网站无障碍
མཚོ་བྱང་རྐང་ཚས་ཆུ་མཁོ་འདོན་ལས་གཞི་རིམ་སྤོར་བྱས་པས་རོང་འབྲོག་མང་ཚོགས་ཁྲི2.4ལ་ཕན་ཐོགས་བྱུང་།
发布时间:2026年09月10日 消息来源:

རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

    མང་ཚོགས་ཀྱི་ཉེ་འཁོར་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་བསྡུས་ཀྱིས་བཅོས་སྐྱོང་བྱེད་པའི་ལས་དོན་སྤེལ་བ་ནས་བཟུང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གིས་ས་ཁོངས་ཡོངས་ལ་ཆུ་མཁོ་འདོན་སྤུས་ཚད་མཐོར་འདེགས་ལས་གཞི་དེ་དམངས་ཚིས་ཀྱི་འགག་སྒྲོལ་དཀྱིལ་སྙིང་དུ་བརྩིས་ནས། ད་ལོར་མ་དངུལ་སྒོར་ཁྲི3213བརྩོན་ལེན་བྱས་ཏེ་ཆུ་འགན་ལེན་རྣམ་གྲངས་ཁག14ལག་བསྟར་བྱས་པ་དེས་རྫོང་ཡོངས་ཀྱི་རོང་འབྲོག་མི་གྲངས་ཁྲི2.4ལ་ཕན་ཐོགས་ཡོད།

     སྡེ་བའི་ཆུ་འདྲེན་སྦུག་ལམ་རྙིང་པ་དང་ཆུ་གསོག་རྫིང་བུ་ཆ་ཚང་མིན་པ་སོགས་ཀྱི་གནད་དོན་ལ་དམིགས་ནས། རྐང་ཚ་རྫོང་གིས་བཅོས་སྒྲིག་བྱས་ནས་མཐོར་འདེགས་བཏང་། ཆུ་སྦུག་རྙིང་པ་བརྗེ་ལེན་དང་སྤྱི་ལེ33.6ཇེ་རིང་དུ་བཏང་ལ། ཆུ་རྐ2དང་ཆུ་གསོག་རྫིང་བུ5ཉམས་གསོ་བྱས། ཆུ་མགོ8ཀྱི་སྐྱེ་ཁམས་སྲུང་སྐྱོང་བཅོས་སྒྲིག་ལེགས་གྲུབ་བྱུང་ཞིང་། བྱེ་འདམ་དང་ཛར་དངོས་མགོ་ཁུངས་ནས་བཀག་སྟེ་འཐུང་ཆུ་བདེ་འཇགས་ཡོང་བའི་འགག་སྒོ་དང་པོ་བརྟན་པོར་བསྲུངས། རྫོང་ཡོངས་སུ་ཚད་ལྡན་ཅན་གྱི་དུག་སེལ་སྒྲིག་ཆས31དང་ཆུ་དྭངས་བྱེད་འཕྲུལ་ཆས6སྒྲིག་སྦྱོར་བྱས་པར་མ་ཟད། གཅིག་བསྡུས་ཀྱིས་ཆུ་མཁོ་འདོན་བྱེད་ས་ཚང་མར་དུག་སེལ་སྒྲིག་ཆས་ཆ་ཚང་བསྒྲིགས་ཟིན་པའི་རྨང་གཞིའི་ཐོག ད་ལོར་ད་དུང་ཆུ་དྭངས་བྱེད་འཕྲུལ་ཆས9ཁ་སྣོན་བྱ་རྒྱུའི་འཆར་གཞི་བཟོས་ཡོད་ཅིང་། ལས་གཞི་དེ་ལེགས་འགྲུབ་བྱུང་རྗེས་རྫོང་ཡོངས་ཀྱི་ཁྱབ་ཁོངས་སུ་ཆུ་མཁོ་འདོན་ས་ཚིགས་ཁག་ཏུ་ཆུ་དྭངས་བྱེད་འཕྲུལ་ཆས་ཁྱབ་གདལ་གཏོང་བ་མངོན་འགྱུར་བྱུང་ལ། དམངས་ཚིས་ཀྱི་བཏུང་ཆུར་འགན་སྲུང་བརྟན་པོ་ཡོང་བ་བྱ་རྒྱུ་ཡིན།

    དུས་མཚུངས་སུ་ཆུ་དྭངས་བྱེད་འཕྲུལ་ཆས་དང་དུག་སེལ་སྒྲིག་ཆས་ཚང་མར་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་ཏེ་ཡུལ་དངོས་སུ་སྒྲིག་ཆས་འཁོར་སྐྱོད་ཀྱི་གནས་ཚུལ་ལ་ཞིབ་དཔྱད་བྱས་པ་དང་། དུས་ཚིགས་རེར་ཆུའི་སྤུས་ཚད་རྒྱུན་ལྡན་ལྟར་བརྟག་དཔྱད་བྱེད་པའི་ལམ་སྲོལ་བཙུགས་ནས། ཆུ་དཔེ་བརྟག་དཔྱད་ཀྱི་མཇུག་འབྲས་གཞིར་བཟུང་སྟེ་ཆུ་གཙང་བཟོ་བྱེད་པའི་ཚད་དང་དུལ་སེལ་ཚད་གཞི་ལེགས་སྒྲིག་བྱས། རྫོང་ཡོངས་ཀྱི་འཐུང་ཆུའི་སྤུས་ཚད་ཚད་ལོན་ཐུབ་ཚད་དེ2025ལོའི61%ནས2026ལོའི་དུས་ཚིགས་དང་པོ་བར་དུ91%བར་མཐོ་རུ་ཕྱིན་ཡོད་པ་དེས་རྩྭ་ཐང་གི་འཐུང་ཆུའི་སྤུས་ཚད་ཐད་ཡར་རྒྱས་ཆེན་པོ་བྱུང་བ་མཚོན་ཡོད། འབྲོག་ཁུལ་གྱི་སྡོད་གནས་ཁ་ཐོར་ཡིན་པ་དང་གཅིག་བསྡུས་སྦུག་ལམ་གྱིས་ཁྱབ་དཀའ་བའི་གནས་བབ་ལ་གཞིགས་ཏེ། ཉེ་བའི་ལོ་གསུམ་རིང་རྫོང་ཡོངས་སུ་ཡུལ་བབ་དང་བསྟུན་ནས་ཁྲོན་པ་གསར་པ138བསྐྲུན་ཞིང་། དུས་བཀག་ནང་ཆུར་བརྟག་དཔྱད་བྱས་པས་དམིགས་ཚད་གཙོ་བོ་ཚང་མ་ཚད་དང་ལྡན་པས། རྩྭ་ཐང་སྟེང་ཁ་ཐོར་དུ་སྡོད་པའི་འབྲོག་པ་རྣམས་ཀྱིས་རང་ཁྱིམ་གྱི་སྒོ་འགྲམ་ནས་ཆུ་གཙང་མ་བཏུང་བར་འགན་ལེན་བྱས་ཡོད།