网站无障碍
གཟུགས་མེད་ཤུལ་བཞག་རིག་གནས་བྱེད་སྒོས་མཚོ་སྔོན་པོའི་བྱང་ངོགས་ལ་སྙན་པ་བསྩལ།
发布时间:2026年09月23日 消息来源:

རྩོམ་སྒྲི ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

    ཉེ་ཆར་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གི་ཇོ་སྐོར་རྩྭ་ཐང་གི་སྐྱེ་ཁམས་ཐོན་ཁུངས་ལེགས་པོ་དང་འབྲོག་ལས་རིག་གནས་ཀྱི་རྨང་གཞི་ཟབ་མོ་ལ་བརྟེན་ནས་གཟུགས་མེད་ཤུལ་བཞག་རིག་གནས་བྱེད་སྒོ་རབ་དང་རིམ་པ་སྤེལ། “རི་ཆུའི་སྐྱེ་ཁམས་སྲུང་། འབྲོག་རུའི་རིག་གནས་འཛིན། མཉམ་དུ་ལེའུ་གསར་འབྲི”ཞེས་པ་བརྗོད་བྱ་རུ་བྱས་ནས། ཐག་ཉེ་རིང་གི་མང་ཚོགས་རྣམས་ངང་ངམ་ཤུགས་ཀྱིས་གནས་དེར་བཀུག


    ས་གནས་ཀྱི་ཁྱད་ཆོས་ལྡན་པའི་འབྲོག་ལས་ཐོན་ཁུངས་ལ་བརྟེན་ནས་རིག་གནས་བྱེད་སྒོ་སྟེགས་བུ་དང་ཁྱད་ལྡན་ཐོན་ལས་འཁྲབ་སྟོན་བྱས་ཏེ། ཚོང་འབྲེལ་སྟེགས་བུར་གནད་འཁེལ་ངང་བཙུགས་ནས། འབྲོག་ཁུལ་གྱི་ཡོང་འབབ་འཕར་སྣོན་བྱེད་པའི་ནང་སྐྱེས་སྒུལ་ཤུགས་ཕྱོགས་ཡོངས་ནས་སྐུལ་སློང་བྱས། གནའ་བོའི་བོད་ཀྱི་ཟློས་གརདྲི་མེད་ཀུན་ལྡནགྱིས་སྲོལ་རྒྱུན་ཟློས་གར་སྒྱུ་རྩལ་དང་ཕན་ཚུན་རོགས་རམ་བྱེད་པའི་ཁྱིམ་སྲོལ་བཟང་པོ་བརྒྱུད་སྤྲོད་བྱེད་བཞིན་ཡོད། ས་གནས་འདིའི་འབྲོག་པ་མང་ཚོགས་ཀྱིས་དབྱངས་སྙན་མོ་ངག་ལ་བཀུག་ནས་མི་གཞི་ཀུན་སྤྱོད་དང་ཆེ་བཀུར་ཆུང་བྱམས། དཀའ་སྤྱད་སྡུག་རུས། དཔུང་བ་མཉམ་གཤིབ། སྐྱེ་ཁམས་སྲུང་སྐྱོབ་སོགས་བརྒྱུད་བསྒྲགས་བྱེད་བཞིན་ཡོད། སྦྲ་ནག་དངོས་ལྗོངས་འགྲེམས་སྟོན་ཁུལ་དུ་སྲོལ་རྒྱུན་འབྲོག་པའི་འཚོ་བའི་རྣམ་པ་ཆ་ཚང་བར་སླར་གསོ་བྱས་པ་དང་། ཟངས་སྣོད་དང་སྒྱེ་མོ་སོགས་འབྲོག་ལས་ཐོན་རྫས་ཡོ་བྱད་རིགས4000ལྷག་བཤམས་ཡོད་པ་དེས་ལོ་ངོ་སྟོང་ཕྲག་རིང་གི་འབྲོག་པ་མི་རིགས་ཀྱི་རིག་གནས་མངོན་པར་མཚོན་ཡོད།

     སྲོལ་རྒྱུན་ལག་རྩལ་དང་ཕྱུགས་ལས་ཐོན་ལས་འགྲན་བསྡུར་རིམ་པ་བཞིན་སྤེལ་ཞིང་ངོ་མཚར་ལྟ་ན་སྡུག འཕང་འཁེལ་བ་དང་ཐ་གུ་སྒྲིམ་པའི་སྲོལ་རྒྱུན་ལག་རྩལ་གྱི་འགྲན་བསྡུར་ནང་འབྲོག་པ་མང་ཚོགས29ཡིས་གནའ་བོའི་འབྲོག་པའི་བཟོ་རྩལ་ལྟར་བལ་སེལ་བ་དང་སྐུད་པ་འཁལ་ནས་ལག་ལེན་དངོས་ཀྱི་འགྲན་རྩོད་ཁྲོད་ས་གནས་རང་གི་ཤུལ་བཞག་རིག་གནས་སྲུང་སྐྱོབ་བྱས། འབྲི་མོ་བཞོ་བའི་འགྲན་བསྡུར་ཡང་དེ་དང་མཉམ་དུ་མགོ་བརྩམས་བྱུང་ལ། འགྲན་ཞུགས་པ་རྣམས་ཀྱིས་མཉམ་དུ་བཞོ་ཟེའུ་ལག་ཏུ་བཟུང་ནས་བཞོ་རྩལ་འགྲན་བཞིན་ཡོད་ལ། ཡུལ་དངོས་སུ་འབྲི་མོ་སྟོང་གི་འོ་མ་ཕྱོགས་གཅིག་ཏུ་བསྡུས། དུས་མཚུངས་སུ་ཐོན་རྫས་གྲུབ་འབྲས་འགྲེམས་སྟོན་ཁུལ་བཙུགས་ནས། ཡུལ་ཚོ་ཡོངས་ཀྱི་མཉམ་ལས་ཁང9དང་སྐྱེ་ཁམས་གཞིས་ཁྱིམ་ཕྱུགས་ར། དེ་བཞིན་ས་གནས་རང་བཞིན་གྱི་ཁེ་ལས་བཅས་ཞུགས་ཏེ། ཤ་སྐམ་དང་འབྲི་ཞོ། འབྲི་མར། འོ་ཇ། རྩམ་པ་སོགས་ཞིང་ཕྱུགས་ཐོན་རྫས་སྤུས་ལེགས་སྣ་ཚོགས་དང་། དེ་མིན་སི་སྐུད་ཐང་ག་དང་བོད་ལྭ་སོགས་ཁྱད་ཆོས་ལྡན་པའི་ལག་ཤེས་བཟོ་ལས་ཐོན་རྫས་མང་པོ་བཤམས་འཚོང་བྱས།


    བསྡོམས་རྩིས་བྱས་པ་ལྟར་ན། ཐེངས་འདིའི་བྱེད་སྒོར་ཁྱོན་ཞིང་ཕྱུགས་ལག་ཤེས་ཐོན་རྫས་སྣ་ཚོགས300ལྷག་དང་རིག་གནས་གསར་གཏོད་ཐོན་རྫས80ལྷག་འགྲེམས་སྟོན་བྱས་ཤིང་། ཡུལ་དངོས་སུ་འབྲི་འོ་རྒྱ་མ2000ལྷག་བཙོངས་པ་དང་། ཕྱིར་ཚོང་ཡོང་འབབ་ཁྱོན་བསྡོམས་སྒོར་ཁྲི7ལས་བརྒལ། ཐོན་སྐྱེད་མཉམ་ལས་ཀྱི་འདུན་པ11བྱུང་བ་བཅས་ཀྱིས་འབྲོག་ཁུལ་གྱི་ཁྱད་ལྡན་ཞིང་ཕྱུགས་ལས་ཀྱི་སྤུས་ཚད་མཐོར་འདེགས་དང་གཞི་ཁྱོན་ཅན་དུ་འཕེལ་རྒྱས་གཏོང་བར་ལམ་བུ་གསར་བ་རྙེད།

     ཐེངས་འདིའི་བྱེད་སྒོ་ཡིས་ས་ཁུལ་དང་མི་རིགས་ཀྱི་དབྱེ་བ་མེད་པར། རིགས་སོ་སོའི་མང་ཚོགས་རྣམས་མཉམ་དུ་འགྲན་བསྡུར་ལ་ཞུགས་པ་དང་མཉམ་སྤྲོ་བྱེད་པ། སེམས་པ་གཅིག་ཏུ་སྒྲིལ། ཤུལ་བཞག་རིག་གནས་མཉམ་སྤྱོད་དང་ཐོན་ལས་མཉམ་འདྲེས་ལུས་རྩལ་འགྲན་ཚོགས་ཁྲོད་དུ་བརྩེ་བ་ཇེ་ཟབ་ཏུ་གཏོང་བ་དང་ངོས་འཛིན་གཅིག་མཐུན་ཡོང་བར་བྱས། ཤུལ་བཞག་རིག་གནས་འཁྲབ་སྟོན་གྱི་རིག་གནས་མཐུན་སྣང་ནས་ཚོང་འབྲེལ་བརྗེ་རེས་ཀྱི་ཕན་ཚུན་རོགས་རམ། དེ་ནས་ལུས་སྦྱོང་འགྲན་སྡུར་གྱི་མཐུན་སྒྲིལ་རོགས་རམ་སོགས་ཕྱོགས་ཀུན་ནས་རིགས་སོ་སོའི་མི་དམངས་དབར་སྤུན་ཟླའི་བརྩེ་བ་ཟབ་མོ་བཅངས་ཤིང་གཅིག་གིས་གཅིག་ལ་རམ་འདེགས་བྱེད་པའི་རྣམ་པ་བཟང་པོ་མངོན།