网站无障碍
རྐང་ཚར་ཏང་གི་དར་ཆ་ཆར་རླུང་ཁྲོད་དུ་སྐྱོད། ཏང་འཛུགས་སྟོབས་ཀྱིས་དམངས་ཀྱི་བདེ་འཇགས་སྲུང་།
发布时间:2026年09月15日 消息来源:

རྩོམ་སྒྲི ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

    ཞོད་དུས་འགོ་ཚུགས་པ་ནས་བཟུང་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་དུ་རླུང་འཚུབ་དྲག་པོ་ཡང་ཡང་བྱུང་བས། ཞོད་འགོག་དང་གནོད་འཚེ་སེལ་བའི་གནས་བབ་ཛ་དྲག་དུ་གྱུར་ཡོད། རྫོང་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་རྣམས་ཀྱིས་མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། ཏང་འཛུགས་ཀྱིས་སྣེ་ཁྲིད་ནས་མྱུར་དུ་ཞོད་འགོག་གི“འབོད་སྐུལ”བསྒྲགས་ཤིང་།“འགན་འཁྲི་ནན་སྲུང་དང་མཁར་རྫོང་བརྟན་གཏོང་། ཐོབ་ཐང་གསལ་སྟོན”བཅས་བྱ་སྤྱོད་ཆེན་པོ་གསུམ་བརྒྱུད་དེ། ཕྱོགས་ཡོངས་ནས་ཞོད་འགོག་གི“དམར་མདོག་གི་སྲུང་རགས”བརྟན་པོ་བཙུགས་ཏེ་མི་དམངས་མང་ཚོགས་ཀྱི་རྒྱུ་ནོར་བདེ་འཇགས་སྲུང་སྐྱོབ་བྱེད་པར་འབད་བརྩོན་ལྷོད་མེད་བྱས།

图片

    འགན་འཁྲི་ནན་པོའི་མ་ལག་གིས་བསམ་བློའི་སྲུང་རགས་བརྟན་དུ་བཏང་། ཡུལ་ཚོ་དང་གྲོང་རྡལ་སོ་སོའི་ཏང་ཨུས“ལྔ་ཅན་ལྔའི”ལས་དོན་བྱེད་ཐབསདམ་འཛིན་བྱས་ཏེ། “གཅིག་གྱུར་བཀོད་འདོམས་དང་རིམ་བགོས་འགན་ལེན། ས་ཁོངས་ཡོངས་ལ་ལྟ་སྲུང་། མྱུར་དུ་དང་ལེན་བྱེད་པ”བཅས་ཀྱི་བརྒྱུད་རིམ་ཧྲིལ་པོའི་འགན་འཁྲི་ལམ་ལུགས་བཙུགས་ཡོད། རིམ་པས་ཞོད་འགོག་གི་འགན་འཁྲི་ནན་དུ་བཏང་བ་དང་འགན་ལེན་ལམ་སྲོལ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས། ཉེན་ཁ་ཆེ་བའི་ས་ཁུལ་རེ་རེ་བཞིན་གནས་སྤོ་ལམ་ཐིག་དང་བཀོད་སྒྲིག་ས་ཚིགས་གཏན་འཁེལ་བྱས་པར་མ་ཟད། ཏང་ཡོན་འགན་འཁུར་མི་སྣ་ཁ་གསལ་བཟོས་ཏེ་ཞོད་འགོག་ལས་འགན་དང་ཞིབ་བཤེར་ལས་འགན། ཉེན་གཡོལ་དོ་དམ་ལས་གནས་ཐོག་ཏུ་མི་རེ་རེར་དུད་ཁྱིམ་རེའི་བར་ལག་བསྟར་བྱེད་ཐུབ་ཡོད། ས་དམའ་རྩྭ་ར་དང་རི་ལྡེབས་གཟར་ས། ས་ཐག་རིང་ས་སོགས་སྣང་མེད་ཤོར་སླ་བའི་ས་གནས་ཚང་མ་ཏང་ཡོན་གྱི་འགན་འཁྲི་རུ་བཅུག་སྟེ་ཁུལ་སོ་སོར་རེས་མོས་ཀྱིས་སྐོར་སྲུང་བྱས་པས། བྱུར་རྐྱེན་ཡོད་པའི་ས་གནས་ཚང་མར་ལྟ་སྐུལ་ཚོད་འཛིན་ཡོངས་སུ་ཁྱབ་པར་བྱས་ཡོད། འགན་ཁུར་པ་གཙོ་བོ་རྣམས་རྒྱང་རིང་བའི་ཕྱུགས་འཚོ་སར་དངོས་སུ་སོང་ནས་མཛུབ་སྟོན་གནང་བ་དང་། ཡུལ་བབ་དང་བསྟུན་ནས་ཞོད་འགོག་ཐབས་ཇུས་གཏན་འབེབས་བྱས་ཏེ། འབྲོག་ཁུལ་གྱི་གནས་ཚུལ་དུས་ཐོག་ཏུ་ཤེས་པ་དང་སྔོན་བརྡ་གཏོང་བ། ཐག་གཅོད་མྱུར་པོ་ཡོང་བ་ཁག་ཐེག་བྱས།

图片

    མཁར་རྫོང་བརྟན་པོ་བརྩིགས་ནས་ཁྱིམ་ཚང་ཁྲི་སྟོང་སྲུང་སྐྱོང་བྱས། རྩ་འཛུགས་ཀྱི་མཐུན་སྦྱོར་ལ་ཤུགས་བསྣན་ནས་ཞོད་འགོག་གི་འདུ་ཤེས་མཐོར་འདེགས་གཏོང་བ། ཏང་ཡོན་དང་བླངས་ཞབས་ཞུའི་སྟོབས་ཤུགས་བསྡུ་སྒྲིལ་བྱས་ཏེ་རྩྭ་ཐང་སྐོར་སྐྱོད་དྲིལ་བསྒྲགས་རུ་ཁག་བཙུགས་ནས། མི་ཐེངས1200ལྷག་དང་རླངས་འཁོར310ལྷག་བཏང་སྟེ། ས་ཁུལ་གལ་ཆེན་དུ་ཞོད་འགོག་གི་སྦྱར་ཡིག170ལྷག་སྦྱར། གདོང་ཐུག་གིས་ཆུ་ལོག་རྒྱུན་ཤེས་ཁྱབ་གདལ་གཏོང་བ་དང་། གཅིག་གཏད་ཀྱིས་ཉེན་ཁ་གཡོལ་ཐབས་འགྲེལ་བཤད་རྒྱག་པ། གནས་གཏན་འཁེལ་གྱིས་གནམ་གཤིས་གནས་ཚུལ་བཤད་པ་བཅས་བརྒྱུད་དེ། མང་ཚོགས་ཀྱིས་གོ་ཐུབ་པའི་སྐད་ཆས་བདེ་འཇགས་ཀྱི་ཐུགས་ཁུར་དེ་རྩྭ་ཐང་གཏིང་ཟབ་སར་བསྐྱལ་ཏེ། ཞོད་འགོག་གི“མཇུག་མཐའི་སྤྱི་ལེ་གཅིག”ཤར་བགྲོད་ཐུབ་པར་བྱས། གཉིད་སློང་ལམ་སྲོལ་ལག་བསྟར་བྱས་ནས་གནས་སྤོ་ཕན་འབྲས་ཆེ་རུ་བཏང་། རྒྱུན་རྣམ་ཅན་གྱི་སྐོར་ཞིབ་བྱེད་པ་དང་ཉེན་ཁའི་ས་གནས125རྩད་གཅོད་བྱས་པར་མ་ཟད། རོང་འབྲོག་དུད་ཁྱིམ760ལྷག་དང་མི་གྲངས2253ལ་འཕྲད་འདྲི་ཞུས་ཤིང་། འཕོ་བསྐྱོད་མི་སྣ་སྐོར་ཐེངས8དང་མི་གྲངས25ཕྱིར་འཐེན་བྱ་རྒྱུའི་ཁ་ཏ་བསླབ་བྱ་བཏང་བ་དང་། ཡང་བསྐྱར་ཉེན་ཁ་ཡོད་སའི་ཁུལ་དུ་སྡོད་མཁན་སོགས་ལ་དུས་ཐོག་ཏུ་སློབ་གསོ་བརྒྱབ་པར་མ་ཟད་རྗེས་འདེད་ཀྱང་བྱས། “ཏང་ཡོན+དྲ་མིག་དོ་དམ་པ+གཙོ་གནད་རོང་འབྲོག་དུད་ཁྱིམ”གཞི་རྟེན་དུ་བཟུང་ནས། རྒན་རྒོན་ཁེར་འདུག་དང་བྱིས་པ་དྭ་ཕྲུག་སོགས་དམིགས་བསལ་ཚོགས་སྤྱིར་དམིགས་ཏེ་ཁྱིམ་དུ་སོང་ནས་དྲན་སྐུལ་དང་གཅིག་རོགས་གཅིག་སྐྱོར་བྱས་ནས་གནས་སྤོ་བྱས་པ་བསྡོམས་པས་མང་ཚོགས9གནས་སྤོ་བཀོད་སྒྲིག་བྱས། གསོ་སྦྱོང་སྦྱོང་བརྡར་ལ་ཤུགས་བསྣན་ནས་འཕྲལ་བསྟུན་ཐག་གཅོད་ནུས་པ་ཇེ་མཐོར་བཏང་། ཆར་བའི་གནས་ཚུལ་བརྟག་དཔྱད་དང་སྔོན་བརྡ་སྐྱེལ་འདྲེན། མང་ཚོགས་གནས་སྤོ། རང་ཉིད་འགོག་སྲུང་སོགས་ལག་ལེན་དངོས་ནང་དོན་གཙོ་བོ་ཡིན་པའི་མ་ལག་རང་བཞིན་ལྡན་པའི་གསོ་སྦྱོང་བྱས་ཏེ། ཏང་ཡོན་དཔུང་སྡེའི་ཞོད་སྐྱོན་ཐག་གཅོད་ཆུ་ཚད་ཇེ་མཐོར་བཏང་བས་གནད་འགག་སྐབས་སུ་ཆུ་འགོག་དཔུང་སྡེ་བློས་འགེལ་ཆོག་པ་ཞིག་ཡོང་བར་ཁག་ཐེག་བྱས་ཡོད།

    ཐོབ་ཐང་གསལ་སྟོན་བྱས་ཏེ་ལྡོག་བསྐྱོད་ཀྱི་སྙིང་སྟོབས་ཀྱིས་ཐོག་མའི་བསམ་འདུན་སྲུང་། རྫོང་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་རྣམས་དུས་གཅིག་ཏུ་འབྲེལ་གཏུག་བྱེད་སའི་ཡུལ་ཚོ་དང་གྲོང་རྡལ། སྡེ་བ་དང་རུ་ཁག་དུ་སོང་ནས་ཆར་རླུང་ཁྲོད་ཐོབ་ཐང་གསལ་སྟོན་བྱེད་པ་དང་བྱ་སྤྱོད་སྤེལ་བ། མིག་དཔེ་སྟོན་པ་བཅས་བྱས། སྐོར་ཞིབ་ཉེན་ཁ་སེལ་བ་དང་མང་ཚོགས་གནས་སྤོ་བྱེད་པ། འཕྲལ་སྡོམ་ཐག་གཅོད་སོགས་ལས་འགན་ཛ་དྲག་ཆེ་ཞིང་དཀའ་ཚེགས་ཆེ་བ་དེ་དག་གི་ནང་དུ། ཏང་ཡོན་ཚོས་ཐོག་མཐའ་བར་གསུམ་དུ་གདོང་མཆོང་གིས་སྣེ་ཁྲིད་ནས་ཆུ་བརྒལ་ཉེན་བརྟག་དང་དུད་ཁྱིམ་རེ་རེར་སྐུལ་སློང་བྱེད་པ། མཚན་མོར་ལས་རེས་བྱེད་པ་བཅས་ལ་འབད་བརྩོན་ཆེན་པོ་བྱས། ཞོད་འགོག་བྱེ་ཁུག་དམིགས་བསལ་ཅན9000བླུགས་པ་དང་། ཉེན་བརྡ་གཏོང་ཆས་ཆ་ཚང་སྒྲིག་སྦྱོར་བྱས། (འགྲིམ་འགྲུལ་ཟུར་རྟགས240དང་ཉེན་བརྡའི་བྱང་བུ42 ཉེན་བརྡའི་གློག་སྒྲོན60) དེ་བཞིན་ཆུ་འདྲེན་འཕྲུལ་ཆས(བཙོག་འདྲེན་འཕྲུལ་ཆས5) ཞོད་འགོག་བྱེ་ཁུག10000 ལྕགས་ཁེམ560 ལག་འཁྱེར་གློག་བཀར200བཅས་གྲ་སྒྲིག་ལེགས་པོ་བྱས་ཏེ། མི་སྣ་ཆེད་བསྐོས་ཀྱིས་དོ་དམ་བྱེད་པ་དང་རྒྱུན་ཆད་མེད་པར་འགུལ་རྣམ་གསར་སྒྱུར་བྱས་ནས། གློ་བུར་དུ་བྱུང་བའི་ཉེན་ཁ་འཕྲད་སྐབས་དངོས་ཟོག་འཕྲལ་དུ་བེད་སྤྱོད་ཐུབ་པར་ཁག་ཐེག་བྱས་ཤིང་། དོན་དངོས་ཀྱི་སྒོ་ནས་བྲང་ཁར་བཏགས་པའི་ཏང་རྟགས་གསལ་པོ་བཟོས་ཡོད། དུས་མཚུངས་སུ་ཞོད་འགོག་གི་གཡུལ་ས་དང་པོ་ནས་ལས་བྱེད་པར་རྟོག་ཞིབ་ངོས་འཛིན་བྱ་རྒྱུར་དོ་སྣང་བྱས་ཏེ། ཞོད་འགོག་ཐད་ཀྱི་རྣམ་འགྱུར་ནི་ལས་བྱེད་པ་དཔྱད་འཇོག་བཀོལ་སྤྱོད་བྱེད་པའི་གཞི་འཛིན་གལ་ཆེན་ཞིག་ཏུ་བརྩིས་ནས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོ་དམག་འཐབ་ཆེན་པོའི་ཉམས་སད་ཐེག་ཐུབ་པའི་སྦྱོང་བརྡར་ཐོབ་པ་དང་འགན་འཁུར་མངོན་པར་གསལ་བ་ཡོང་བར་སྐུལ་མ་བཏང་སྟེ། “ང་ནི་ཏང་ཡོན་ཡིན་པས་ངས་སྔོན་ལ་རྒྱུག”ཅེས་པ་འདི་ནི་ཞོད་འགོག་གཡུལ་སར་གསལ་ལྷང་གྲགས་པའི་འབོད་ཚིག་དེ་ཡིན།