网站无障碍
གཞོན་པའི་སེམས་པ་ཏང་ལ་ཕྱོགས། ཀློག་འདོན་བྱས་པས་རིག་པ་འཕེལ། ——མཚོ་བྱང་ཁུལ་རྐང་ཚ་རྫོང་གིས2026ལོའི་དབྱར་གནང་སྐབས་སུ་བྱིས་པར་གཅེས་སྐྱོང་ཞབས་ཞུའི་བྱེད་སྒོ་སྤེལ།
发布时间:2026年09月02日 消息来源:

རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

    དབྱར་གནང་གི་སྐབས་སུ། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུཡལ་གྱི་རྐང་ཚ་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཞི་རིམ་བུད་མེད་མཉམ་འབྲེལ་ལ་གཅིག་གྱུར་གྱིས་མཛུབ་སྟོན་བྱས་ཏེ།  དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ས་ཚིགས་དང་འབྲོག་ཁྱིམ་དཔེ་མཛོད་ཁང་། ཏང་ཡོན་བྱ་འགུལ་ཁང་སོགས་ཀྱི་རྟེན་གཞི་བེད་སྤྱད་དེ། “གཞོན་པའི་སེམས་པ་ཏང་ལ་ཕྱོགས། ཀློག་འདོན་བྱས་ན་རིག་པ་འཕེལ།”ཞེས་པའི2026ལོའི་དབྱར་གནང་བྱིས་པར་གཅེས་སྐྱོང་བྱེད་པའི་བྱ་འགུལ་རབ་དང་རིམ་པ་སྤེལ། བསྡོམས་པས་ཐེངས10ཙམ་བསྒྲུབས་ཤིང་བྱིས་པ་མི་ཐེངས98ལྷག་ལ་ཞབས་ཞུ་བསྒྲུབས་པ་བརྒྱུད། རྒྱ་ཆེའི་བྱིས་པ་རྣམས་ལ་དཔེ་ཀློག་གིས་ཕྱུག་པའི་མི་ཚེ་དང་བདེ་འཇགས་སྲུང་སྐྱོབ། དྲོད་སྐྱིད་ལྡན་པའི་གུང་གསེང་ཞིག་རོལ་ཐུབ་པར་རོགས་རམ་བྱས།

图片

     གསར་བརྗེ་ཡིས་བྱིས་པའི་སེམས་རྒྱུད་བརླན་ཞིང་། རྒྱལ་ཁབ་དང་མི་རིགས་ཀྱི་བརྩེ་སེམས་ཟབ་མོ་བསྐྱེད། རྐང་ཚ་རྫོང་གིས་འབྲོག་ཁུལ་གྱི་བྱིས་པ་རྣམས་ཀྱི་ངོས་འཛིན་ཁྱད་ཆོས་ལ་དམིགས་ནས། གསར་བརྗེའི་སྙན་ངག་དང་གསར་བརྗེ་གཏམ་རྒྱུད། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་བཅས་བདམས་ཏེ། གསར་བརྗེའི་གསུང་རབ་ཀློག་པ་དང་དཔེ་ཀློག་མཉམ་སྤྱོད། མི་རིགས་མཐུན་སྒྲིལ་སྐོར་གྱི་གཏམ་རྒྱུད་ཆུང་ཆུང་བརྗེ་རེས་སོགས་ཀྱི་བྱེད་སྒོ་སྤེལ། དང་བླངས་པ་ཚོས་བྱིས་པ་ཚོར་སྣེ་ཁྲིད་དེ་ལེའུ་བཟང་པོ་བཀླགས་ནས་གསར་བརྗེའི་དད་མོས་སྟོབས་ཤུགས་མྱོང་ཚོར་བྱེད་དུ་བཅུག་པ་དང་། ལོ་ཆུང་གཞོན་ནུ་རྣམས་ཏང་གི་བཀའ་ཉན་པ་དང་བཀའ་དྲིན་ཤེས་པ། ཏང་གི་རྗེས་སུ་འབྲང་བར་ཁྲིད་སྟོན་བྱས། དཀོན་ལོ་གོང་མ་སྡེ་བས་འབྲོག་ཁྱིམ་གྱི་བྱིས་པ་ཚོ་གྲོང་ཁྱེར་ནང་མཉམ་དུ་དཔེ་དེབ་ཀློག་པར་གདན་འདྲེན་ཞུས་པ་དང་། རྐ་ཆུ་སྡེ་བ་དང་མཚོ་འཁྱིལ་ཡུལ་ཚོ་ཡིས་ཉམས་ལེན་རྣམ་པས་བྱིས་པ་ཚོའི་སྨྲ་བརྗོད་ནུས་པ་སྦྱོང་བརྡར་བྱས་ཤིང་། དཔེ་ཆར་དགའ་བ་དང་དཔེ་ཆ་ཡག་པོ་ཀློག་པ། དཔེ་ཆ་མང་པོ་ཀློག་པའི་གོམས་གཤིས་སྐྱེད་སྲིང་བྱས། མཁར་ཤར་སྡེ་ཁུལ་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་སྐྱོང་བྱ་རྒྱུ་དེའི་ནང་དོན་གཙོ་བོར་བཟུང་སྟེ། ཤེས་བྱ་དྲིས་ལན་བརྒྱུད་ན་གཞོན་མི་རབས་ལ་མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་བརྟན་པོ་བཙུགས་ཡོད། འགྲོ་འོང་སྟབས་བདེ་མིན་པའི་བྱིས་པ་ཁག་ཅིག་ལ་མཁར་བྱང་སྡེ་ཁུལ་གྱིས་དཔེ་ཆ་ཁྱིམ་དུ་སྐྱེལ་བ་དང་ཁྱིམ་གཅིག་ཏུ་འཛོམས་ནས་སློབ་སྦྱོང་བྱེད་རོགས་བྱས།

图片

     བདེ་འཇགས་དྲིལ་བསྒྲགས་ཀྱིས་སྲུང་རགས་ཇེ་བརྟན་བཏང་ནས། སྲུང་སྐྱོབ་ཀྱི་དྲ་བ་ཚགས་ཇེ་དམ་དུ་བཏང་། སྔོན་འགོག་གཙོ་བོར་འཛིན་པ་དང་སློབ་གསོ་སྔོན་ལ་སྤེལ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། དབྱར་དུས་ཆུར་ལྷུང་བ་དང་ཞོད་འགོག་ཉེན་གཡོལ། འགྲིམ་འགྲུལ་འགྲོ་འོང་། མེ་སྤྱོད་དང་གློག་སྤྱོད། དྲ་རྒྱའི་མགོ་སྐོར་འགོག་ཐབས། དུག་འགོག་དང་དུག་དགག སློབ་གྲྭའི་བརྙས་བཅོས་སོགས་ཉེན་ཁ་གཙོ་བོ་ཁག་གི་ཐད་ལ། ཆེད་དོན་འཆད་ཁྲིད་སྤེལ་བ་དང་བདེ་འཇགས་འགུལ་བརྙན་སྟོན་པ། ཕན་ཚུན་ལ་དྲི་བ་འདྲི་བ་དང་བརྗོད་དོན་རི་མོ་འབྲི་བ། ཉེན་ཁའི་འབྱུང་ཁུངས་བརྟག་དཔྱད་བྱེད་པ་བཅས་ཀྱི་ཐབས་ལམ་བརྒྱུད་ནས་བདེ་འཇགས་ཤེས་བྱ་ཁྱབ་གདལ་གཏོང་བཞིན་ཡོད། གཡུ་དཀར་འོམ་ལུང་ཡུལ་ཚོ་མཚོ་སྔོན་པོ་ཞིང་རའི་སྡེ་ཁུལ་གྱིས་ཐོག་ཁང་གི་བར་ཁྱམས་དང་ས་དམའ་སར་ཡོད་པའི་ཆུའི་གནས་སུ་བདེ་འཇགས་ཞིབ་བཤེར་བྱས་པ་དང་། མཁར་ནུབ་སྡེ་ཁུལ་གྱིས་ཆར་ཞོད་ལས་སྐྱོབ་པ་དང་ཆུར་མི་ནུབ་པར་བྱ་རྒྱུའི་རི་མོ་འབྲི་སྦྱོང་བྱེད་སྒོ་སྤེལ་ནས། བདེ་འཇགས་ཤེས་བྱ་མི་སེམས་ལ་འཇགས་པར་བྱས། མཁར་ཤར་སྡེ་ཁུལ་གྱིས་བདེ་འཇགས་སྲུང་སྐྱོབ་འཛིན་གྲྭ་བཙུགས་ཤིང་། དུག་འགོག་རྟེན་གཞི་སྤྱད་དེ་ཚན་རིག་ཁྱབ་སྤེལ་སློབ་གསོ་སྤེལ། དུས་མཚུངས་སུ་ཁྱིམ་བདག་རྣམས་ལ་ལྟ་སྐྱོང་འགན་འཁྲི་ནན་བཤད་བྱས་ཏེ་གུང་གསེང་རིང་བྱིས་པ་ཚོར་བལྟ་རྟོག་ཡག་པོ་བྱེད་དགོས་པར་སྐུལ་བྱས་ཏེ། སློབ་གྲྭ་དང་ཁྱིམ་ཚང་སྤྱི་ཚོགས་གསུམ་མཉམ་འབྲེལ་གྱིས་བྱིས་པར་སྲུང་སྐྱོབ་བྱེད་པའི་རྣམ་པ་བཟང་པོ་བསྐྲུན།

图片

      རོགས་སྐྱོར་གནད་འཁེལ་གྱིས་མི་སེམས་དྲོ་བར་བྱས། དམིགས་བསལ་ཚོགས་སྤྱིར་གཅེས་སྐྱོང་བྱས། བྱེད་སྒོ་འདི་ནི་ཕ་མ་དང་བྲལ་བའི་བྱིས་པ་དང་དཀའ་ངལ་ཡོད་པའི་བྱིས་པ། དམའ་སྲུང་དང་དབང་པོ་སྐྱོན་ཅན་གྱི་ཁྱིམ་ཚང་གི་གཞོན་ནུ་ལོ་ཆུང་བཅས་ལ་དམིགས་ནས། བུད་མེད་ལས་བྱེད་པ་རྣམས་ཀྱིས་ཁྱིམ་དུ་འཚམས་འདྲི་བྱེད་པ་དང་སྙིང་གཏམ་བརྗོད་རེས་བྱས་ཏེ། དུས་ཐོག་ཏུ་བྱིས་པའི་སློབ་སྦྱོང་འཚོ་བ་དང་བསམ་བློའི་གནས་ཚུལ་ཤེས་རྟོགས་བྱས། དཔལ་དགེ་གྲོང་རྡལ་གྱིས་དཀའ་ངལ་ཆེ་བའི་ཁྱིམ་ཚང་ལ་འབྲས་སྣུམ་ཇ་སོགས་ཀྱི་འཚམས་འདྲིའི་དངོས་རྫས་བྱིན་པ་དང་། སྡེ་བ་སོ་སོས་བྱེད་སྒོར་ཞུགས་པའི་བྱིས་པ་ཚོར་འབྲི་དེབ་དང་ཚོན་སྨྱུག་སོགས་སློབ་ཆས་སྤྲད་དེ། བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཐུགས་ཁུར་བྱིས་པ་ཚོའི་གམ་དུ་བསྐྱལ་ནས་འབྲོག་ཁུལ་གྱི་དབྱར་གསེང་སྐབས་སུ་བྱིས་པ་གསོ་སྐྱོང་ཞབས་ཞུའི་ཞན་ཆ་གསབ།

图片

     ལག་ལེན་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་ནང་དོན་རྒྱ་སྐྱེད་དང་། གུང་གསེང་སྤྲོ་སྣང་ལྡན་པ་ཞིག་ཏུ་འགྱུར་བར་བྱས། དཔེ་ཀློག་སློབ་སྦྱོང་གི་རྨང་གཞིའི་སྟེང་དུ་བྱེད་སྒོ་སྤེལ་སྟངས་རྒྱུན་ཆད་མེད་པར་རྒྱ་བསྐྱེད་བྱས་ཡོད། མཁར་ཤར་སྡེ་ཁུལ་གྱིས“རིམ་ལྔའི་སློབ་ཁྲིད”གསར་གཏོད་བྱས་ཏེ། ཀློག་འདོན་སློབ་སྦྱོང་དང་བདེ་འཇགས་སློབ་གསོ། མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་བཅས་ཟུང་འབྲེལ་བྱས་པར་མ་ཟད། དང་བླངས་པ་ཆུང་ཆུང་གིས་སྤྱི་ཚོགས་ཞབས་ཞུ་སྒྲུབ་པ་དང་སེམས་གསོ་རོགས་སྐྱོར་སོགས་ཀྱི་ནང་དོན། ཁོར་ཡུག་གཙང་སྦྲ་བྱེད་པ་དང་དཔལ་ཡོན་ལྡན་པའི་ལམ་སྟོན། ཡིག་གཟུགས་རི་མོ་ལག་ཤེས་བཟོ་རྩལ་སོགས་ལག་ལེན་དངོས་སྦྱོང་སྤེལ། མཁར་ནུབསྡེ་ཁུལ་གྱིས་གློག་བརྙན་ལྟ་བ་དང་རི་མོ། དཔེ་ཀློག་མཉམ་སྤྱོད་བཅས་ཟུང་དུ་སྦྲེལ་ཏེ་རྩེད་མོ་རྩེ་བཞིན་དུ་ཤེས་བྱ་བསླབ་ནས། བྱིས་པ་ཚོས་ཉམས་ལེན་བྱེད་སྐབས་ཤེས་བྱ་སློབ་པ་དང་ནུས་པ་མཐོར་འདེགས་བྱུང་ཡོད།

     ཐེངས་འདིའི་བྱེད་སྒོ་རབ་དང་རིམ་པས་བསམ་བློ་སྣེ་ཁྲིད་དང་། རིག་གནས་སིམ་འཛུལ་བྱེད་པ། བདེ་འཇགས་སྲུང་སྐྱོབ། རོགས་སྐྱོར་གཅེས་སྐྱོང་བཅས་མཉམ་དུ་སྐུལ་འདེད་བཏང་། རྗེས་ཕྱོགས་སུ་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་མུ་མཐུད་དུ་སྦྲེལ་ཐག་གི་ནུས་པ་འདོན་སྤེལ་བྱས་ཏེ། གསར་བརྗེ་སློབ་གསོ་དང་ཚན་རིག་ཁྱབ་གདལ། ཁྱིམ་སྲོལ་སློབ་གསོ། བྱམས་སྐྱོང་རོགས་རམ་སོགས་ཀྱི་ཞབས་ཞུ་རྒྱུན་རྣམ་ཅན་དུ་སྤེལ་བ་དང་། ན་ཆུང་བྱིས་པར་སེམས་ཁུར་སྲུང་སྐྱོབ་ལས་དོན་མ་ལག་འཐུས་ཚང་དུ་གཏོང་བ། སེམས་ཤུགས་ཡོད་རྒུ་བཏོན་ནས་རྫོང་ཡོངས་ཀྱི་མི་རིགས་སོ་སོའི་བྱིས་པ་རྣམས་བདེ་ཐང་ངང་འཚར་ལོངས་ཡོང་བར་སྲུང་སྐྱོང་བྱ་རྒྱུ་ཡིན།