网站无障碍
རྐང་ཚ་རྫོང་གིས་ཏང་འཛུགས་སྐྲུན་དེ་ལས་ཡུལ་དང་པོར་བཞག་ནས་ཞིང་བ་ཞོར་ལས་པའི་གླ་ཕོགས་ཀྱི་སྲུང་རགས་ཇེ་བརྟན་དུ་བཏང་།
发布时间:2026年09月16日 消息来源:

རྩོམ་སྒྲི ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

     ད་ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གིས་ཏང་གི་མགོ་ཁྲིད་ལ་བརྟེན་ནས་གླ་ཆ་ཆད་འགྱངས་རྩ་བ་ནས་བཅོས་ཏེ། ཞིང་བ་ཞོར་ལས་པའི་གླ་ཕོགས་འགན་ལེན་བྱ་རྒྱུ་དེ་དམངས་ཚིས་ཀྱི་ལས་དོན་གལ་ཆེན་དུ་བརྩིས་ནས། རིམ་པ་ཁག་གི་ཏང་རྩ་འཛུགས་ཀྱི་སྟོབས་ཤུགས་གཅིག་གྱུར་གྱིས་གླ་ཆ་སྲུང་སྐྱོབ་བྱེད་པའི་སྲུང་རགས་བརྟན་པོ་བཙུགས།

    ཏང་རྩ་འཛུགས་རིམ་པ་ཁག་གིས་སྣེ་ཁྲིད་དེ་གཅིག་གྱུར་འཆར་འགོད་དང་བཀོད་འདོམས་བྱས་ནས། བཀོད་སྒྲིག་ཚོགས་འདུ་དང་སྐུལ་འདེད་ཚོགས་འདུ་ཐེངས2འཚོགས་ཤིང་། བྱ་བའི་ལམ་ལུགས4གཏན་འབེབས་བྱས་ནས་སྡེ་ཁག་བར་གྱི་མཉམ་ལས་བྱེད་པའི་བཅོས་སྐྱོང་མ་ལག་བཙུགས། སྐོར3དུ་བགོས་ནས་ལས་གཞི་འཛུགས་སྐྲུན་ཚན་པ41དང་། ལས་མི་བཀོལ་སྤྱོད་བྱེད་མཁན་སྡེ་ཚན35ལ་ཕྱོགས་ཡོངས་ནས་ལྟ་སྐུལ་ཞིབ་བཤེར་བྱས་ཏེ། གནད་དོན་ཐག་གཅོད་བྱེད་ཚུལ་འཁོར་རྒྱུག་གི་ལམ་སྲོལ་བཙུགས་པ་དང་། དག་ཐེར་བརྡ་ཐོ་ཡིག་ཆ12བཀྲམ་པ་དང་ཉེན་བརྡ་གཏོང་བའི་ཡི་གེ6བཀྲམ། ཏང་རྩ་འཛུགས་ཀྱིས་འབྱུང་ཁུངས་དོ་དམ་དམ་འཛིན་ནན་པོ་བྱེད་པ་དང་། གླ་ཕོགས་སྤྲོད་སྟངས་ཀྱི་ལམ་ལུགས་དྲུག་ལག་བསྟར་དོན་འཁྱོལ་བྱ་རྒྱུ་མ་ཟད། ལས་གཞི་མཉམ་འབྲེལ་གྱིས་ཞིབ་དཔྱད་བྱས་ཏེ་ཁེ་ལས21གི་ལས་མི་ཐོ་འགོད་ལེགས་གྲུབ་བྱུང་བ་དང་། གླ་ཕོགས་སྒོར་ཁྲི1497.95བསྡུ་རུབ་བྱས་ལ། གླ་ཆ་ཆད་འགྱངས་བྱུང་བའི་གྱོད་གཞི34འདུམ་འགྲིག་བྱས་པར་བརྟེན་ཁྲིམས་ལྟར་ངལ་རྩོལ་པ་མི་གྲངས142ཡི་གླ་ཆ་སྒོར་ཁྲི199.2སྤྲད། ལས་རིགས་རང་བཞིན་གྱི་ཏང་རྩ་འཛུགས15དང་མཉམ་དུ་ཚད་ལྡན་ངང་མི་སྣ་བེད་སྤྱོད་བྱེད་པའི་རྩིས་ཁྲ་བཟོས་ནས་ལས་གྲྭ་ཚང་མར་ཟླ་རེར་གླ་ཕོགས་གཙང་འཇལ་བྱེད་དགོས་པའི་བླང་བྱ་བཏོན་པ་དང་རྒྱུན་གཏན་བཞིན་ལས་མི་སྤྱོད་སྐབས་ཉེན་ཁ་འབྱུང་སྲིད་པར་སྔོན་བརྡ་གཏོང་བ་དང་སྔོན་འགོག་བྱེད་ཐབས་སྤྱད་ཡོད། “གྲོས་མོལ་དྲན་སྐུལ+ཁྲིམས་ལུགས་ཁྱབ་གདལ་སློབ་གསོ”གཉིས་ཀར་ཤུགས་སྣོན་རྒྱག་རྒྱུར་མཐའ་འཁྱོངས་བྱས་ཏེ། ཁྲིམས་ལུགས་ཁྱབ་གདལ་གསོ་སྦྱོང་བྱེད་སྒོ་ཐེངས2སྤེལ་བས་ལས་གྲྭའི་ཡུལ་དངོས་སུ་ལས་ཀ་བྱེད་མཁན་མགོ་ཁྲིད་ལས་བྱེད་པ་མི100ལྷག་ལ་ཁྱབ་པ་དང་དྲིལ་སྒྲོག་ཡིག་རིགས་ཤོག་གྲངས1000སྤྲད་ཅིང་། ཨར་ལས་བྱ་ཡུལ་དུ་ཁྲིམས་ལུགས་ཤེས་བྱ་སྒྲོག་འགྲེལ་བྱེད་སྒོ་ཐེངས14སྤེལ། ཏང་ཡོན་ཁེ་དབང་སྲུང་སྐྱོང་སྒེའུ་ཁུང་བཙུགས་ནས། ཏང་རྩ་འཛུགས་ཀྱིས་སྣེ་ཁྲིད་ནས་ལས་ཁུངས་མང་པོ་མཉམ་འབྲེལ་གྱིས་དཀའ་གནད་ཆེ་བའི་གླ་ཆ་ཆད་འགྱངས་ཀྱི་གནད་དོན་བདག་སྤྲོད་ཐག་གཅོད་བྱས་པ་དང་ཆབས་ཅིག་གླ་ཕོགས་སྐྱིན་ཚབ་གཙང་འཇལ་བྱེད་པའི་བརྒྱུད་རིམ་ཡོངས་ལ་རྗེས་སྙེག་ལྟ་རྟོག་ནན་ཏན་བྱས་པས་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་གཅོད་བྱས།