རྐང་ཚ་རྫོང་གིས་ནག་འཇོམས་ངན་སེལ་ཟབ་སྤེལ་ཆེད་དོན་འཐབ་རྩོད་ཀྱི་ནག་ཚོགས་དང་འབྲེལ་བའི་སྤྱོད་ངན་བསྡུ་ལེ་དག་ཐེར་བྱེད་པའི་སྐོར་གྱི་གསལ་བསྒྲགས་བརྡ་ཁྱབ།
རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ནག་འཇོམས་ངན་སེལ་ཟབ་སྤེལ་ཆེད་དོན་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་བ་ནས་བཟུང་། རང་རེའི་རྫོང་གིས་རྡུང་རྡེག་གཏོང་རྒྱུ་གཙོ་གནད་དུ་བཟུང་བ་དང་། ཐབས་ཤེས་དྲག་པོ་སྤྱད་དེ་ཉེས་གསོག་གསར་རྙིང་ལ་དམིགས་ནས། མུ་མཐུད་དུ་འབད་བརྩོན་ཆེན་པོ་བྱས་པས། ཆེད་དོན་བྱ་སྤྱོད་ཀྱི་ལས་དོན་ཐད་གྲུབ་འབྲས་མངོན་གསལ་བླངས་ཡོད། སྤྱི་ཚོགས་བདེ་འཇགས་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་པ་དང་། མང་ཚོགས་ཀྱི་བདེ་འཇགས་ཚོར་སེམས་དང་བློ་ཡིད་ཚིམ་ཚད། བདེ་སྐྱིད་ཚོར་སེམས་བཅས་སྔར་ལས་མཐོ་རུ་ཕྱིན་ཡོད། ནག་འཇོམས་ངན་སེལ་ཟབ་སྤེལ་ཆེད་དོན་འཐབ་རྩོད་ཀྱི་ཕན་འབྲས་ཇེ་བརྟན་དུ་གཏོང་བ་དང་གནད་དོན་སྣ་ཚོགས་བཅོས་སྒྲིག་ནུས་ལྡན་བྱ་ཆེད་དང་། རྫོང་ཡོངས་འཆམ་མཐུན་བརྟན་ལྷིང་ཡོང་བར་འགན་ལེན་བྱ་ཆེད། ད་ལྟ་སྤྱི་ཚོགས་ཡོངས་སུ་འཆོལ་རྙོག་གི་གནས་ཚུལ་རིགས་ཀྱི་ཁུངས་སྣེ་བསྡུ་རུབ་བྱེད་བཞིན་ཡོད།
༡.མངའ་ཁོངས་ཀྱི་དྲ་རྒྱའི་གཙོ་སྒྲོན་པ་དང་རང་གཉེར་སྨྱན་བྱེད་ཀྱི་རྩིས་ཨང་བརྒྱུད་ནས་ཐད་གཏོང་བྱེད་སྐབས་ཀུན་སྤྱོད་དང་འགལ་བའི་འཆལ་སྤྱོད་རིགས་སམ། འཆལ་གཏམ་བཤད་ནས་མི་སྣ་འགུག་པ། རྣམ་བསྒྱུར་ཆགས་སྤྱོད་ཚོང་གཉེར། མང་ཚོགས་ཀྱི་གསང་བ་ཕྱིར་བསྒྲགས་བྱེད་པ། རྩོད་གཞི་འུད་སྒྲོག་བྱེད་པ། སྐད་ཆ་མི་འོས་པ་བཤད་པ། ཆ་འཕྲིན་ངན་པ་སྤེལ་བ། ཐད་གཏོང་འགྲན་བསྡུར་ངན་སྒྲིག་བྱས་ཏེ་དྲ་རྒྱའི་བར་སྟོང་གི་སྒྲིག་ལམ་དཀྲུག་པ་དང་། སྤྱི་ཚོགས་ཀྱི་གོམས་གཤིས་བཟང་པོ་ཉམས་དམས་སུ་གཏོང་བའི་བྱ་སྤྱོད་རིགས།
༢.མི་སྒེར་རམ་མི་མང་གིས “གྱང་མཆོང” མཉེན་ཆས་བེད་སྤྱད་ནས་ཕྱི་རྒྱལ་གྱི་དྲ་ཚིགས་དང་ཁྲིམས་འགལ་གྱི་བརྙན་ཐུང་ལ་ལྟ་བ། གནས་ཚུལ་ངན་པ་སྤེལ་བ། དྲ་རྒྱའི་གླེང་ཕྱོགས་ནང་དུ“མོས་རྡེབ”དང“དཔྱད་གླེང”སོགས་ཀྱི་བྱ་སྤྱོད་སྤེལ་བའི་རིགས།
༣.དུས་ཡུན་རིང་པོར་སྡེ་བའི(སྡེ་ཁུལ)“ཨུ་ལྷན་གཉིས”དང“ལྡོག་སྒྲུབ”བྱེད་པ་སྟེ། དུས་རྒྱུན་དུ་སྡེ་བའི(སྡེ་ཁུལ)“ཨུ་ལྷན་གཉིས”ཀྱིས་འཚོགས་པའི་སྡེ་མིའི(སྡོད་དམངས)ཚོགས་ཆེན་སྟེང་འོས་མཐུན་མིན་པའི་དོགས་སློང་བྱེད་པ་དང་། གཞན་པ་ངན་སྐུལ་བྱས་ནས་ངན་སྨྲས་བྱེད་པའམ་སྡེ་བའི(སྡེ་ཁུལ)ལས་དོན་ཁས་མི་ལེན་པ། དུས་ཡུན་རིང་པོར་སྡེ་བའི(སྡེ་ཁུལ)ཚོམས་སམ་སྡེ་མིའི(སྡོད་དམངས)“ཨུ་ལྷན་གཉིས”ཀྱི་བརྡ་རྒྱག་སའི་སྐད་འཕྲིན་ཚོགས་པའི་ནང་དུ་མི་འོས་པའི་སྐད་ཆ་བཤད་པ་དང་། “ཨུ་ལྷན་གཉིས”ཀྱི་ལས་དོན་ལ་དགག་པ་རྒྱག་པའམ་དམའ་འབེབས་བྱེད་མཁན། ཡང་ན་མི་སྒེར་རམ་ཐུན་མོང་གིས་ཚོགས་པའི་ནང་གི་ཆ་འཕྲིན་རྒྱུན་ལྡན་ངང་བརྒྱུད་སྤྲོད་བྱེད་པར་ཤུགས་རྐྱེན་ཐེབས་པ་དང་། སྡེ་བའི(སྡེ་ཁུལ)“ཨུ་ལྷན་གཉིས”ཀྱིས་ལས་ཀ་རྒྱུན་ལྡན་ལྟར་སྒྲུབ་པར་བར་ཆད་བཟོ་མཁན། ཡང་ན་དུས་ཡུན་རིང་པོར་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་གཏན་འཇགས་རྒྱུ་ནོར་བཟུང་སྤྱོད་བྱས་པར་མ་ཟད་གྲོས་མོལ་མི་བྱེད་པའམ་ཕྱིར་སློག་མི་བྱེད་མཁན་གྱི་རིགས།
༤.རྫོང་ཡོངས་ཀྱི་ཁྱབ་ཁོངས་ནང་ལས་རིགས་གཙོ་སྐྱོང་སྡེ་ཁག་གིས་ཞིབ་བཤེར་རམ་མི་སྒེར་གྱིས་ཐེར་འདོན་བྱས་ནས་བདེན་པ་ར་སྤྲོད་བྱུང་རྗེས། གནད་དོན་ཤེས་རྟོགས་བྱུང་བ་དང་དག་ཐེར་བྱེད་དགོས་པའི་རེ་བ་བཏོན་ཡང་དུས་ཡུན་རིང་པོར་སྣང་མེད་དུ་བཞག་པའམ་ཡང་ན་དག་ཐེར་མི་བྱེད་པའི་རིགས།
༥.མི་སྣ་ཁ་ཤས་ཀྱིས་འཛད་སྤྱོད་རྒྱུན་ལྡན་མིན་པ་དམིགས་ཡུལ་དུ་བཟུང་ནས། ཚོང་གཉེར་མཁན་གྱི་སྐྱོན་ཆ་ཕྲ་མོ་ཆེད་དུ་བཙལ་ཏེ། ཚོང་ཟོག་འབོར་ཆེན་ཉོ་སྒྲུབ་བྱེད་པའམ་ཡང་དང་བསྐྱར་དུ་ཞུ་གཏུག་བྱེད་པ། གླེང་ཕྱོགས་ཀྱིས་གནོན་ཤུགས་སྤྲོད་པ་སོགས་ཀྱི་ཐབས་ལམ་བརྒྱུད་དེ་སྐྱིན་ཚབ་མཐོན་པོ་སློང་བ་དང་། ཁྲོམ་རའི་རྒྱུན་ལྡན་གྱི་སྒྲིག་ལམ་ལ་བསམ་བཞིན་དུ་བར་ཆད་བྱེད་པའི་རིགས།
༦.ཁྲིམས་འགལ་གྱིས་རྩྭ་ཐང་སློག་པ་དང་། སྒེར་གྱི་ལྕགས་ར་འཐེན་་ནས་ཐུན་མོང་གི་རྩྭ་ས་བཙན་བཟུང་བྱེད་པ། རང་དགར་དུ་རྩྭ་ས་བགོ་བ། གཏན་འཁེལ་བྱས་ཡོད་པའི་ཕྱུགས་བཀག་ས་ཁུལ་དང་རྨོ་བསྐྱུར་ནགས་འདེབས་ཀྱི་ས་ཆར་ཕྱུགས་འཚོ་བའི་རིགས།
༧.རྫོང་མཁར་དང་གྲོང་རྡལ་ཁག་ཏུ་གླ་འཁོར་གྱིས་འགྲུལ་པ་འཕྲོག་རེས་བྱེད་པ་དང་། ངན་སེམས་ཀྱིས་མགྲོན་པོ་འགུག་པ། ལམ་ངོས་སུ་བསྡད་དེ་མགྲོན་པོ་འགུགས་པ། འགྲན་རྩོད་ངན་པ་བྱེད་པ། ཚད་ལྡན་མིན་པའི་ཞབས་ཞུ་སོགས་ཀྱི་སྣང་ཚུལ་རིགས།
༨.ཁོངས་གཏོགས་ཁུལ་གྱི་གཞུང་ལམ་གཙོ་བོ་དང་གྲོང་གསེབ་ཀྱི་ལམ་རྒྱུད་དུ་གད་སྙིགས་གང་བྱུང་དུ་བཤོས་པ་དང་། དུས་ཡུན་རིང་པོར་འཚོ་བའི་གད་སྙིགས་དང་ཨར་ལས་གད་སྙིགས། བེད་མེད་དངོས་པོ་བཅས་སྤུངས་ནས་འགྲོ་ལམ་བདེ་འཇགས་ལ་ཤུགས་རྐྱེན་ཐེབས་པ་དང་སྡེ་བའི་རྣམ་པ་གཏོར་བརླག་གཏོང་བ། སྤྱི་པའི་སྐྱེ་ཁམས་ཁོར་ཡུག་སྦགས་བཙོག་བཟོ་བ། རྒྱུན་རྣམ་ཅན་གྱི་ཁོར་ཡུག་བཅོས་སྐྱོང་ལས་དོན་སྤེལ་བར་འགོག་རྐྱེན་བཟོ་བའི་རིགས།
༩.ཆུ་བོར་གཙང་སྤྲ་བྱེད་པ་དང་གད་སྙིགས་བསྡུ་རུབ། ཆུའི་སྦགས་བཙོག་གཙང་སེལ། ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་སོགས་དམངས་ཕན་རང་བཞིན་གྱི་ལས་སྒྲུབ་བྱེད་སྐབས། རྒྱུ་མཚན་ཡང་དག་མེད་པར་ཨར་ལས་བྱེད་རྒྱུར་བཀག་འགོག་བྱེད་པའམ་ངན་སེམས་བཅངས་ནས་བཅོས་སྒྲིག་ལས་དོན་ལ་ཐེ་གཏོགས་བྱས་ཏེ། གོ་སྐབས་དང་བསྟུན་ནས་ངལ་རྩོལ་གླ་ཆ་དང་ལམ་གླ། མཐུན་སྦྱོར་དངུལ་སོགས་བླངས་ཏེ་རྒྱུ་ནོར་གསོག་འཇོག་བྱེད་པ་དེས་སྤྱི་པའི་དོ་དམ་ལས་གཞི་རྒྱུན་ལྡན་ངང་ལག་བསྟར་བྱ་རྒྱུར་གེགས་བྱེད་པའི་རིགས།
༡༠.ཡུལ་སྐོར་ལམ་ཐིག་དང་ལྗོངས་ཁུལ་གྱི་ཉེ་འཁོར་དུ་རང་དགར་དུ་ལྗོངས་གནས་འཛུགས་པའམ་རྣམ་གྲངས་འཛུགས་པ། ལག་ཁྱེར་མེད་པར་རིག་གནས་ཡུལ་སྐོར་གཇེར་སྐྱོང་རང་བཞིན་གྱི་ཞབས་ཞུ་སྒྲུབ་པའམ་ཡང་ན་ཡུལ་སྐོར་བར་བཙན་ཤེད་ཀྱིས་འཛད་སྤྱོད་བྱེད་དུ་འཇུག་པའི་རིགས།
༡༡.འཆོལ་རྙོག་རིགས་གཞན་དག
ཐེར་འདོན་ངེས་བྱ།
༡.ཐེར་འདོན་གྱི་ཁུངས་སྣེ་ནི་བདེན་པ་དང་དངོས་ཡོད་ཡིན་དགོས་པར་མ་ཟད་གནས་ཚུལ་ཞིབ་ཕྲ་ཡིན་དགོས། དོན་རྐྱེན་བྱུང་སའི་ས་གནས་གསལ་པོ་དང་འབྲེལ་ཡོད་མི་སྣ། དུས་ཚོད་ཀྱི་བརྒྱུད་རིམ། དཔང་རྟགས་གལ་ཆེན་སོགས་ཀྱི་ཆ་འཕྲིན་གང་ཐུབ་ཀྱིས་མཁོ་སྤྲོད་བྱས་ན་ཞིབ་བཤེར་ཐག་གཅོད་བྱེད་པར་ཕན་ཐོགས་ཆེན་པོ་ཡོད། དོན་དངོས་རྫུན་བཟོ་བྱེད་པའམ་བསྙོན་འཛུགས་གནོད་འགེལ་བྱེད་པ། ངན་སེམས་བཅངས་ནས་ཐེར་འདོན་བྱེད་པ་བཅས་གཏན་འགོག་བྱ་རྒྱུ་ཡིན། གལ་ཏེ་གཞན་ལ་བསྙོན་འཛུགས་གནོད་འགེལ་བྱེད་མཁན་ཡོད་ཚེ་ཁྲིམས་ལྟར་འགན་འཁྲི་བདའ་འདེད་གཏོང་རྒྱུ་ཡིན།
༢.རྫོང་ནག་འཇོམས་གཞུང་ལས་ཁང་གིས་ཐེར་འདོན་མཁན་གྱི་མི་སྒེར་གྱི་ཆ་འཕྲིན་དང་ཐེར་འདོན་གྱི་ནང་དོན་གསང་རྒྱ་ནན་པོ་བྱ་རྒྱུ་ཡིན་པར་མ་ཟད་ཁྲིམས་མཐུན་གྱིས་ཐེར་འདོན་མཁན་གྱི་ཁེ་དབང་སྲུང་སྐྱོབ་བྱ་རྒྱུ་ཡིན། དེ་བཞིན་ཐེར་འདོན་མཁན་ལ་འཁོན་ལན་སློག་པ་སོགས་ཀྱི་བྱ་སྤྱོད་ལ་རྡུང་རྡེག་དྲག་པོ་གཏོང་ངེས།
༣.ནག་ཚོགས་དང་ངན་ཚོགས་དང་འབྲེལ་བ་ཡོད་པའི་ཁུངས་སྣེ་དང་འཆོལ་རྙོག་གི་གནད་དོན་ངོ་མ་ཞིབ་བཤེར་བྱས་ནས་ཁྲིམས་ལུགས་དང་སྒྲིག་སྲོལ་ལྟར་རིགས་དབྱེ་ཐག་གཅོད་ནན་མོ་དང་བཅོས་སྒྲིག་ནན་མོ་བྱ་རྒྱུ་དང་། སྒྲིག་འགལ་གྱི་བྱ་སྤྱོད་དམ་ཡང་ན་ཉེས་དོན་ཉེས་གསོག་གི་དོགས་པ་ཡོད་ཚེ་དུས་ཐོག་ཏུ་སྒྲིག་བཤེར་ལྟ་ཞིབ་དང་སྤྱི་བདེ་སོགས་ལས་ཁུངས་ཀྱིས་ཐག་གཅོད་བྱ་རྒྱུ་ཡིན།
ཐེར་འདོན་བྱེད་སྟངས།
ཁ་པར། 0970-8653877 (རྫོང་ནག་འཇོམས་གཞུང་ལས་ཁང་)
ས་གནས། རྐང་ཚ་རྫོང་ནག་འཇོམས་གཞུང་ལས་ཁང(ནོར་སྲིད་ཅུས་གཅིག་ཐོག)
ཡིག་སྒམ། gangchashb@163.com
ཟུར་མཆན། ཁ་པར་གྱི་ལམ་ནས་ཐེར་འདོན་བྱེད་པའི་དུས་ཚོད་ནི་རྒྱལ་ཁབ་ཀྱི་ཁྲིམས་བཀོད་ལས་སྒྲུབ་ཉིན་མོ་ཡིན། (སྔ་དྲོ། 8:30-12:00 ཕྱི་དྲོ། 14:30-18:00)
རྐང་ཚ་རྫོང་ནག་འཇོམས་ངན་སེལ་འཐབ་རྩོད་མགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་།
2026ལོའི་ཟླ10བའི་ཚེས9ཉིན།