网站无障碍
2026ལོའི་རྐང་ཚའི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དང་རིག་གནས་གནས་སྐོར་དྲིལ་བསྒྲགས་འོས་སྦྱོར་ཚོགས་འདུ་དང་མཚོ་སྔོན་པོ་རྩྭ་ཐང་གི་དགུན་ཤ་ཚོང་འདུས་ཐེངས་ལྔ་པ་བདེ་བླག་ངང་འཚོགས།
发布时间:2026年10月22日 消息来源:

རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

    ཉེ་ཆར། རྐང་ཚའི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དང་རིག་གནས་གནས་སྐོར་དྲིལ་བསྒྲགས་འོས་སྦྱོར་ཚོགས་འདུ་དང་མཚོ་སྔོན་པོ་རྩྭ་ཐང་གི་དགུན་ཤ་ཚོང་འདུས་ཐེངས་ལྔ་པ་དེ་ཟི་ལིང་གྲོང་ཁྱེར་མཁར་བྱང་ཁུལ་གྱི་པེ་ཁྲོན་ཆིང་ཐང་ཁྲེང་བདེ་ཐང་ངལ་གསོ་གྲོང་ཆུང (པའེ་ཁྲོན་ཝན་ཏ)དུ་འཚོགས། བྱེད་སྒོའི་བརྗོད་དོན་གཙོ་བོ་ནི“རྐང་ཚའི་ཟོང་བཟང་ཟི་ལིང་དུ་འཛོམས”ཞེས་པ་ཡིན་ལ། མཚོ་སྔོན་པོའི་རྩྭ་ཐང་གི་ཁྱད་ལྡན་ཐོན་ཁུངས་དང་ཟི་ལིང་གི་འཛད་སྤྱོད་ཁྲོམ་ར་གཉིས་སྦྲེལ་མཐུད་ཀྱི་ཟམ་པ་བསྐྲུན་ཏེ། ཞིང་ཕྱུགས་ལས་ཀྱི་སྤུས་རྟགས་ཁྱབ་གདལདང་རིག་གནས་གནས་སྐོར་ཐོན་ཁུངས་ཁྱབ་བསྒྲགས་བྱེད་པ་ཕྱོགས་གཉིས་ཀར་ནུས་པ་བཏོན་ནས་ཕན་ཚུན་སྐུལ་འདེད་མཉམ་རྒྱལ་ཡོང་བ་མངོན་འགྱུར་བྱུང་། བྱེད་སྒོ་འདི་ཉིད་ཉིན་གསུམ་གྱི་རིང་ལ་རྒྱུན་མཐུད་བྱས།

图片

    བྱེད་སྒོ་དེས“སྐྱེ་ཁམས་སྔོན་ལ་འཇོག་པ་དང་སྤུས་ཚད་རྩ་བར་འཛིན་པའི”འཕེལ་རྒྱས་འདུ་ཤེས་རྒྱུན་འཁྱོངས་བྱས་ཤིང་། ཞིང་ཆེན་ལྟེ་གནས་གྲོང་ཁྱེར་གྱི་ལེགས་ཆ་བེད་སྤྱད་དེ“དྲ་ལམ+ཡུལ་དངོས”དང“ས་གནས+ཕྱི་ཕྱོགས”བཅས་ཀྱི་ཁྱབ་སྤེལ་བྱེད་སྟངས་བརྒྱུད་ནས། རྐང་ཚའི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དང་ཁྱད་ཆོས་ལྡན་པའི་གནས་སྐོར་ཐོན་ཁུངས་འགྲེམས་སྟོན་དང་སྤེལ་རེས་སྟེགས་བུ་བསྐྲུན་པར་མ་ཟད། ཐོན་ལས་གོང་འཕེལ་ཕན་ཚུན་སྐུལ་རེས་དང་འདྲེས་སྦྱོར་ཡོང་བར་སྐུལ་འདེད་བཏང་སྟེ། མཉམ་དུ་རྒྱ་ཆེ་བའི་མཉམ་ལས་གོ་སྐབས་འཚོལ་ཞིབ་བྱས། བྱེད་སྒོ་ཤེས་རྟོགས་ཁྱབ་ཚད་ཆེ་རུ་གཏོང་ཆེད། བྱེད་སྒོ་མགོ་ཚུགས་གོང་གི་ཉིན7རིང་། ཟི་ལིང་གསར་འགྱུར་སྨྱན་སྦྱོར་གཙོ་བོ་ཁག་དང་མཚོ་བྱང་ཁུལ་མཉམ་འདྲེས་བརྙན་སྦྱོར་ལྟེ་གནས། རྐང་ཚ་རྫོང་མཉམ་འདྲེས་བརྙན་སྦྱོར་ལྟེ་གནས་སོགས་སྟེགས་བུའི་ཐོག་ཏུ་བྱེད་སྒོའི་སྔོན་བརྡ་བརྙན་ཐུང་དང་དྲིལ་བསྒྲགས་སྦྱར་ཡིག དུས་ཚོད་ལྡོག་རྩིས་སོགས་སྤེལ་བ་དང་དུས་མགོའི་དྲིལ་སྒྲོག་གྲ་སྒྲིག་ལེགས་པོ་བྱས།

图片

    ཐེངས་འདིའི་འོས་སྦྱོར་ཚོགས་འདུར་ནང་དོན་ཕུན་སུམ་ཚོགས་ལ་ཁྱད་ཆོས་ལྡན་ས་མང་པོ་ཡོད་ཅིང་། ཐོན་རྫས་ངོ་སྤྲོད་དང་རིག་གནས་གནས་སྐོར་ཐོན་ཁུངས་འགྲེམ་སྟོན། ལས་གཞི་མཉམ་འབྲེལ་ཆིངས་ཡིག་འཇོག་པ། ཐོན་སྐྱེད་དང་ཉོ་ཚོང་གནད་འཁེལ་འབྲེལ་མཐུད། ཐད་གཏོང་ཚོང་ལས་སོགས་ལྷུ་ཚིགས་དུ་མ་བཀོད་སྒྲིག་བྱས་ཡོད་པ་དང་ཆབས་ཅིག ཟི་ལིང་དུ་ཡོད་པའི་རྐང་ཚ་རྫོང་མཚོ་སྔོན་པོའི་ནོ་གནག་དང་བོད་ལུག་ཤ་ཐད་འཚོང་ཁང་གིས་རིན་གོང་ཕབ་གཅོག་གི་བྱེད་སྒོའི་སྤེལ། བྱེད་སྒོའི་ཡུལ་དངོས་སུ་ཐོན་རྫས་ངོ་སྤྲོད་བྱེད་ས་དང་ཐོན་རྫས་འགྲེམ་སྟོན་ཁུལ། ཟས་རིགས་ཀྱི་རོ་མྱོང་ས་ཁུལ་སོགས་བཙུགས་ཡོད་ལ། ཁེ་ལས་དང་གཉེར་སྐྱོང་བྱེད་པོ35ཡིས་གཅིག་བསྡུས་སྒོས་ཞིང་ཕྱུགས་ཐོན་རྫས་དང་རིག་གནས་གསར་གཏོད་ཐོན་རྫས། ཤུལ་བཞག་རིག་གནས། ཁྱད་ལྡན་ཟས་མཆོག་སོགས་རིགས་མི་འདྲ་བ300ལྷག་བཤམས་འཚོང་བྱས་ཡོད་ཅིང་། རྒྱལ་ཁབ་ཀྱིས་ངོས་འཛིན་གནང་བའི་ས་ཁོངས་མཚོན་རྟགས་ཅན་གྱི“རྐང་ཚའི་མཚོ་སྔོན་པོའི་འགྲམ་ངོགས་ཀྱི་འབྲོག་ལུག”དང་ “རྐང་ཚའི་མཚོ་སྔོན་པོའི་འགྲམ་ངོགས་ཀྱི་ནོར་ནག”དེ་ཞང་ཀང་གི་སྤུས་ལེགས“ཀ་དག”བདེན་དཔང་ཐོབ་པའི་ནོར་ཤའི་ཐོན་རྫས་ཡིན་ལ། དེ་མིན་ཤིང་མངར་ལུག་ཤའི་ཁུ་བ་དང་ནོར་ཤའི་འཚོ་བཅུད་སྤྲི་དཀར་སོགས་ཀྱང་ཡོད། བྱེད་སྒོའི་ཡུལ་དངོས་སུ་མི་ཚོགས་མང་པོ་འཚང་ཁ་ཤིག་ཤིག་ཡིན་ལ་སྐྱེ་ལྡན་ནོར་ལུག་ཤ་གཏུབ་ནས་འགྲེམས་སྟོན་བྱེད་པ། ཡུལ་དངོས་སུ་བཙོས་པའི་ཤ་ཁོག་དང་ཟངས་སྣོད་ནང་བཙོས་པའི་ཤ་སོགས་རིན་མེད་རོ་མྱོང་བྱེད་པའི་འབྲེལ་འདྲིས་ལྷུ་ཚིགས་ཀྱིས་གྲོང་མི་མང་པོའི་ཡིད་དབང་ཅིག་ཅར་ཏུ་བཀུག བྱེད་སྒོ་སྤེལ་བའི་ཉིན་མོ་དེར་བཤམ་འཚོང་བྱེད་མཁན་ཁེ་ལས་དང་གཉེར་སྐྱོང་བྱེད་པོ35ཚང་མར་བྲིན་ཚོང་མེད་པ་ནས་ཡོད་པར་གྱུར་ཞིང་། བསྡོམས་པས་སྒོར་ཁྲི68.93བཙོངས་ཐུབ་ལ་ཁྲོམ་རའི་ཚུར་སྣང་ཡག་པོ་ཐོན།

图片

     བྱེད་སྒོ་འདིས་སྔར་ལས་ལྷག་པར་རྐང་ཚ་དང་ཟི་ལིང་ས་ཆ་གཉིས་དབར་གྱི་ལས་རིགས་བརྗེ་རེས་མཉམ་ལས་བྱེད་ཤུགས་ཟབ་ཏུ་བཏང་བར་མ་ཟད། ཟི་ལིང་གི་གྲོང་མིར་མཐོ་སྒང་གི་ཁོར་ཡུག་གཙང་མ་དང་འཕྲོད་བསྟེན་བཟང་བའི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་མཁོ་སྤྲོད་བྱས་པ་ཙམ་མ་ཡིན་པར། ས་ཆ་གཉིས་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་རྒྱུར་རྨང་གཞི་བརྟན་པོ་བཏིང་ལ། རྐང་ཚས“ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་འདྲེན་དམིགས་ས་འཛུགས་སྐྲུན་བྱ་རྒྱུའི”བླང་བྱ་དོན་འཁྱོལ་མཐར་ཕྱིན་བྱས་པ་དང་གྲོང་གསེབ་དར་སྤེལ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པར་སྒུལ་ཤུགས་ཆེན་པོ་བསྣན་ཏེ། ཞིང་ཕྱུགས་ལས་ལེགས་བཅོས་མཐོར་འདེགས་དང་རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་རྒྱུན་སྲིང་ཐུབ་པར་རོགས་རམ་ནུས་ལྡན་བྱས་ནས། རྫོང་ཡོངས་ཀྱི་རོང་འབྲོག་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་བར་འདེགས་སྐྱོར་བྱས་ཡོད། 

图片
图片
图片
图片
图片
图片
图片
图片
图片