网站无障碍
རྐང་ཚ་རྫོང་གིས་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་ཀྱི“མདོག་གསུམ་ཉེན་བརྡའི”ལམ་ལུགས་ལག་བསྟར་བྱས།
发布时间:2026年10月27日 消息来源:

རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

     ཉེ་ཆར། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཏང་ཨུ་གཞུང་ལས་ཁང་ནས་རྒྱུས་ལོན་པ་ལྟར་ན། ད་ལོར་མཚོ་སྔོན་ཞིང་ཆེན་གྱི་རྐང་ཚ་རྫོང་གིས་མཚོ་འཁྱིལ་ཡུལ་ཚོ་ཉིན་ཞྭ་སྡེ་བ་ཚོད་ལྟའི་གནས་སུ་བྱས་ཏེ། རྩྭ་ཐང་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་ཀྱི་དམར་སེར་ལྗང་གསུམ་གྱི“མདོག་གསུམ་ཉེན་བརྡའི”དོ་དམ་ལམ་ལུགས་གསར་གཏོད་ཀྱིས་ལག་བསྟར་བྱས་པ་དང་། ཚད་གཞི་གཏན་འཁེལ་གནད་ལ་འཁེལ་བ་དང་མཉམ་འབྲེལ་མཉམ་སྐྱོང་། སྐྱེ་ཁམས་འཕོ་འགྱུར་བཅས་ཕྱོགས་གསུམ་ཤུགས་བསྣན་ཏེ་རྩྭ་ཐང་ཞིབ་ཚགས་ཅན་དུ་བདག་སྐྱོང་བྱེད་པའི“མཐའ་མའི་འགག་གནད”ཤར་བགྲོད་ཐུབ་ཡོད།

    རྐང་ཚ་རྫོང་གིས་ཚད་གཞི་རིམ་དབྱེ་གནད་སྨིན་གྱིས་ལག་ལེན་བསྟར་བཞིན་ཡོད་དེ། རྩྭ་སར་ཕྱུགས་འཚོ་ཚད་ལོན་ཚེ་རྟགས་མཚན་ལྗང་མདོག་སྤྲོད་པ་དང་། ཚད་བརྒལ་བྱེད་ཚད10%མན་ཡིན་ཚེ་རྟགས་མཚན་སེར་པོ་སྤྲོད་པ། ཐེངས3ཡན་བརྒལ་བ་རྣམས་ལ་རྟགས་མཚན་དམར་པོ་སྤྲད་དེ་སྡེ་བའི“ཨུ་ལྷན་གཉིས”ཀྱིས་བརྒྱུད་རིམ་ཧྲིལ་པོར་རྗེས་འདེད་བྱེད་པ་དང་། འབྲོག་པར་སྒོ་ཟོག་ཕྱིར་འཚོང་གི་གྲངས་འབོར་མང་དུ་གཏོང་བ་དང་གཟན་ཆས་ཁ་གསབ་ཤུགས་སྣོན་རྒྱག་པ། ཡང་ན་ནོར་ལུག་ཉུང་བའམ་མེད་པའི་ཁྱིམ་ཚང་གི་རྩྭ་ས་གླ་གཏོང་བྱེད་པ་སོགས་ཀྱི་ཐབས་ལམ་བརྒྱུད་ནས། དུས་བཀག་ནང་བཅོས་སྒྲིག་བྱེད་དགོས་པའི་སྐུལ་མ་བཏང་བ་ཡིན་ལ། གལ་ཏེ་བཅོས་སྒྲིག་མ་བྱས་པ་དང་ལེགས་བཅོས་མ་འདང་ཚེ། སྡེ་བ་རང་གི་སྡེ་སྲོལ་དམངས་ཆིངས་ཀྱི“མིང་ཐོ་ནག་པོའི”གྲས་སུ་འཇོག་རྒྱུ།

    རྐང་ཚ་རྫོང་གིས“མདོག་གསུམ་ཉེན་བརྡའི”ལམ་སྲོལ་དྲ་མིག་ཅན་གྱི་དོ་དམ་ཁྲོད་བཅུག་ཅིང་། སྡེ་བ་རིམ་པའི་སྐྱེ་ཁམས་སྲུང་སྐྱོང་རུ་ཁག་གིས་རྩྭ་ས་སྐོར་ཞིབ་དང་ཕྱུགས་རིགས་རྩིས་ལེན། གཞི་གྲངས་བདེན་དཔང་བཅས་རྒྱུན་རྣམ་ཅན་གྱིས་སྤེལ་གྱིན་ཡོད་ལ། ད་ལོའི་ཚུན་ལ་བསྡོམས་པས་རྩྭ་ས་མུའུ་ཁྲི9.54ལྷག་ལ་སྐོར་ཞིབ་བྱས།

    རྐང་ཚ་རྫོང་གིས“ཕྱུགས་ཟོག་ཇེ་ཉུང་དུ་བཏང་ཡང་ཡོང་འབབ་མར་མི་ཆག་པ་དང་ཕྱུགས་ལས་དོར་ཡང་ཁེ་བཟང་མི་ཉམས་པ”ཞེས་པའི་དཀའ་གནད་སེལ་ཆེད། དྲོད་སྤྱིལ་ལྷས་རྭའི་གསོ་སྤེལ་དང་ ཚན་མཐུན་གསོ་ཆས་ཁ་གསབ། དུས་ཚིགས་བསྣོལ་མར་ཕྱིར་འཚོང་། ཚད་མཐོའི་ཤེད་གསོ། ཞིབ་ལས་ཅན་གྱི་གསོ་སྤེལ་ལག་རྩལ་སོགས་ཁྱབ་བརྡལ་དུ་བཏང་ནས་རང་བྱུང་རྩྭ་སའི་གནོན་ཤུགས་ཇེ་ཆུང་དུ་བཏང་། 2026ལོར་ཉིན་ཞྭ་སྡེ་བའི་འབྲོག་ལུག་བཙོང་ཚད་ཕལ་ཆེར་ཁྲི1.1ཟིན་པ་དང་། འབབ་སྨར་སྒོར་ཁྲི660ཡས་མས་ཟིན་ཡོད་ལ། དུས་མཉམ་དང་བསྡུར་ན་སྒོར་ཁྲི140ལྷག་འཕར་སྣོན་བྱུང་ཡོད།