网站无障碍
མཚོ་སྔོན་རྐང་ཚ་རྫོང་གིས2023ལོ་ནས་བཟུང་སྐམ་སར་ལུས་པའི་གསེར་ཉ་ཁྲི5ལྷག་བསྐྱབས།
发布时间:2026年09月07日 消息来源:

རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

     2023ལོ་ནས་བཟུང་། གསེར་ཉ་ལྡོག་རྐྱལ་བྱས་ཏེ་སྒོང་གཏོང་དུས་སུ་རླུང་འཚུབ་དྲག་པོ་དང་ཆུ་བོ་རྒྱས་འགྲིབ་རེས་མོས་ཀྱིས་ཤུགས་རྐྱེན་ཐེབས་པའི་རྐྱེན་གྱིས། འོམ་དཀར་ཆུ་བོ་དང་བུ་དཔའ་ཨ་ལན་ཆུ་བོ། དཔལ་དགེ་ཆུ་བོ་སོགས་ཆུ་རྒྱུན་དུ་གསེར་ཉ་སྐམ་སར་ལུས་པའི་གནད་དོན་བྱུང་བར་དམིགས་ནས། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གིས་ས་གནས་དོ་དམ་འགན་འཁྲི་ནན་ཏན་གྱིས་བསྒྲུབས་ཏེ། འཕྲལ་སྐྱོབ་རོགས་སྐྱོར་དང་ཚན་རྩལ་ནུས་པ་འདོན་སྤེལ་གཉིས་ཟུང་འབྲེལ་བྱས་ཏེ་གསེར་ཉའི་ཐོན་ཁུངས་བདེ་འཇགས་ལ་འགན་ལེན་ཤུགས་ཆེན་བྱས། ཁྱོན་བསྡོམས་རོགས་སྐྱོབ་བྱེད་སྒོ་ཐེངས120ལྷག་སྤེལ་བ་དང་། སྐམ་སར་ལུས་པའི་གསེར་ཉ་ཁྲི5ལྷག་བདེ་བླག་ངང་གནས་སྤོ་ཐུབ་ཡོད།

     “སྡོད་གནས་བརྟན་སྲུང+ཁོངས་ཡོངས་སྐོར་ཞིབ+ཉིན་མཚན་ཞིབ་བཤེར”བཅས་ཀྱི་དོ་དམ་ལམ་སྲོལ་འཐུས་ཚང་དུ་བཏང་བ་བརྒྱུད། གསེར་ཉ་ལྡོག་རྐྱལ་བྱས་ཏེ་སྒོང་གཏོང་དུས་སུ་ཆུ་བོ་གལ་ཆེན་ཁག་ཏུ་ཆུ་ཚོད24རིང་ལྟ་རྟོག་བྱེད་པའི་ལམ་ལུགས་ལག་བསྟར་ནན་པོ་བྱས་ཏེ། ཆུ་བོ་དང་ཡུར་བུ། གྲམ་ཐང་སོགས་ལ་དྲ་རྒྱ་སྡུད་ཐབས་ཀྱིས་བརྟག་དཔྱད་བྱས་པར་མ་ཟད། དུས་ཐོག་ཏུ་གསེར་ཉ་སྐམ་སར་ལུས་སའི་ས་ཁུལ་གཏན་འཁེལ་བྱས་ཏེ་བརྟག་དཔྱད་བྱེད་ས་གཅིག་ཀྱང་མི་ལུས་པ་ཁག་ཐེག་བྱས། 2023ལོའི་ཚུན་ལ། ཁྱོན་བསྡོམས་ཆུ་ལམ་སྤྱི་ལེ5200ཙམ་སྐོར་ཞིབ་བྱས་པ་དང་། སྐམ་སར་ལུས་པའི་གནད་དོན160ལྷག་ཐག་གཅོད་བྱས།

     “མང་ཚོགས+གཙང་མཚོ་དོ་དམ”མཉམ་འབྲེལ་ལམ་སྲོལ་ལ་བརྟེན་ནས། ཁྲིམས་འཛིན་མི་སྣ་དང་སྐྱེ་ཁམས་བདག་སྐྱོང་མི་སྣ། ཡུལ་ཚོ་དང་གྲོང་རྡལ་གྱི་དམངས་དམག མང་ཚོགས་བཅས་གསེར་ཉ་སྐམ་སར་ལུས་པ་སྐྱོབ་པར་ཞུགས་ཏེ། “ས་ཆ་གཅིག་ཀྱང་མི་ལུས་ཤིང་། ཉ་མོ་གཅིག་ཀྱང་མི་སྐྱུར”བར་སྐྱོབ་ཐུབ་བྱས། སྐྱེལ་འདྲེན་གྱི་བརྒྱུད་རིམ་ཧྲིལ་བོར་དབུགས་རླུང་བསྣན་ནས་གསེར་ཉ་སྤོར་འདྲེན་གྱི་བརྒྱུད་རིམ་ཁྲོད་ཀྱི་ཟུག་ཚོར་ཚོར་སྣང་ཆུང་དུ་བཏང་ནས་གསེར་ཉའི་གསོན་ཚད་མཐོ་རུ་བཏང་། ཉ་ཤི་བའི་བེམ་པོཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲོག་ཆགས་རིམས་ནད་འགོག་བཅོས་བཅའ་ཁྲིམསལྟར་གཅིག་གྱུར་གྱིས་གནོད་མེད་གཙང་སེལ་བྱས་ཏེ་ནད་ཡམས་ཁྱབ་གདལ་དང་ཆུའི་སྦགས་བཙོག་སྔོན་འགོག་བྱས།

     མཚོ་སྔོན་པོ་གསེར་ཉ་སྐྱོབ་གསོ་ལྟེ་གནས་དང་མཉམ་འབྲེལ་གྱིསPITགློག་རྡུལ་མཚོན་རྟགས་ལྟ་ཞིབ་ལས་གཞི་ལག་བསྟར་བྱས་ཏེ། གསེ་ཉ་ཁྲི18ལ་འབྱུང་ཁུངས་རྗེས་འདེད་ཉིང་ལྷེབ་བཅུག་ནས། “ཉ་གཅིག་ལ་ཡིག་ཚགས་གཅིག”གི་ཆ་འཕྲིན་གཞི་གྲངས་མཛོད་བཙུགས། དོ་དམ་མི་སྣས་ཀློག་ཆས་བརྒྱུད་ནས་གནས་ཡུལ་དང་ཚད་གཞི། འགུལ་སྐྱོད་ལམ་ཐིག་སོགས་ཀྱི་གནས་ཚུལ་དུས་ཐོག་ཏུ་ཤེས་རྟོགས་ཐུབ་པས། ཚན་རིག་དང་མཐུན་པའི་ངང་ལྡོག་རྐྱལ་བགྲོད་ལམ་དང་ཁྱུ་ཚོགས་འགྱུར་ལྡོག འཚོ་སྡོད་ཁྱབ་ཚུལ་བཅས་ལ་དབྱེ་ཞིབ་བྱས་ཤིང་། དུས་ཐོག་ཏུ་གསེར་ཉ་སྐམ་སར་ལུས་སའི་ས་ཁུལ་གཏན་འཁེལ་བྱེད་ཐུབ་པ་དང་། ཚན་རིག་དང་མཐུན་པའི་རོགས་སྐྱོབ་ལ་གྲངས་གཞིའི་རྒྱབ་སྐྱོར་མཁོ་འདོན་བྱས།