网站无障碍
རྐང་ཚ་རྫོང་གིས“མགོ་འཛུགས་སའི”གྲུ་ཁུག་སྤྱི་གླིང་བསྐྲུན།
发布时间:2026年10月15日 消息来源:

རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

     མཚོ་འགྲམ་ལམ་རྒྱུད་ཀྱི་གཞི་སྡོད་ཁོར་ཡུག་ལེགས་སུ་གཏོང་བ་དང་། མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་ཆེད། རྐང་ཚ་རྫོང་གིས་མཚོ་འགྲམ“མགོ་འཛུགས་སའི”ལྟེ་བའི་ས་རྟགས་ལ་བརྟེན་ནས“མགོ་འཛུགས་སའི”གྲུ་ཁུག་སྤྱི་གླིང་བསྐྲུན། རྣམ་གྲངས་ལ་ཁྱོན་མ་དངུལ་སྒོར་ཁྲི900བཏང་བ་དང་ཁྱོན་མུའུ38.23ཙམ་བཟུང་། སྤྱིའི་ལྗང་མདོག་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི2.5461ཙམ་ཡོད། སྤྱི་གླིང་དེ་སྤྱོད་མགོ་ཚུགས་རྗེས་དམངས་བདེ་སྤྲོ་གསེང་དང་། གྲོང་ཁྱེར་གྱི་མཛེས་པའི་རྣམ་པ་མངོན་པ། རིག་གནས་གནས་སྐོར་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཕྱོགས་བསྡུས་ཕན་ནུས་འདོན་སྤེལ་བྱས་ཏེ། མཚོ་ངོགས་བོད་མཁར་གྱི་ཁྱད་ཆོས་ཡོངས་སུ་མངོན་ཞིང་། དམངས་ཀྱི་བདེ་སྐྱིད་ཀྱི་ཚད་གཞི་མཐོར་འདེགས་སུ་བཏང་། 

图片

     གནས་ཡུལ་ཆུང་ངུར་བདེ་སྐྱིད་འཛོམས། རང་ཁྱིམ་མདུན་དུ“མགྲོན་ཤག”ཡོད། “མགོ་འཛུགས་སའི”གྲུ་ཁུག་སྤྱི་གླིང་དེས་མཁར་ཁུལ་གྱི་ཐག་ཉེ་སར་སྤྲོ་གསེང་བྱེད་ས་མི་འདང་བའི་སྟོང་ཆ་བསྐོང་ཐུབ་པར་མ་ཟད། མང་ཚོགས་འཆམ་འཆམ་ལ་འགྲོ་ས་མེད་པ་དང་རྒྱུན་གཏན་ངལ་གསོ་བྱེད་སའི་གནས་མེད་པ་སོགས་ཀྱི་གནས་ཚུལ་ལ་འགྱུར་བ་བཏང་ཡོད། སྤྱི་གླིང་གིས་སྤྱོད་གོ་ཆོད་པའི་དམངས་ཕན་གྱི་རྩ་དོན་ལ་གཞི་ཚུགས་ཏེ། སྤྲོ་གསེང་རྐང་ལམ་དང་། ངལ་གསོའི་རྐུབ་སྟེགས། གློག་སྒྲོན་སྒྲིག་ཆས་བཅས་སྒྲིག་སྦྱོར་བྱས་ནས་གྲོང་གསེབ་ཀྱི་ལྗང་མདོག་མཛེས་ལྗོངས་སྒྲིག་སྦྱོར་བྱས། གྲུ་ཁུག་སྤྱི་གླིང་དེ་མང་ཚོགས་ཀྱི་རྒྱུན་གཏན་སྤྲོ་གསེང་བྱ་ཡུལ་དང་པོ་རུ་གྱུར་ནས་མི་རིགས་ཁག་གི་མང་ཚོགས་ཐག་ཉེ་སར་སྤྲོ་གསེང་དང་ལྷོད་གཡེང་བྱེད་པའི་གཞི་རྩའི་དགོས་མཁོ་སྐོང་ཐུབ་ཅིང་། དམངས་ཚིས་ཞབས་ཞུ“མཐའ་མའི་སྨི་གཅིག”ཤར་གཏོང་ཐུབ་ལ། མང་ཚོགས་ཀྱི་སྒོ་འགྲམ་དུ་ལྗང་མདོག་ལོངས་སུ་སྤྱོད་ཐུབ་པ་དང་གྲོང་ཁྱེར་གྱི་དྲོད་ཚད་ཚོར་ཐུབ་པར་བྱུང་ཡོད།

图片

གྲུ་ཟུར་ནི་ལྗོངས་སུ་གྱུར། གནས་རྙིང་ལ“ཉམས་སྣང་གསར་བ”མངོན། མཚོ་འགྲམ“མགོ་འཛུགས་སའི”མཚོན་རྟགས་རང་བཞིན་གྱི་མཛེས་ལྗོངས་ཆུང་གྲས་ཤིག་ཡིན་པའི་ངོས་ནས། གྲུ་ཁུག་སྤྱི་གླིང་དེ་གྲོང་ཁྱེར་དུ་བེད་མེད་ལུས་པའི་བར་སྟོང་ཅིག་ནུས་ལྡན་དུ་བཟོས་པ་ཡིན་ཞིང་། བཙོག་ཅིང་ཟང་ཟིང་གི་ས་སྟོང་སྤུས་ལེགས་སྤང་ལྗོངས་སུ་བསྒྱུར་བ་ཡིན།  རྣམ་གྲངས་དེ་ས་མཐོའི་སྐྱེ་ཁམས་ཀྱི་ཁྱད་ཆོས་ལ་གཞི་ཚུགས་ཏེ།  ཡུལ་བབ་དང་བསྟུན་ནས་ལྗང་མདོག་ཏུ་བསྒྱུར་བ་དང་། ཚན་རིག་དང་མཐུན་པའི་མཛེས་ལྗོངས་ཀྱི་བཀོད་པ་ལེགས་སུ་གཏོང་བ་བཅས་བྱས་ཏེ། མཚོ་འགྲམ་ལམ་རྒྱུད་ནས་རང་བྱུང་མཛེས་ལྗོངས་དང་གྲོང་ཁྱེར་གྱི་འཛུགས་སྐྲུན་རྣམ་པ་མཉམ་འདྲེས་བྱས་པ་དང་། ཞིབ་ཚགས་ཅན་དུ་བཏོད་པ་བརྒྱུད་ནས་སྤྱི་གླིང་གིས་མཁར་ཁུལ་ཁོར་ཡུག་འཕྲོད་བསྟེན་གྱི་རྣམ་པ་ཤུགས་ཆེར་ལེགས་སུ་གཏོང་བ་དང་། གྲོང་ཁྱེར་ལྗང་མདོག་གི་རྒྱ་ཁྱོན་ཆེ་རུ་ཕྱིན་པ། མཁའ་དབུགས་གཙང་འགྱུར། ཁོར་ཡུག་མཛེས་བཟོ་བཅས་བྱས་ཏེ། མཁར་ཁུལ་གྱི་སྤང་ལྗོངས་སིལ་ཧྲུག་ཅན་དང་མཛེས་ལྗོངས་སྣ་གཅིག་ཅན་གྱི་གནད་དོན་ཐག་གཅོད་བྱས་པ་དང་།   མཛེས་ཤིང་སྡུག་པའི་སྤྱི་གླིང་གི་ཁོར་ཡུག་དེས་གྲོང་ཁྱེར་ལ་སྔར་ལས་ཞིབ་ཚགས་ལྡན་པ་དང་། དྭངས་ཤིང་གཙང་བའི་མཛེས་ཆ་ཞིག་མངོན་པར་མ་ཟད། སྐྱེ་ཁམས་དང་འཚོ་སྡོད་ལ་འཚམ་པའི་རྐང་ཚའི་འཛུགས་སྐྲུན་ལ་མཛེས་སྡུག་ལྡན་པའི་རྨང་གཞི་བསྣན་ཡོད།

图片

     ལམ་འགྲོ་བ་ཡང་འཁོར་མགྲོན་པོར་གྱུར་ལ། མཚོན་རྟགས་ཆུང་ངུས“མཚོ་འགྲམ་གནས་སྐོར”སྤེལ། “མགོ་འཛུགས་སའི”ནི་མཚོ་སྔོན་པོའི་མཐའ་འཁོར་གྱི་གནས་སྐོར་གྱི་མགོ་འཛུགས་ས་གལ་ཆེན་ཞིག་ཡིན་པར་མ་ཟད། འགྲུལ་བཞུད་མང་ཞིང་སྙན་གྲགས་ལྡན་པ་ཞིག་ཡིན། གྲུ་ཁུག་སྤྱི་གླིང་བསྐྲུན་རྗེས་མཚོ་འགྲམ་ལམ་རྒྱུད་ཀྱི་མཛེས་ལྗོངས་རིམ་གྱིས་ཇེ་ལེགས་སུ་ཕྱིན་པ་དང་། གནས་སྐོར་གྱི་ལེ་ལག་ཚང་བའི་ཞབས་ཞུའི་ནུས་པ་སྔར་ལས་འཐུས་ཚང་དུ་ཕྱིན་ནས། ལམ་རྒྱུད་གནས་སྐོར་བར་གནས་སྐབས་ཀྱི་ངལ་གསོ་དང་ལྟ་སྐོར་ཐོ་འགོད་བྱེད་པའི་སྤུས་ལེགས་ཀྱི་གནས་ཤིག་མཁོ་འདོན་བྱས་ཡོད། དེ་སྔ་མཚོ་ཡི་མཐའ་འཁོར་དུ་རླངས་འཁོར་བསྐོར་བའམ་ལྕགས་རྟ་ཞོན་པའི་གནས་སྐོར་བས་འདི་ནས་ངལ་གསོ་ཐུང་ངུ་བྱས་ཆོག་པ་དང་། རྫོང་མཁར་གྱི་མཛེས་ལྗོངས་ལ་རོལ་མྱོང་བྱས་ཆོག་པ། “མགོ་འཛུགས་སའི”མཚོན་རྟགས་སུ་ཐོ་འགོད་བྱེད་པ་བཅས་བྱས་ནས་གནས་སྐོར་གྱི་མྱོང་ཚོར་ཆེ་རུ་ཕྱིན་ཡོད་པར་མ་ཟད། རྐང་ཚའི་མཚོ་ཡི་ཉེ་འཁོར་གྱི་རིག་གནས་གནས་སྐོར་གྱི་ཁྱད་ཆོས་སྔར་ལས་ཆེ་རུ་ཐོན་ཡོད།  དེ་དང་ཆབས་ཅིག སྲང་ལམ་གྱི་མཛེས་སྡུག་ལྡན་པའི་མཛེས་ལྗོངས་ཆུང་གྲས་ལས་རྐང་ཚའི་སྐྱེ་ཁམས་བཅོས་སྐྱོང་དང་། གྲོང་ཁྱེར་འཛུགས་སྐྲུན། དམངས་ཚིས་འཕེལ་རྒྱལ་སོགས་ཀྱི་ཐད་ཐོབ་པའི་གྲུབ་འབྲས་བཟང་པོ་ཕྱོགས་ཡོངས་ནས་མངོན་པ་དང་། “ཉ་བྱའི་ཞིང་ཁམས· མཚོ་ངོགས་རྐང་ཚ”ཞེས་པའི་གྲོང་ཁྱེར་གྱི་གཟུགས་བརྙན་མངོན་པ་དང་། རྫོང་ཁོངས་ཀྱི་སྐྱེ་ཁམས་གནས་སྐོར་དང་གྲོང་གསེབ་གནས་སྐོར་ལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བར་རྒྱུན་མཐུད་ངང་འདེགས་སྐྱོར་བྱས།