网站无障碍
ལམ་ལུགས་ཀྱི་སྲུང་རགས་བརྩིགས། གྲངས་རིག་གིས་སྒོ་མོ་ཕྱེ། སྲི་གཙང་གིས་ཁྱིམ་གཞིས་སྲུང་ནས་རྐང་ཚ་རྫོང་གིས་རྒྱུ་ནོར་གསུམ་ལ་གྲུབ་འབྲས་གསར་བ་བླངས།
发布时间:2026年09月04日 消息来源:

རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

    ད་ལོའི་ཚུན་ལ། རྐང་ཚ་རྫོང་གིས་ལམ་ལུགས་ཀྱི་རྨང་གཞི་བརྟན་པོ་དང་གྲངས་འཛིན་ནུས་པ་འདོན་སྤེལ། གནད་འཁེལ་བཅོས་སྐྱོང་། དཔུང་སྡེ་འཛུགས་སྐྲུན་བཅས་ཕྱོགས་བཞི་ནས་ཤུགས་བརྒྱབ་སྟེ། སྡེ་བའི་ཐུན་མོང་གི་རྒྱུ་ནོར་གསུམ་གྱི་འཁོར་སྐྱོད་དོ་དམ་ཕྱོགས་ཡོངས་ནས་ཚད་ལྡན་དུ་བཏང་བ་དང་། ཐུན་མོང་དཔལ་འབྱོར་གྱི་མ་རྩ་སྲུང་སྐྱོབ་ལེགས་པོ་བྱས་པ་དང་མང་ཚོགས་ཀྱི་སྒོར་ཁུག་སྲུང་བར་འབད་བརྩོན་བྱས་ཏེ། གཞི་རིམ་བཅོས་སྐྱོང་གི་རྩ་བ་སྔར་ལས་ཇེ་བརྟན་དུ་བཏང་ཡོད།

    ལམ་ལུགས་སྔོན་ལ་སྤེལ་ནས་འགན་འཁྲིའི“བདེ་འཇགས་སྒོ”ཇེ་དམ་དུ་བཏང་། “སྡེ་བའི་ནོར་སྲིད་ཡུལ་ཚོས་དོ་དམ་བྱེད་པའི”བྱ་བའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དཀྱིལ་སྙིང་དུ་བཟུང་ནས། སྡེ་བ་རིམ་པའི་མ་དངུལ་གཏོང་ཡོང་ལ་དམིགས་ནས། རྐང་ཚ་རྫོང་གི་ཞིང་གྲོང་ཐུན་མོང“རྒྱུ་ནོར་གསུམ”དོ་དམ་བྱེད་པའི་ལས་དོན་ཕྱོགས་སྟོནཔར་འགྲེམས་བྱས་ཏེ། ནོར་དོན་ཞིབ་མཆན་འགོད་རིམ་གཅིག་གྱུར་བཟོས་པ་དང་རིམ་པ་སོ་སོའི་ལས་གནས་འགན་འཁྲིའི་ནང་དོན་གསལ་པོ་བཟོས་ཡོད། རྒྱུན་རྣམ་ཅན་གྱིས་གཞི་རིམ་དུ་བསྐྱོད་དེ་ཡུལ་དངོས་སུ་ཐུན་མོང་དཔལ་འབྱོར་གྱི་གན་རྒྱ་དང“གྲོས་ཚོགས་བཞི་ཡོངས་བསྒྲགས་གཉིས”ཀྱི་ཟིན་ཐོ། སྡེ་བ་རིམ་པའི“རྒྱུ་ནོར་གསུམ”རྩིས་ཁྲ་བཅས་ལ་ལྟ་བཤེར་བྱེད་པ་དང་། ཡུལ་དངོས་སུ་ལས་སྒོ་ཚད་ལྡན་བཟོ་སྟངས་ཐད་མཛུབ་སྟོན་ཞིབ་ཕྲ་གནང་སྟེ་དོན་ཚན་རེ་རེ་བཞིན་ཡོ་བསྲང་དང་ལག་བསྟར་ནན་པོ་བྱས་ནས་ལམ་ལུགས་རྣམས“ཡིག་ཐོག”ནས“དོན་ཐོག”དང“གྱང་ངོས”ནས“རྣམ་ཀུན”ལག་ལེན་བྱེད་པར་འབད་བརྩོན་བྱས།

   གྲངས་ཀ་ཡིས་ནུས་པ་སྤྲད་དེ། དྭངས་གསལ་གྱི“ཀུན་གསལ་མེ་ལོང”བསྐྲུན། མཚོ་སྔོན་ཞིང་ཆེན་གྱི་གྲོང་གསེབ་ཐུན་མོང“རྒྱུ་ནོར་གསུམ”གྲངས་འཛིན་ཅན་གྱི་དོ་དམ་སྟེགས་བུར་བརྟེན་ནས། “རྒྱུ་ནོར་གསུམ”གྱི་གྲངས་འཛིན་ཅན་རིག་ནུས་ལྟ་སྐུལ་ཚོད་འཛིན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། ཡུལ་ཚོ5ཡི་སྡེ་བ31ལ་ལྟ་སྐུལ་ཡོངས་སུ་ཁྱབ་པར་བྱས། དངུལ་ཁང་དང་ཞིང་ལས་ཐད་ཀར་འབྲེལ་མཐུད་ཀྱི་མ་དངུལ་གཏོང་སྤྲོད་ཤུགས་ཆེ་རུ་བཏང་སྟེ།  “རིམ་པ་གཉིས་ཀྱི་བཅད་ཚད་དང་རིམ་པ་གསུམ་གྱི་ཞིབ་བཤེར་ཆོག་མཆན་འགོད་པའི”ལམ་ལུགས་དོན་འཁྱོལ་བྱས་པ་བརྒྱུད། སྡེ་བའི་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱིས་དྲ་ཐོག་ལས་དོན་སྒྲུབ་ཚད100%ཟིན་ཡོད། ཟླ6པའི་མཇུག་བར་དུ། སྟེགས་བུས་ཁྱོན་བསྡོམས་ཐེངས609དང་དངུལ་སྒོར་ཁྲི5660.56རྩིས་རྒྱག་ལེགས་འགྲུབ་བྱུང་ཡོད། དུས་མཚུངས་སུ་སྡེ་བའི་གཏན་འཇགས་ཐོན་ཁུངས་ཆ་འཕྲིན་ནང་འཇུག་མགྱོགས་སུ་བཏང་བ་དང་། ད་ལྟའི་ཆར་སྡེ་བ་རིམ་པའི་དཔལ་འབྱོར་གན་རྒྱ163ཡིག་ཚགས་སུ་བཅུག་ཟིན་པར་མ་ཟད། གྲངས་འཛིན་ཅན་གྱི་སྟེགས་བུ་བརྒྱུད་དེ་དུས་ཐོག་ཏུ་གཞི་གྲངས་ལ་ལྟ་རྟོག་བྱེད་པ་དང་ཉེན་ཁ་དུས་ལྟར་ཉེན་བརྡ་གཏོང་བ་མངོན་འགྱུར་བྱུང་།

    གནད་འཁེལ་བཅོས་སྐྱོང་བྱས་ནས་དག་ཐེར་གྱི“ཐབས་མང་མཉམ་སྤྱོད”བྱས། གཟའ་འཁོར་རེར་རྗེས་འདེད་དང་ཟླ་རེར་བཀོད་གཏོང་བྱེད་པ། དུས་ངེས་མེད་དུ་དྲན་སྐུལ་བྱེད་པའི་བྱ་བའི་ལམ་སྲོལ་བཙུགས་ཏེ། རྫོང་ཨུ་དང་རྫོང་སྲིད་གཞུང་། སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་བཅས་ཀྱིས་ཡུལ་ཚོ(གྲོང་རྡལ)སྡེ་བ་སོ་སོར་དངོས་སུ་སོང་ནས་མཛུབ་སྟོན་གནང་བ་དང་། རྫོང་རིམ་པའི་མགོ་ཁྲིད་ལས་བྱེད་པས“1+10”ཡི་གཞི་རིམ་མང་ཚོགས་ལ་འབྲེལ་བ་བྱེད་པ་དང་ཞབས་འདེགས་ཞུ་བའི་ལམ་ལུགས་ལག་བསྟར་གྱིས་ལྟ་སྐུལ་ཞིབ་འཇུག་གནང་སྟེ། མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་དམངས་ཚིས་དོན་དངོས84ཐག་གཅོད་བྱས་ལ། ཆེད་དོན་བཅོས་སྒྲིག་གི་གྲུབ་འབྲས་བརྒྱུད་དེ་ཐུན་མོང་རྒྱུ་ནོར་བདེ་འཇགས་དང་མང་ཚོགས་ཀྱི་ཁེ་ཕན་དངོས་སྲུང་སྐྱོབ་བྱས།

    དཔུང་སྡེ་སྟོབས་ཆེར་བཏང་ནས་སྤྱོད་གཙང་གི“སྲུང་རགསབརྟན་པོ”བཙུགས། སྐབས་བརྗེ་བྱས་རྗེས་གཞི་རིམ་ལས་བྱེད་པའི་འགན་འཁྲི་སྒྲུབ་ནུས་ཆེ་རུ་གཏོང་རྒྱུར་དམིགས་ནས། རྫོང་ཡོངས་ཀྱི་ཡུལ་ཚོ5དང་སྡེ་བ31གི་ལས་བྱེད་པ་བརྒྱ་ལྷག་ལ་གཅིག་བསྡུས་ཟུར་ཁྲིད་དང་སློབ་སྦྱོང་སྒོ་རྩར་སྐྱེལ་བ་སོགས་ཀྱི་ཐབས་ལམ་བརྒྱུད་ནས། སྡེ་བའི་ཐུན་མོང་དཔལ་འབྱོར་རྩ་འཛུགས་བཅའ་ཁྲིམས་སྲིད་ཇུས་འགྲེལ་བཤད་དང“རྒྱུ་ནོར་གསུམ”དོ་དམ་ལག་ལེན་དངོས་སྦྱོང་སོགས་སྦྱོང་བརྡར་ཐེངས11བྱས་ཏེ། གཞི་རིམ་ལས་བྱེད་པས་སྒྲིག་སྲོལ་ལྟར་ནོར་དོན་དོ་དམ་བྱེད་པ་དང་ཁྲིམས་ལྟར་དབང་ཆ་སྤྱོད་པ། ཐུན་མོང་རྒྱུ་ནོར་ཚད་ལྡན་ངང་གཉེར་སྐྱོང་བྱེད་པའི་ཆེད་ལས་ནུས་པ་སྔར་བས་མཐོ་རུ་བཏང་བར་མ་ཟད། སྡེ་བའི“རྒྱུ་ནོར་གསུམ”ཡུན་ཕན་ཚད་ལྡན་དོ་དམ་ལམ་ལུགས་ཅན་དུ་འགྱུར་བར་འཇོན་མིའི་རྨང་གཞི་བརྟན་པོར་བཏིང་།