网站无障碍
རྐང་ཚ་རྫོང་གི་ནོར་གནག་ཐོན་ལས་གྲངས་འཛིན་ཅན་གྱི་ལས་གཞི་ལ་ཞིང་ཆེན་ཡོངས་ཀྱི“གཞི་གྲངས་རྒྱུ་རྐྱེན×”འགྲན་བསྡུར་ཁྲོད་བྱ་དགའ་ཨང་གཉིས་པ་ཐོབ།
发布时间:2026年09月17日 消息来源:

རྩོམ་སྒྲི ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

    ཉེ་ཆར2026ལོའི“གཞི་གྲངས་རྒྱུ་རྐྱེན×”འགྲན་བསྡུར་མཚོ་སྔོན་ཡན་ལག་འགྲན་རའི་ཐོག་མའི་དཔྱད་ཞིབ་དང་མཐའ་བསྡུར་འགྲེམས་སྟོན་སོགས་ཀྱི་གོ་རིམ་ཚང་མ་བདེ་བླག་ངང་མཇུག་བསྒྲིལ་ནས་བྱ་དགའ་ཐོབ་པའི་གྲུབ་འབྲས་ཁྱབ་བསྒྲགས་བྱས། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གིས་ལས་ཁུངས་མང་པོ་མཉམ་འབྲེལ་གྱིས་ཕུལ་བའིནོར་གནག་ཐོན་ལས་གྲངས་འཛིན་ཅན་སྒུལ་ཤུགས་སུ་བཟུང་ནས། “མཚོ་སྔོན(རྐང་ཚ)ནོར་གནག”གི་གསེར་ཡིག་རྟགས་མཞེས་པའི་ལས་གཞི་ལ་ཞིང་ལས་དེང་རབས་ཅན་གྱི་འགྲན་སྡུར་ཁྲོད་བྱ་དགའ་ཨང་གཉིས་པ་ཐོབ།

    ཐེངས་འདིའི“གཞི་གྲངས་རྒྱུ་རྐྱེན×”འགྲན་བསྡུར་མཚོ་སྔོན་ཡན་ལག་འགྲན་རའི“གཞི་གྲངས་ནུས་པ་སྤྲོད་པ་དང་གྲངས་ཀ་འཕར་སྣོན་བྱེད་པ”བརྗོད་དོན་དུ་བཟུང་ནས། བཟོ་ལས་བཟོ་སྐྲུན་དང་དེང་རབས་ཞིང་ལས་སོགས་ཡོངས་བསྒྲགས་ཀྱི་འགྲན་སྡུར་ལམ་ཐིག12བཀོད་སྒྲིག་བྱས་ཤིང་། ཞིང་ཆེན་ཡོངས་སུ་ཐོག་མའི་བརྩམས་ཆོས་བསྡོམས་པས268བསྡུ་རུབ་བྱས། ཆེད་མཁས་པའི་དཔྱད་ཞིབ་ནན་པོ་བྱས་པ་བརྒྱུད། ལས་གཞི96རྟིང་རྩོད་དུ་ཚུད། རྐང་ཚའི་ནོར་གནག་ཐོན་ལས་གྲངས་འཛིན་ཅན་གྱི་ལས་གཞི་དེ་ཐོག་མར་འགྲན་སྡུར་ལམ་ཐིག་དང་པོ་ཡིན་པར་མ་ཟད། འགྲེམས་སྟོན་བགྲོ་གླེང་བརྒྱུད་ནས་དཔྱད་འདེམས་པ་རྣམས་ཀྱིས་ཚད་མཐོན་པོར་ཁས་ལེན་ཐོབ།

    ལས་གཞི་འདི་ནི་རྐང་ཚ་རྫོང་གི་མཐོ་སྒང་ཞིང་ཕྱུགས་ཐོན་ཁུངས་ཀྱི་ཁྱད་ཆོས་ལ་གཞི་བཅོལ་ནས། འབྲོག་ཁུལ་གྱི་ནོར་གནག་ཐོན་ལས་དངུལ་བུན་གཏོང་བའི་ཚད་གཞི་མཐོ་བ་དང་། ཕྱུགས་ཟོག་གཏའ་མར་འཇོག་དཀའ་བ། ཉེན་ཁ་འགོག་སྲུང་ནུས་པ་ཞན་པ། སྟེགས་བུ་འཁོར་སྐྱོད་འགྲོ་གྲོན་ཆེ་བ་སོགས་མ་དངུལ་བསྡུ་རུབ་ཀྱི་འགག་གནད་སེལ་ཆེད། “གཏའ་མར་ལྟ་བ”ནས“གཞི་གྲངས་ལ་ལྟ་བ་དང་ཡིད་རྟོན་ལྟ་བ། གཉེར་སྐྱོང་ལ་ལྟ་བ”བཅས་སུ་བསྒྱུར་བའི་ཀུན་ཕན་དངུལ་རྩའི་རྣམ་པ་གསར་གཏོད་བྱས་ཡོད། བརྒྱུད་རིམ་ཧྲིལ་བོའི་གཞི་གྲངས་རྨང་གཞི་བསྐྲུན་ཏེ། རིགས་མི་འདྲ་བའི་གཞི་གྲངས་ཚན་པ112777བསྡུས་ཡོད་པ་དེ་དག་གསོ་སྤེལ་དང་ཁོར་ཡུག ཚོང་འགྲེམས། སྐྱེལ་འདྲེན། འབྱུང་ཁུངས་རྩད་གཅོད་བཅས་སྡེ་ཚན་ཆེན་པོ་ལྔ་རུ་ཁྱབ་པར་བྱས། “ཡིད་རྟོན་ཀྲུང་གོ(མཚོ་སྔོན)”དང“ཡིད་རྟོན་མཚོ་སྔོན་མཉམ་སྤྱོད”སྟེགས་བུར་མཐུད་དེ། སྤྱི་བའི་ཡིད་རྟོན་གཞི་གྲངས་ཚན68དང་གྲངས་ཀ1677བསྡུས་པ་དང་། ཚད་རིམ་བྱེད་པོའི་རང་བཞིན་གྱི་རི་མོ780གྲུབ། “དུད་ཁྱིམ་རེར་ཡིག་ཚགས་རེ་དང་ཁེ་ལས་རེར་ཡིག་ཚགས་རེའི”གློག་རྡུལ་ཡིག་ཚགས་བཟོས། ཞིང་ཆེན་རིམ་པའི་ཡིད་རྟོན་གྲངས་གཞི་ཆེན་མོའི་མཉམ་འབྲེལ་ཚོད་ལྟ་ཁང་ལ་བརྟེན་ནས། གསང་རྒྱ་རྩིས་རྒྱག་ལག་རྩལ་སྤྱད་དེ་དངུལ་རྩ་ལས་ཁུངས་ཁག་དང་མཉམ་དུ་དཔེ་དབྱིབས་བཟོས་པ་དང་། “ནོར་གནག་དངུལ་བུན”དང“ཐོན་ལས་སྦྲེལ་ཐག་དངུལ་བུན”ཐོན་རྫས་བཏོན་ཞིང་། ཁྲིམས་ལུགས་དང་ལག་རྩལ། དོ་དམ་ཕྱོགས་གསུམ་གཞི་གཅིག་གི་བདེ་འཇགས་སྲུང་སྐྱོབ་མ་ལག་བཙུགས་ཏེ་ཕྱུགས་ཟོག་གཞི་གྲངས་རྒྱུ་ནོར་ཅན་དུ་འགྱུར་བར་མངོན་འགྱུར་བྱུང་ཡོད།

    མིག་སྔར་ཞིང་ཕྱུགས་གཉེར་སྐྱོང་བྱེད་པོ25ལ་མ་དངུལ་སྒོར་ཁྲི990བསྡུ་རུབ་བྱས་ཏེ། ཕྱུགས་གསོ་དུད་ཁྱིམ་གྱི་ཡིད་རྟོན་ཆུ་ཚད་མཐོ་རུ་བཏང་བ་དང་མ་རྩ་བསྡུ་སྒྲིལ་གྱི་མ་གནས་དམའ་རུ་བཏང་ཡོད། དུས་མཚུངས་སུ་ནོར་གནག་བཤས་གཏོང་དུས་འཁོར་དང་དོ་དམ་འགྲོ་གྲོན། གྲང་ཕྲེང་ཟད་གྲོན་བཅས་ཆག་པ་དང་སྤུས་རྟགས་ཀྱི་རིན་གོང་འཕར་ཚད20%ཟིན། ཐད་འཚོང་ཁང21གིས་ཕྱིར་འཚོང་དངུལ་འབོར་སྒོར་ཁྲི3500ལས་བརྒལ་ལ། འབྲོག་ཁྱིམ180ཡི་ཡོང་འབབ་འཕར་བ་དང་ལས་ཞུགས་ལས་གནས200ལྷག་མཁོ་འདོན་བྱས། ལས་གཞི་འདི་བོད་ལུག་ཐོན་སྐྱེད་ཁྱབ་ཁོངས་སུ་རྒྱ་སྐྱེད་བྱེད་ཐུབ་པ་དང་བསྐྱར་བཟོ་ཁྱབ་གདལ་གཏོང་རིན་ཐང་ཆེན་པོ་ལྡན་པས་མཐོ་སྒང་ཕྱུགས་ལས་གྲངས་གཞི་ཅན་དུ་བསྒྱུར་བར་རྐང་ཚ་རྫོང་གི་ལག་ལེན་དཔེ་མཚོན་མཁོ་སྤྲོད་བྱས་ཡོད།