网站无障碍
རྐང་ཚ་རྫོང་གིས་སྤྱི་གླིང་ཆུང་ངུ་གཉིས་འཛུགས་སྐྲུན་ལེགས་འགྲུབ་བྱུང་བས་སྐྱེ་ཁམས་དམངས་ཕན་ལ་སྤུས་འདེགས་ནུས་སྤེལ་བྱུང་།
发布时间:2026年10月16日 消息来源:

རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

     ཉེ་བའི་ལོ་འགའི་རིང་། རྐང་ཚ་རྫོང་གིས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་དམངས་འཚོ་རྩ་བར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྐྱེ་ཁམས་ལྗང་སྒྱུར་སྤུས་འདེགས་དང་གྲོང་ཁྱེར་བྱེད་ནུས་འཐུས་ཚང་དུ་གཏོང་བ། ཡུལ་ལྗོངས་རྣམ་པ་བསྐྲུན་པ་དང་ཞབས་ཞུའི་རིམ་པ་ཇེ་མཐོར་གཏོང་བ་བཅས་གཅིག་གྱུར་འཆར་འགོད་བྱས་ཏེ། ཚད་གཞི་མཐོ་བའི་སྒོ་ནས་སྤྱི་གླིང་ཆུང་ངུའི་ལྗང་མདོག་ལེགས་བཅོས་ལས་གཞི་ལག་བསྟར་བྱས་པ་བརྒྱུད། སྤྱི་གླིང་གཅིག་ལ་བརྗོད་གཞི་གཅིག་དང་སྤྱི་གླིང་གཅིག་ལ་ཁྱད་ཆོས་གཅིག་གི་འཛུགས་སྐྲུན་བསམ་གཞིགས་རྒྱུན་འཁྱོངས་བཅས་ཀྱིས་བེད་མེད་ས་ཆ་རྣམས་གནད་འཁེལ་གྱིས་བཀོལ་སྤྱོད་ལེགས་པོ་བྱས་པ་དང་། གྲོང་ཁྱེར་གྱི་ཞན་ཆ་ཁ་གསབ་དང་མི་སྡོད་ཁོར་ཡུག་ལེགས་བཅོས་བྱས་ནས་གྲོང་ཁྱེར་གྱི་མཛེས་སྡུག་དང་འཚོ་བའི་སྤུས་ཚད་གཉིས་ཀ་མཉམ་དུ་ཡར་རྒྱས་ཡོང་བ་མངོན་འགྱུར་བྱུང་ཡོད། 

  རྒྱུས་ལོན་པ་ལྟར་ན། སྤྱི་གླིང་འདི་གཉིས་ཀྱི་ལས་གཞི་ཧྲིལ་པོར་མ་དངུལ་སྒོར་ས་ཡ་དགུ་བཏང་བ་དང་། ལྗང་བསྒྱུར་དང་རྡོ་ལམ་ལ་ཁྱོན་བསྡོམས་པས་སྨི་གྲུ་བཞི་མ2.5416ཟིན་ཡོད། ལས་གཞི་ལེགས་གྲུབ་བྱུང་རྗེས། རྫོང་ཡོངས་ཀྱི་གྲོང་རྡལ་ལྗང་སྒྱུར་ཁེབས་ཚད40%ཡན་ཟིན་ཡོད། གྲོང་ཁྱེར་གྱི་སྐྱེ་ཁམས་ཐེག་ནུས་དང་གནས་སྡོད་བདེ་སྣང་། མཚོ་སྐོར་མཐའ་འཁོར་གྱི་སྣང་བརྙན་བཅས་མངོན་གསལ་དོད་པོས་ཇེ་ལེགས་སུ་བཏང་ཡོད། 

   རྐང་ཚ་རྫོང་གྲོང་སྲིད་སྒྲིག་བཀོད་འཁོར་སྐྱོད་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཅ་མེན་གྱིས་བཤད་རྒྱུར། “མཚོ་སྐོར་སྐོར་མགོའི་སྤྱི་གླིང་ཆུང་ངུའི་རྒྱ་ཁྱོན་ལ་མུའུ37.3ཡོད་པ་དང་། རྐུབ་སྟེགས་དང་ལམ་སྒྲོན། གད་སྙིགས་སྒམ་སོགས་ཡོ་བྱད་ཆ་ཚང་བསྒྲིགས་ཡོད། སྡོང་བོ་གསར་བ་ཆིག་སྟོང་ལྷག་བཙུགས་ཡོད་པ་དང་རྩྭ་འབྲུ་སྨི་གྲུ་བཞི་མ་ཁྲི1.8བཏབ་ཡོད། མཚོ་སྔོན་པོའི་སྤྱི་གླིང་ཆུང་ངུའི་རྒྱ་ཁྱོན་ལ་མུའུ8.25ཡོད་ལ། ཤིང་ལམ་སྨི560བསྐྲུན་ཟིན། སྡོང་བོ་གསར་བ་རྐང500ལྷག་ཙམ་བཙུགས་ཡོད་པ་དང་རྩྭ་འབྲུ་སྨི་གྲུ་བཞི་མ4500བཏབ་ཡོད། ད་ལྟའི་བར་དུ། སྤྱི་གླིང་གཉིས་ཀ་འགྲུབ་སྟེ་དངོས་སུ་སྤྱོད་མགོ་ཚུགས་ཡོད”ཟེར། 

   རྐང་ཚ་རྫོང་མཁར་གྱི་སྡོད་དམངས་ཝང་ཁྲང་ཧྲིག་གིས་བཤད་རྒྱུར། "ད་ལྟའི་ང་ཚོའི་མཚོ་ངོགས་རྐང་ཚ་འཛུགས་སྐྲུན་བྱས་པ་མཛེས་སྡུག་ལྡན་པ་ཞིག་རེད། ཕ་ཡུལ་གྱི་རྣམ་པ་ཇེ་རྒྱས་ཇེ་ལེགས་སུ་འགྲོ་བཞིན་ཡོད་ལ། ད་ལོ་གསར་དུ་བསྐྲུན་པའི་སྤྱི་གླིང་ཆུང་ངུ་འདི་ནི་ང་ཚོ་རྒན་རྒོན་ཚོས་འཆམ་འཆམ་བྱེད་ས་གཙོ་བོ་ཞིག་སྟེ་གནས་དེར་བསྐྱོད་ན་སེམས་ཁམས་ངོ་མ་སྐྱིད་པོ་རེད"ཟེར།