网站无障碍
རྐང་ཚ་རྫོང་སྐྱིད་སྨོན་ཡུལ་ཚོས་ཏང་འཛུགས་ཀྱིས་སྣེ་ཁྲིད་དེ་མཉམ་ཤུགས་གཅིག་ཏུ་བསྒྲིལ། རྒྱུན་རྣམ་ཕུགས་ཕན་གྱི་ལམ་ནས་འཕེལ་རྒྱས་ལ་སྐུལ་འདེད་བཏང་།
发布时间:2026年09月24日 消息来源:

རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

    ད་ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་སྐྱིད་སྨོན་ཡུལ་ཚོས་ས་གནས་ཀྱི་གནས་ཚུལ་དངོས་ལ་གཞིགས་ནས། ཡུལ་ཚོ་ཏང་ཨུ་ཡིས་མཐུན་སྦྱོར་དང་འབྲེལ་མཐུད་བྱེད་པའི“ལས་ཡུལ་བཀོད་འདོམས་པུ”ཡི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། སྡེ་སྡོད་ལས་དོན་རུ་ཁག་གི་འགན་འཁྲི་ཇེ་དམ་དུ་བཏང་ཞིང་། རོགས་སྐྱོར་སྡེ་ཁག་སོ་སོའི་མཉམ་དུ་འབད་བརྩོན་བྱས་པ་བརྒྱུད་དེ། “གཅིག་སྦྲེལ་རོགས་གཉིས”ཀྱི་ལས་ཀ་སྤུས་ཚད་མཐོར་འདེགས་སུ་བཏང་།

图片

    གོང་རིམ་ནས་སྐུལ་འདེད་བཏང་སྟེ་རོགས་སྐྱོར“འགན་འཁྲིའི་སྦྲེལ་ཐག”ཇེ་དམ་དུ་བཏང་། ཡུལ་ཚོ་ཏང་ཨུས“གཅིག་སྦྲེལ་རོགས་གཉིས”དེ་ནི་གྲོང་གསེབ་དར་རྒྱས་ལ་རོགས་རམ་བྱེད་པའི་འཇུ་རྟེན་གལ་ཆེན་ཞིག་ཏུ་བརྩིས་ནས། ཁུལ་ཡོངས་ཀྱི“4+1+N”ཡི་སྒྲུབ་འབྲེལ་འགན་གཙང་ལེན་ལ་བརྟེན་ཏེ་གྲོང་གསེབ་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་མ་ལག་ལ་དམིགས་ནས། རྒྱུན་རྣམ་ཅན་གྱི་འབྲེལ་འདྲིས་ལམ་སྲོལ་འཐུས་ཚང་དུ་བཙུགས་པ་དང་། ཟླ་རེར་སྡེ་བར་སྡོད་པའི་ལས་དོན་རུ་ཁག་གི་ཚོགས་འདུ་བསྡུས་ནས་གནད་འཁེལ་བའི་རོགས་སྐྱོར་དགོས་མཁོ་མཐུན་སྦྱོར་བྱས། ཡུལ་ཚོ་ཏང་ཨུའི་གཅིག་གྱུར་འཆར་འགོད་འོག མཚོ་བྱང་ཁུལ་གནམ་གཤིས་ཅུ་དང་། མཚོ་བྱང་ཁུལ་ཐ་མག་ཆེད་འཚོང་ཅུ། རྐང་ཚ་རྫོང་སྡོད་ཁང་འཛུགས་སྐྲུན་འགྲིམ་འགྲུལ་སྐྱེལ་འདྲེན་ཅུ། རྐང་ཚ་རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུ་སོགས་མངགས་གཏོང་ལས་ཁུངས་ཁག་གི་འགན་འཁུར་པ་གཙོ་བོ་དང་མགོ་ཁྲིད་ཚན་ཁག་སྔ་རྗེས་སུ་ཐེངས5ཙམ་ལ་མཉམ་འབྲེལ་སྡེ་བར་ཡོང་ནས་ཡུལ་དངོས་རྟོག་ཞིབ་གནང་སྟེ། བཞུགས་མོལ་ཚོགས་འདུ་ཐེངས3འཚོགས་པ་དང་བསམ་འཆར་གྲོས་གཞི2བཏོན་པ། ཡུལ་དངོས་ནས་དཀའ་ངལ2ཐག་གཅོད་བྱས། སྡེ་ཁག་སོ་སོས་རང་འགུལ་གྱིས་ལས་འགན་དང་ལེན་བྱས་ཤིང་ནུས་ཤུགས་བླ་ལྷག་བཏོན་པ་བརྒྱུད་དེ། “ཡུལ་ཚོས་སྤྱི་འདོམས་བྱེད་པ་དང་སྡེ་ཁག་མཉམ་ལས་བྱེད་པ། སྡེ་བས་དོན་འཁྱོལ་བྱེད་པའི”རོགས་སྐྱོར་གཅིག་མཐུན་ཚོགས་པ་ཆགས།

    མང་ཚོགས་དང་ཉེ་བར་བཅར་ནས་སྒྲོག་འགྲེལ་གྱི“རྟེན་གཞི་གཙོ་བོ”བཙུགས། མངགས་གཏོང་ལས་ཁུངས་ཁག་གི་སྡེ་སྡོད་ལས་དོན་རུ་ཁག་གིས་འབྲོག་ཁུལ་གྱི་དོན་དངོས་ལ་གཞིགས་ནས། རིགས་པའི་གཞུང་ལུགས་ཀྱི་སྒྲོག་འགྲེལ་དེ“གཅིག་སྦྲེལ་རོགས་གཉིས”དང་ཟུང་འབྲེལ་བྱས་ཏེ། རྒྱན་རྣམ་ཅན་གྱི་དབུལ་ལོག་འགོག་པའི་ལྟ་ཞིབ་ཚད་ལེན་དང་འབྲེལ་ནས། གཞི་ཁྱོན་ཆེ་བའི་སྒོ་ནས་དབུལ་ལོག་འགོག་པའི་མཐའ་ཚད་མཐའ་གཅིག་ཏུ་བསྲུངས་ཡོད། ད་ལྟའི་བར་དུ། སྡེ་སྡོད་ལས་དོན་རུ་ཁག་སོ་སོས“སྔ་མོ་ནས་ཤེས་རྟོགས་ཐུབ་པ་དང་སྔ་མོ་ནས་ཐེ་གཏོགས་ཐུབ་པ། སྔ་མོ་ནས་རོགས་སྐྱོར་ཐུབ་པ”བཅས་ཀྱི་ལམ་སྲོལ་དམ་འཛིན་བྱས་ཏེ། དབུལ་ཐར་དང་ལྟ་ཞིབ་ཚད་ལེན་བྱ་ཡུལ་སོགས་གཙོ་གནད་མི་ཚོགས་དུད་ཁྱིམ200དང་མི300ལྷག་ལ་འཕྲད་འདྲི་བརྟག་དཔྱད་བྱས་པས། གནས་ཚུལ་གསལ་བོ་ཤེས་པ་དང་རྨང་གཞི་ཇེ་བརྟན་དུ་གྱུར་ཡོད། དུས་མཚུངས་སུ“ཚོགས་གསུམ་ཁྲིད་གཅིག”དང་བརྗོད་དོན་གཙོ་བོ་ཏང་གི་བྱེད་སྒོ་སོགས་བརྒྱུད་ནས། “གཅིག་བསྡུས་སྒྲོག་འགྲེལ+ཁྱིམ་དུ་འགྲོ་བ+ཐང་ནས་གྲོས་མོལ”ཞེས་པའི་རྣམ་པ་གསར་གཏོད་ཀྱིས་ཁྱིམ་དུ་ཐེངས200ལྷག་སོང་བ་དེ་མང་ཚོགས600ལྷག་ལ་ཁྱབ་ཅིང་། སྨྲ་དག་ལ་གོ་བདེ་བའི་ལམ་ནས་ཏང་གི་ཞིང་སྟོབས་ཞིང་ཕན་སྲིད་ཇུས་འབྲོག་པ་རྣམས་ཀྱི་གམ་དུ་བསྐྱལ་ནས། སྲིད་ཇུས་དྲིལ་བསྒྲགས་ཀྱི“མཐའ་མའི་འགག་གནད”གཏོར་ལ། རིགས་སོ་སོའི་མང་ཚོགས་ཚོར་ཏང་གི་དྲིན་དྲན་པ་དང་། ཏང་གི་ཚིག་རྩི་བ། ཏང་གི་རྗེས་སུ་འབྲང་རྒྱུར་ཁྲིད་སྟོན་བྱས།

    ཐབས་ཇུས་གནད་འཁེལ་གྱིས་རོགས་སྐྱོར“ཐོབ་ཚོར”ཇེ་མཐོར་བཏང་།མངགས་གཏོང་སྡེ་ཁག་སོ་སོས་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་ལ་དམིགས་ནས། “གཞན་བརྟེན”དང“རང་རྩོལ”གཉིས་ཀར་མཐོང་ཆེན་བྱས་ཏེ། རོགས་སྐྱོར་ཐོན་ཁུངས་གནད་སྨིན་ངང་སྦྲེལ་མཐུད་བྱས། ལས་གཞི་བརྩོན་ལེན་བྱེད་པའི་ཐད་དུ། ཡུལ་ཚོ་ཏང་ཨུས་གཅིག་གྱུར་མཐུན་སྦྱོར་བྱས་པ་དང་། མངགས་གཏོང་སྡེ་ཁག་སོ་སོས་ལས་རིགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་འབྲེལ་བ་བཟང་པོ་བཙུགས། དཔོན་ཚང་གོང་མ་སྡེ་བར་གྲོང་གསེབ་དར་རྒྱས་ལས་གཞི1བདེ་བླག་ངང་བརྩོན་ལེན་བྱས་ཤིང་། ལས་གཞི་དེ་ལ་མ་དངུལ་སྒོར་ཁྲི440དོན་འཁྱོལ་བྱུང་བ་དང་། མ་དངུལ་སྒོར་ཁྲི6གི་རིན་ཐང་ཅན་གྱི་དངོས་ཟོག་སྤྲད་པས། ཡུལ་ཚོ་ཡོངས་ཀྱི་ཐོན་ལས་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན། ཆ་སྒྲིག་གཅེས་སྐྱོང་གི་ཐད་ནས། དཔོན་ཚང་གོང་མ་སྡེ་བར་བཅའ་སྡོད་བྱེད་མཁན་སྡེ་ཁག་གིས་ཆ་སྒྲིག་གཉེན་འཚོལ་བྱེད་སྒོ་སྤེལ་བ་དང་། འཚམས་འདྲིའི་དངུལ་དང་མ་དངུལ་སྒོར་ཁྲི1.72གྱི་རིན་ཐང་ཅན་གྱི་འཚམས་འདྲིའི་དངོས་པོ་སྤྲད། རིག་སྐྱོར་སློབ་གསོའི་ཐད་ནས། མཚོ་བྱང་ཁུལ་ཐ་མག་ཆེད་འཚོང་ཅུ་ཡིས“སློབ་བུ་བཟང་བོའི”ལས་གཞི་བརྒྱུད་དེ་དབུལ་ཕོངས་སློབ་མ2ལ་རོགས་རམ་བྱས་པ་དང་ཁྱོན་བསྡོམས་སྒོར་ཁྲི2སྤྲད། དམངས་ཚིས་དངོས་སྒྲུབ་ཀྱི་ཐད། རྐང་ཚ་རྫོང་སྡོད་ཁང་འཛུགས་སྐྲུན་འགྲིམ་འགྲུལ་ཅུ་དང་དམངས་སྲིད་ཅུ་ཡིས “བཅུ་ལྡན་ལས་གྲྭའི”ལུས་རྩལ་ཡོ་བྱད་ལས་གཞི་ལག་བསྟར་བྱས་པ་དང་ཆབས་ཅིག རུ་མང་སྡེ་བར་མ་དངུལ་སྒོར་ཁྲི1གི་རིན་ཐང་ཅན་གྱི་འཚམས་འདྲིའི་དངོས་རྫས་ཕུལ། བྱེད་ཐབས་བརྟན་པོ་འདི་དག་གིས་དོན་དངོས་བཟང་པོ་རྣམས་མང་ཚོགས་ཀྱི་སེམས་གཏིང་དུ་བསྐྱལ་བར་མ་ཟད། དངོས་ཡོད་ལག་ལེན་བསྟར་བའི་རོགས་སྐྱོར་བརྒྱུད་དེ་ཏང་དང་མི་དམངས་དབར་གྱི་འབྲེལ་བ་སྔར་བས་ཇེ་དམ་ཏུ་བཏང་སྟེ། མང་ཚོགས་རང་ཉིད་ཀྱིས་འབད་བརྩོན་ལྷོད་མེད་བྱེད་པའི་ཡིད་ཆེས་ཇེ་བརྟན་དུ་བཏང་བ་དང་། ཕྱོགས་ཡོངས་ནས་གྲོང་གསེབ་དར་སྤེལ་གཏོང་བ་ལ་ནང་གནས་སྟོབས་ཤུགས་ཆེན་པོ་ཞིག་བསགས་ཡོད།

    སྐྱིད་སྨོན་ཡུལ་ཚོས་མུ་མཐུད་དུ་མཐུན་སྦྱོར་ལྟེ་གནས་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ། “གཅིག་སྦྲེལ་རོགས་གཉིས”ཀྱི་ལམ་ལུགས་གཏིང་ཟབ་ཏུ་སྤེལ་བ་དང་། ལས་ཁུངས་སོ་སོས་འགན་ནུས་ལེགས་ཆ་འདོན་པར་ཁྲིད་སྟོན་བྱེད་པ། བྱེད་ཐབས་སྔར་ལས་བརྟན་པོ་སྤྱད་དེ་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། ཏང་འཛུགས་སྐྱོང་གི་སྣེ་ཁྲིད་བཟང་པོ་ལ་བརྟེན་ནས་ཡུལ་ཚོ་ཡོངས་ཀྱི་གྲོང་གསེབ་དར་རྒྱས་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་བྱ།