网站无障碍
རྐང་ཚ་རྫོང་གིས་འཐབ་འཛིང་གི་མཁར་རྫོང་བརྟན་པོ་བཙུགས་ནས་གྲོང་གསེབ་ཐོན་ལས་ལ་གསོན་ཤུགས་རྒྱས་པར་བྱས།
发布时间:2026年10月10日 消息来源:

རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

      ད་ལོ་ནས་བཟུང་།  མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་དཀོན་ལོ་གོང་མ་སྡེ་བའི་ཏང་ཀྲི་པུས་གཞི་རིམ་རྩ་འཛུགས་ཀྱི་འཐབ་འཛིང་བཙན་རྫོང་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཏང་གིས་སྣེ་ཁྲིད་དེ་གྲོང་གསེབ་འཕེལ་རྒྱས་ཀྱི་ནང་གནས་སྒུལ་ཤུགས་སྐུལ་སློང་བྱས་པ་དང་། སྡེ་བའི་ནང་ཁུལ་གྱི་བེད་མེད་རྒྱུ་ནོར་བེད་སྤྱོད་བྱེད་པར་དམིགས་ནས། “ཏང་གིས་སྣེ་ཁྲིད་བྱེད་པ+བེད་མེད་རྒྱུ་ནོར་བསྐྱར་སྤྱོད+ཟ་ཁང་ལ་གཏན་འཁེལ་མཁོ་སྤྲོད+གནས་སྐོར་རིག་གནས་བྱེད་ནུས་མཉམ་འདྲེས”བཅས་ཀྱི་འཕེལ་རྒྱས་དཔེ་དབྱིབས་གསར་གཏོད་ལག་བསྟར་བྱས་ཤིང་། ཏང་ཨུས་གཙོ་ཁྲིད་མཐུན་སྦྱོར་དང་བེད་མེད་རྒྱུ་ནོར་ནུས་ལྡན་ངང་བསྐྱར་སྤྱོད་ཐུབ་པ། གཉེར་སྐྱོང་ཡོང་འབབ་དམངས་ཚིས་ལ་ཕན་འདོགས་པ། སྤྱི་པའི་ཞབས་ཞུ་རྒྱུན་མཐུད་ངང་སྤུས་ཚད་མཐོ་རུ་གཏོང་བ་བཅས་ཀྱི་འཁོར་སྐྱོད་ལམ་སྲོལ་ཆ་ཚང་ཞིག་བསྐྲུན།

    ཏང་ཀྲི་པུས་སྣེ་ཁྲིད་དེ་འགག་སྒྲོལ་བྱས་ཤིང་། བེད་མེད་འདེབས་གསོའི་རྒྱུ་ནོར་བེད་སྤྱོད་བྱས། སྡེ་བའི་ཏང་ཀྲི་པུས་འཕེལ་རྒྱས་ཀྱི་འགན་འཁྲི་གཙོ་བོ་རང་འགུལ་ངང་འཁུར་བ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱས་པ་བརྒྱུད། སྔར་ཡོད་གསོ་སྤེལ་རྟེན་གཞིའི་གཉེར་སྐྱོང་མ་གནས་མཐོ་བ་དང་ཡོང་འབབ་དམའ་བ་སོགས་འཕེལ་རྒྱས་ཀྱི་ཞན་ཆར་དམིགས་ནས། སྡེ་བའི“ཨུ་ལྷན་གཉིས”ཀྱི་ཏང་ཡོན་ལས་བྱེད་པའི་བརྟག་དཔྱད་ཞིབ་འཇུག་བྱེད་པ་དང་འདེབས་འཛུགས་ཇུས་གཞི་ལེགས་སྒྲིག་བྱེད་པར་སྣེ་ཁྲིད་དེ། རིན་གོང་མཐོ་བའི་འཚོ་བཅུད་གཤེར་ཁུ་སྤྱད་དེ་འདེབས་པ་དེ་རིན་གོང་དམའ་བའི་ས་ཞིང་ནང་འདེབས་སྟངས་སུ་བསྒྱུར་ཡོད། ཏང་ཀྲི་པུས་ཏང་ཡོན་དང་མང་ཚོགས་མཉམ་དུ་ཞིང་ཁའི་ཐོན་སྐྱེད་ནང་ཞུགས་རྒྱུར་རྩ་འཛུགས་བྱས་ཏེ། ཏང་ཡོན་ལ་འགན་འཁྲིའི་ས་ཆ་བགོས་པ་དང་། ཏང་ཡོན་གྱིས་སྣེ་འཁྲིད་དེ་ས་བོན་འདེམས་སྒྲུག་དང་ཡོ་བྱད་ཉམས་གསོ། མྱུ་གུ་འཛུགས་པ། ས་བཀབ་རླན་སྲུང་བཅས་བརྒྱུད་རིམ་ཧྲིལ་བོར་དམ་འཛིན་ནན་པོ་བྱས་ཤིང་། ཏང་ཡོན་སྤུས་ཚད་ལྟ་སྐུལ་ལས་གནས་བཙུགས་ནས་ཞིང་ལས་ཐོན་རྫས་སྣ་ཚོགས་ཀྱི་སྤུས་ཀ་ཚོད་འཛིན་ནན་མོ་བྱས་ཡོད། སྒྱུར་བཀོད་བྱས་རྗེས་ཀྱི་རྟེན་གཞི་དེར་གཞི་ཁྱོན་ཆེན་པོས་སུར་པན་དང་ཀྲོ་མ་ཀྲུ། སྣུམ་ཚལ། རྗེན་ཚལ། ལྕ་ཚལ། ལ་ཕུག རྡོ་ཀུ་བ། ནུབ་ཀ་པེད་སོགས་མཐོ་སྒང་གི་དུས་ཚིགས་སྔོ་ཚལ་བཏབ་སྟེ། བེད་མེད་དུ་ལུས་པའི་རྟེན་གཞི་ལས་དཔལ་འབྱོར་ཕན་འབྲས་བླངས་ཏེ་སྡེ་བའི་ཐུན་མོང་རྒྱུ་ནོར་བེད་མེད་དུ་ལུས་པ་དང་ཕན་ནུས་ཆུང་བའི་གནད་དོན་ཐག་གཅོད་བྱས།

    ཏང་རྩ་འཛུགས་ཀྱིས་མཁོ་སྤྲོད་དང་དགོས་མཁོ་སྦྲེལ་མཐུད་བྱས་ཏེ། ཟ་ཁང་གིས་དམངས་ཕན་ཞབས་ཞུ་ལག་བསྟར་བྱས། སྡེ་བའི་ཏང་ཀྲི་པུས་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་དམིགས་ཡུལ་དུ་བཟུང་ནས། གསོ་སྤེལ་རྟེན་གཞི་དང་སྡེ་བའི་བདེ་སྐྱིད་ཟ་ཁང་བར་ཐད་ཀར་མཁོ་འདོན་མཉམ་ལས་ཀྱི་ལམ་སྲོལ་བཙུགས་ཤིང་། ཞིང་ལས་ཐོན་རྫས་ཞིང་ཁ་ནས་ཅོག་ཙེ་སྟེང་དུ་སླེབས་པའི་ལམ་བུ་ཤར་གཏོང་བྱས་པ་བརྒྱུད་ཚོང་ལམ་མང་པོ་ཞིག་གི་འགྲོ་ལུགས་ཉུང་དུ་བཏང་ཡོད། རྟེན་གཞིས་ཐོན་སྐྱེད་བྱས་པའི་སྔོ་ཚལ་གསར་བ་རྣམས་སྔོན་ལ་སྡེ་བའི་ནང་གི་བདེ་སྐྱིད་ཟ་ཁང་ལ་མཁོ་སྤྲོད་བྱེད་པ་དེས་ལོ་རེར་ཟ་ཁང་ཕྱི་རོལ་གྱི་ཟས་རིགས་ཉོ་སྒྲུབ་ཐད་སྒོར་ཁྲི0.5གྲོན་ཆུང་ཐུབ་ཡོད། ཏང་ཀྲི་པུས་ཏང་ཡོན་སྐུལ་སློང་བྱས་ཏེ་དུས་ལྟར་སྔོ་ཚལ་འཐུ་བསྡུ་དང་སྐྱེལ་འདྲེན་ལས་དོན་ལ་རོགས་རམ་བྱས་པས་ཟ་ཁང་གི་རྒྱུ་ཆ་བརྟན་པོ་ཡོང་བར་འགན་ལེན་བྱས། དེ་ལྟར་སྡེ་མི་རྒན་པ་ཚོས་རིན་གོང་དམའ་ཞིང་གསར་བ་ཡིན་པའི་དུས་ཚིགས་རང་བཞིན་གྱི་སྔོ་ཚལ་ལོངས་སུ་སྤྱོད་ཐུབ་པར་མ་ཟད། ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁེ་སྤོགས་མཉམ་སྤྱོད་ཀྱང་ཐོབ་ཅིང་། མང་ཚོགས་ཀྱིས་ཏང་རྩ་འཛུགས་ཀྱིས་ཁྱེར་ཡོང་བའི་འཚོ་བའི་དྲོད་ཁོལ་དངོས་སུ་ཚོར་ཐུབ་པ་བྱུང་སྟེ། ངལ་རྩོལ་གྱིས་བསྐྲུན་པའི་བདེ་སྐྱིད་དངོས་གནས་མྱོང་རོལ་བྱེད་ཐུབ།

    ཏང་འཛུགས་དེ་རིག་གནས་གནས་སྐོར་ལས་རིགས་དང་མཉམ་འདྲེས་བྱས་ནས་ཡོང་འབབ་འཕར་སྣོན་གྱི་ཐབས་ལམ་སྣ་མང་རྒྱ་སྐྱེད་བཏང་། སྡེ་བའི་ཏང་ཀྲི་པུས་སྡེ་བ་རང་གིA3རིམ་པའི་མཛེས་ལྗོངས་ཁུལ་གསར་འཛུགས་ཀྱི་དམིགས་ཚད་ལ་གཞི་བཅོལ་ནས། བེད་མེད་དུ་ལུས་པའི་འདེབས་གསོ་རྟེན་གཞི་ཕྱོགས་བསྡུས་འཕེལ་རྒྱས་གཏོང་བའི་ནུས་པ་གཏིང་ཟབ་སྔོག་འདོན་བྱས་པ་དང་། ཏང་འཛུགས་ཀྱིས་རིག་གནས་གནས་སྐོར། ཞིང་ལས། སློབ་ཞིབ་བཅས་ཀྱི་ཐོན་ཁུངས་ཟུང་འབྲེལ་གྱིས་སྲོལ་རྒྱུན་རྐྱང་བ་ཡིན་པའི་འདེབས་གསོ་རྟེན་གཞི་དེ་རྣམ་པ་གསར་བ་ཞིག་ཏུ་བསྒྱུར་བར་སྐུལ་འདེད་བྱས། ཏང་ཀྲི་པུས་རིག་གནས་སྡེ་ཁག་དང་སློབ་སྦྱོང་ཞིབ་འཇུག་ལས་ཁུངས། གནས་སྐོར་གཉེར་སྐྱོང་ཚན་པ་བཅས་དང་འབྲེལ་བ་བཙུགས་ཏེ། ཞིང་ལས་ཉམས་ལེན་དང་ཤིང་ཏོག་འཐོག་པ། གྲོང་གསེབ་ལྟ་སྐོར་སོགས་ཐོན་ལས་གསར་བ་སྣ་ཚོགས་རྒྱ་བསྐྱེད་དེ། མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ཏང་གིས་སྣེ་ཁྲིད་བྱེད་པའི་ཞིང་ལས་ཉམས་ལེན་དཔེ་སྟོན་ས་ཚིགས་ཤིག་བསྐྲུན། ཏང་ཡོན་རྐང་འཛིན་པས་སྣེ་ཁྲིད་དེ་མཛེས་ལྗོངས་ཁུལ་ཞབས་ཞུ་དང་འཐོག་མཁན་སྣེ་ལེན། སློབ་སྦྱོང་འགྲེལ་བཤད་སོགས་ནང་དུ་ཞུགས་སུ་བཅུག་ཅིང་། ས་གནས་འབྲོག་པ་རྣམས་ཐག་ཉེ་སར་ལས་ཞུགས་ཐུབ་པར་སྐུལ་མ་བཏང་བར་མ་ཟད། ཏང་འཛུགས་ཀྱིས་ཐོན་ལས་གོང་འཕེལ་དང་དམངས་ཚིས་འགན་སྲུང་། རིག་གནས་སྤུས་ཚད་མཐོར་འདེགས་བཅས་སྦྲེལ་མཐུད་བྱས་ཏེ་རྩ་འཛུགས་ཀྱིས་མགོ་ཁྲིད་དང་ཐོན་འབབ་ཡར་རྒྱས། མང་ཚོགས་ཡོང་སྤར་ཕྱུག་འགྱུར་བཅས་ཕན་ཚུན་སྐུལ་སྤེལ་ལེགས་པོ་བྱུང་ཡོད།