོར་ཧྲན་ཏུང་ཀོན་རྫོང་མུའུ་ཏེ་ཁེ་ལས་ཀྱིས་རྐང་ཚ་རྫོང་དུ་མཚོ་སྔོན་མུའུ་ཏེ་ཟས་རིགས་ཚད་ཡོད་ཀུང་སི་བཙུགས་ཏེ། ཞིང་ཕྱུགས་ཐོན་རྫས་གཏིང་ཟབ་བཟོ་སྐྲུན་ཁྱབ་ཁོངས་ལ་ཞིབ་འཇུག་ཟབ་མོ་བྱས། མུ་མཐུད་དུ་ཕྱིར་འཚོང་འབྲེལ་ཐག་ཤར་གཏོང་ཐུབ་པ་བྱས་ཤིང་། ལེའོ་ཁྲིན་དུ་ནོར་ལུག་ཤ་ཐད་ཀར་ཚོང་ཁང་བཙུགས་པ་དང་། ས་གནས་འདིའི་ཞིང་ཕྱུགས་ཐོན་རྫས་ཏུན35ཕྱི་ཕྱོགས་སུ་བཙོངས། (ཐད་ཚོང་ཁང་གི་བྲིན་ཚད་ཁོ་ན་ཡིན་པ་ལས། ཐབས་ལམ་གཞན་དག་མི་ཚུད།) ཀྲུང་དབྱང་བརྙན་འཕྲིན་སོགས་སྟེགས་བུར་བརྟེན་ནས་དྲ་ལམ་ཐད་གཏོང་འོས་སྦྱོར་སྤེལ་བ་དང་། ཡུལ་དངོས་དང་དྲ་ལམ་གཉིས་ཀའི་ཚོང་འབབ་སྒོར་ཁྲི3450ལྷག་བྱུང་སྟེ། “རྐང་ཚའི་མཚོ་སྔོན་པོ་བོད་ལུག”དང“རྐང་ཚའི་མཚོ་སྔོན་པོ་ནོར་གནག”ཅེས་པའི་ས་ཁོངས་ཟོང་རྟགས་དྲིལ་བསྒྲགས་བྱེད་པར་སྐུལ་འདེད་ཤུགས་ཆེན་ཐེབས་ཡོད། རིགས་རྒྱུད་ལེགས་བཅོས་དང་ཐོན་རྫས་གསར་སྤེལ་ལས་དོན་ཧུར་ཐག་གིས་བསྒྲུབས་ཏེ། བོད་ལུག་རིགས་རྒྱུད་ལེགས་བཅོས་ལེགས་གྲུབ་བྱུང་བ་དང་། ཧྲན་ཏུང་སྟེགས་བུ་སྤྱད་དེ་ཐོན་རྫས་འོས་སྦྱོར་ཐེངས9བྱས་པ་མ་ཟད། ས་མཐོའི་ཤྭ་མོ་ཚོད་ལྟ་འདེབས་འཛུགས་ཐད་ནས་གྲུབ་འབྲས་ཐོབ་ཅིང་། མཉམ་འབྲེལ་གྱིས་སྟར་ཁུ་དྭངས་མ་དང་འཚོ་བཅུད་སྤྲི་དཀར་སོགས་ཐོན་རྫས་སྣ་ཁ10ལྷག་གསར་གཏོད་བྱས། དེའི་ནང་ནས་ཐོན་རྫས་གཉིས(མཚོ་སྔོན་པོ་ནོར་གནག་དང་མཚོ་སྔོན་པོ་བོད་ལུག)ལ་ཧྲན་ཏུང་ཕྱུགས་ལས་འགྲེམ་སྟོན་ཚོགས་འདུའི(2025ལོའི་ཟླ9བའི་སྐབས40པ)སྟེང་གསེར་གྱི་བྱ་དགའ་ཐོབ་པ་དང་། ཞིང་ཕྱུགས་ཐོན་རྫས4རྒྱལ་ཡོངས་མིང་གྲགས་ཁྱད་ལྡན་སྤུས་ལེགས་ཁྲོད་བདམས་ཐོན་བྱུང་། རྫོང་ཡོངས་ཀྱི་ཕྱུགས་ལས་ཡོངས་རྫོགས་སྐྱེ་ལྡན་ཁས་ལེན་ར་སྤྲོད་ཐུབ་ཡོད། (འདེབས་འཛུགས་ལས་རིགས་ཀྱི་སྐྱེ་ལྡན་ཁས་ལེན་ལས་གཞི་ལག་བསྟར་བྱས་ཤིང་། སྤྱི་ལོ2027ལོའི་ཟླ6པའི་སྔོན་ལ་རྫོང་ཡོངས་སུ་ལོག་དཀར་དང་ནས། ཡུག་པོ། དེ་དག་གི་སོག་མ་བཅས་ཕྱོགས་་ཡོངས་ངོས་འཛིན་བྱ་རྒྱུ་ཡིན) ཐོན་ལས་སྦྲེལ་ཐག་རྒྱུན་ཆད་མེད་པར་རིང་དུ་བསྲིངས་ཤིང་རིན་ཐང་ཡང་མུ་མཐུད་མཐོ་རུ་འགྲོ་མུས་ཡོད།

དམངས་ཚིས་ལེགས་བཅོས་ལ་དམིགས་ནས་སྨན་བཅོས་དང་སློབ་གསོའི་ལས་དོན་དངོས་སྒྲུབ། སྨན་བཅོས་རོགས་སྐྱོར་ཤུགས་ཆེར་བཏང་ནས། “འོད་ཟེར་མཐོང”ཞེས་པའི་སྤྱི་ཕན་བྱེད་སྒོ་སྤེལ་ཏེ། བསྡོམས་པས་གཤགས་བཅོས་ཐེངས244བྱས་པ་དང་། སྨན་རིན་སྒོར་ཁྲི200ལྷག་ཇེ་ཉུང་དུ་བཏང་བར་མ་ཟད། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་བརྡ་ཁྱབ་གཟེངས་བསྟོད་ཐོབ། ནད་པ4000ལྷག་གི་སྨན་ཁང་དུ་སྡོད་པའི་གནས་ཚུལ་དེ་ཆེད་ལས་དང་ཡན་ལག་ཆེད་ལས་ལྟར་དབྱེ་བ་ཕྱེ་སྟེ། ཆེད་ལས་སོ་སོའི་ནད་རིགས་སྔོན་གྲས20ལ་འཛིན་གྲྭ་ཆེན་པོ་དང་འཆད་ཁྲིད་ཆུང་ངུའི་རྣམ་པ་བརྒྱུད་སྦྱོང་བརྡར་བྱས། སྨྱན་སྦྱོར་གསར་པ་སྤྱད་དེ་འཕྲོད་བསྟེན་ཤེས་བྱ་ཁྱབ་གདལ་ཐོག་མར་བྱས་ཏེ་ལེ་ཚན52སྤེལ་བ་དང་མང་ཚོགསཁྲི2ཙམ་ལ་ཕན་པ་ཐོབ་ཡོད། རྒྱང་བསྟེན་སྙིང་གློག་རླབས་རིས་ལྟ་ཞིབ་ཚད་ལེན་ལྟེ་གནས་དང་ཁྲག་ཤེད་ལྟེ་གནས། རྒྱང་ཁྲིད་གྲོས་བསྡུར་མ་ལག་བཅས་བཙུགས་ཤིང་། རྒྱང་ཁྲིད་གསོ་སྦྱོང་དང་གྲོས་བསྡུར་ཐེངས30ལྷག་བྱས་པ་དང་། “གཅིག་གཏད་གཅིག”གིས་ས་གནས་རང་གི་གསོ་རིག་ལག་རྩལ་རྐང་འཛིན་པ10གསོ་སྐྱོང་བྱས། སྨན་པ་དང་སྨན་རྫས་དོ་དམ་མི་སྣ8ལེའོ་ཁྲིན་གྲོང་ཁྱེར་དུ་སློབ་སྦྱོང་བྱེད་པར་མངགས། རོགས་སྐྱོར་ལམ་སྲོལ་བསྐྲུན་ཞིང་། ལེའོ་ཁྲིན་གྲོང་ཁྱེར་སློབ་གསོ་ཅུ་དང་རྐང་ཚ་རྫོང་སློབ་གསོ་ཅུ་ཡི་བར་མཉམ་ལས་དྲན་ཐོ་བཞག་ཅིང་། ལེའོ་ཁྲིན་གྲོང་ཁྱེར་གྱི“དགེ་རྒན་གྲགས་ཅན་དང་སློབ་གཙོ་གྲགས་ཅན”མི་གྲངས20ལྷག་མངགས་གཏོང་བྱས་ཏེ་རྐང་ཚ་རྫོང་དུ“སློབ་ཁྲིད་དང་གསོ་སྦྱོང་སྐྱེལ་བའི”བྱེད་སྒོ་སྤེལ། རྐང་ཚ་རྫོང་གི་སློབ་གསོ་ལས་བྱེད་པ་དང་དགེ་རྒན་གྱི་འཐུས་ཚབ་པ་མི་གྲངས112ཧྲན་ཏུང་དུ་ལས་གནས་བརྗེ་རེས་ཀྱི་སྤེལ་རེས་གསོ་སྦྱོང་ནང་ཞུགས་སུ་བཅུག་སྟེ་གསར་གཏོད་ཀྱི་བསམ་བློ་ལྡན་པའི་ལས་བྱེད་དཔུང་ཁག་ཅིག་གསོ་སྐྱོང་བྱས། “དྲ་སྦྲེལ+”གྱི་རྣམ་པར་བརྟེན་ནས“རྒྱང་བསྟེན་རོགས་སྐྱོར”ལག་བསྟར་བྱས་ཏེ“བར་སྣང་སློབ་ཁང”བཙུགས་པ་དང་སློབ་ཁྲིད་དུས་མཉམ་དུ་བྱེད་པ་དང་དགེ་རྒན་མཉམ་སྤྱོད་ཐུབ་པ་བྱུང་བས་རྐང་ཚ་རྫོང་གི་སློབ་གསོའི་ཐོན་ཁུངས་ཕུན་སུམ་ཇེ་ཚོགས་སུ་འགྲོ་བར་ནུས་པ་གལ་ཆེན་ཐོན་ཡོད། ལེའོ་ཁྲིན་མཚོ་བྱང་འཛིན་གྲྭར་ད་ལྟ་སློབ་མ120ཡོད་པ་དེ་དག་སློབ་ཆེན་རྒྱུགས་འཕྲོད་ཚད96.2%ཟིན་ཡོད།