རྐང་ཚའི་མཚོ་སྔོན་པོའི་འགྲམ་ངོགས་སུ་དགུན་སྐྱེལ་ངང་དཀར་ཁག་དང་པོ་འཕུར་ཡོང་།
རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཉེ་ཆར། སྟོན་མཇུག་རིམ་གྱིས་རྫོགས་པ་དང་ཆབས་ཅིག དགུན་སྐྱེལ་གནས་སྤོས་བྱས་པའི་ངང་དཀར་ཁག་དང་པོ་རྐང་ཚའི་མཚོ་སྔོན་པོའི་འགྲམ་གྱི་བརླན་ས་རུ་འཕུར་ཡོང་ནས་མཚོ་སྔོན་པོའི་མཐའ་འཁོར་དུ་དགུན་དུས་གྱི་དུས་བྱ་འཚོ་གནས་བྱེད་པའི་དུས་ཚིགས་དངོས་སུ་མགོ་ཚུགས་པར་མཚོན་ཡོད། ལོ་མང་རིང་བརྒྱུད་རིམ་ལྡན་པའི་སྒོ་ནས་སྐྱེ་ཁམས་བཅོས་སྐྱོང་བྱས་པ་བརྒྱུད། རྐང་ཚ་རྫོང་གི་མངའ་ཁོངས་སུ་མཚོ་སྔོན་པོའི་བརླན་སའི་སྐྱེ་ཁམས་ནུས་པ་རྒྱུན་མཐུད་ངང་ལེགས་སུ་ཕྱིན་པ་དང་། ཆུ་འགོ་བརྟན་པོ། འཚོ་སྡོད་ཁོར་ཡུག་ལེགས་པ། རྒུམ་བུའི་ཐོན་ཁུངས་ཕུན་སུམ་ཚོགས་པ་བཅས་ཡོད་པས། གནས་དེར་ངང་དཀར་དང་དུས་བྱ་སོགས་ཀྱི་དགུན་སྐྱེལ་ས་ཚིགས་གལ་ཆེན་ཞིག་ཏུ་གྱུར་ཡོད། མིག་སྔར་བྱ་རིགས292ཡོད་པ་དང་། ཆུ་བྱ་ཁྱུ་ཚོགས་གྲངས་འབོར་ལོ་ལྟར་ཁྲི60.6ལྷག་ཙམ་ཟིན་ཡོད། ས་ཁུལ་འདིའི་ནང་དུ་བརླན་ས་དང་། རི་ཤོད། སྤང་ཐང་བཅས་འདུས་ཡོད་ལ། གནས་འདི་རུ་འཚོ་སྡོད་བྱེད་པའི་བྱ་རིགས་གཙོ་བོ་ཆུ་བྱ (ཆུ་བྱ་རྐང་རིང་དང་དུས་བྱ)དང་། བྱ་དང་བྱིའུ་བཅས་ཡོད་ལ། མཐོ་སྒང་གི་བརླན་སའི་སྐྱེ་ཁམས་མ་ལག་ལ་སྐྱེ་སྟོབས་ཀྱི་དཔལ་འབར་བ་དེས། རྫོང་ཡོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་བཅོས་སྐྱོང་གི་ཕན་འབྲས་གསོན་ཉམས་ལྡན་པར་མཚོན་ཡོད།








