网站无障碍
རྐང་ཚ་རྫོང་གིས་སྡེ་བ་རིམ་པའི་རུ་འཁྱུར་དམག་མི་ཞབས་ཞུ་ས་ཚིགས་ཚད་ལྡན་ཅན་དང་ལམ་ལུགས་ཅན་དུ་འཛུགས་སྐྲུན་བྱེད་པར་མུ་མཐུད་སྐུལ་འདེད་གཏོང་བཞིན་ཡོད།
发布时间:2026年11月03日 消息来源:

རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

  ཉེ་ཆར་རྐང་ཚ་རྫོང་རུ་འཁྱུར་དམག་མི་ལས་དོན་ཅུས་ཧྲན་ཏུང་ཞིང་ཆེན་གྱིས་ཁ་གཏད་རོགས་སྐྱོར་བྱེད་པའི་མ་དངུལ་ལ་བརྟེན་ནས་རྫོང་ཡོངས་ཀྱི་སྡེ་བ་རིམ་པའི་རུ་འཁྱུར་དམག་མི་ཞབས་ཞུ་ས་ཚིགས3ལ་གློག་ཀླད་དང་དཔར་འཕྲུལ་སོགས་གཞུང་ལས་སྒྲིག་ཆས་ཆ་ཚང་བཀོད་སྒྲིག་བྱས་ཏེ། ས་ཆའི་མཁྲེགས་ཆས་ཞན་ཆ་གསབ་པ་དང་། མུ་མཐུད་དུ་རྐང་ཚའི་རུ་འཁྱུར་དམག་མི་གཞི་རིམ་ཞབས་ཞུའི་རྨང་གཞི་བརྟན་པོ་བཟོས་ནས། གཞི་རིམ་གྱི་རུ་འཁྱུར་དམག་མི་ལས་ཀའི་སྤུས་ཚད་མཐོར་འདེགས་བཏང་སྟེ། རུ་འཁྱུར་དམག་མི་འགན་སྲུང་གི“མཐའ་མའི་འགག་གནད”དངོས་སུ་ཤར་གཏོང་ཐུབ།

    སྔོན་ལ། རྫོང་རུ་འཁྱུར་དམག་མི་ལས་དོན་ཅུས་གནད་དོན་ཁྲིད་ཕྱོགས་སུ་བཟུང་ནས། ལས་བྱེད་པ་རྣམས་ཡུལ་དངོས་སུ་སོང་ནས་བརྟག་དཔྱད་ཞིབ་འཇུག་བྱས་པ་དང་། རུ་འཁྱུར་དམག་མི་ཞབས་ཞུ་ས་ཚིགས་ཀྱི“ལྔ་ཡོད”འཛུགས་སྐྲུན་ཚད་གཞིར་བཟུང་ནས། སྡེ་བའི་ཞབས་ཞུ་ས་ཚིགས་ཁག་གི་གཞུང་དོན་དགོས་མཁོ་རྒྱུས་ལོན་གསལ་བོ་བྱུང་ཡོད། རོགས་སྐྲུན་མ་དངུལ་དོ་དམ་གཏན་འབེབས་ལག་བསྟར་ནན་པོ་བྱེད་པ་དང་ཉོ་སྒྲུབ་གོ་རིམ་ཚད་ལྡན་བཟོ་བ། སྒོར་ཁྲི2.25ཡི་ལས་གཞིའི་མ་དངུལ་ཆེད་སྤྱོད་དོན་འཁྱོལ་ནུས་ལྡན་ཡོང་བར་ཁག་ཐེག་བཅས་བྱས་ཤིང་། འཚམས་འདྲི་སྣེ་ལེན་དང་ཆ་འཕྲིན་བསྡུ་ལེན། སྲིད་ཇུས་དྲིལ་སྒྲོག ཡིག་ཚགས་དོ་དམ། འགལ་བ་འདུམ་འགྲིག་སོགས་བྱེད་ནུས་བཀོད་འདོམས་ལེགས་སྒྱུར་བྱས་པས། ཞབས་ཞུ་ས་ཚིགས་ཚད་ལྡན་ཅན་དང་ལམ་ལུགས་ཅན་འཛུགས་སྐྱོང་གི་ཆུ་ཚད་མུ་མཐུད་མཐོ་རུ་ཕྱིན་ཡོད།

   གསར་དུ་ཉོས་པའི་གཞུང་ལས་སྒྲིག་ཆས་རིམ་བཞིན་བེད་སྤྱོད་བཏང་བ་དང་བསྟུན་ནས། རྐང་ཚས་གོ་སྐབས་འདི་བེད་སྤྱད་དེ། རྫོང་དང་ཡུལ་ཚོ་སྡེ་བ་རིམ་པ་གསུམ་གྱི་རུ་འཁྱུར་དམག་མི་འགན་སྲུང་མ་ལག་སྔར་ལས་ཇེ་ལེགས་སུ་འགྲོ་རྒྱུར་མུ་མཐུད་དུ་སྐུལ་འདེད་བཏང་། སྡེ་བའི་ཞབས་ཞུ་ས་ཚིགས་སོ་སོར་མཁོ་འདོན་བྱས་པའི་སྲ་ཆས་ཐོན་ཁུངས་ཡག་པོ་སྤྱོད་པ་དང་ཉར་ཚགས་ལེགས་པོ་བྱས་ཏེ། གཟིགས་སྐྱོང་བྱ་ཡུལ་གྱི་གནས་ཚུལ་དུས་ཐོག་ཏུ་གསར་བརྗེ་དང་གཟིགས་སྐྱོང་སྲིད་ཇུས་སྒྲོག་འགྲེལ། འཚམས་འདྲིར་བསྐྱོད་པ་དང་རོགས་རམ་གཅེས་སྐྱོང་། རེ་འདུན་དང་ལེན་སོགས་རྒྱུན་ལྡན་རང་བཞིན་གྱི་བྱ་བ་ནན་ཏན་ངང་བསྒྲུབས་ནས། ཞབས་ཞུ་ས་ཚིགས་ནི་རུ་འཁྱུར་དམག་མིས་སྲིད་ཇུས་འདྲི་རྩད་བྱེད་སའི“སྣེ་ལེན་ཁང”དང་སེམས་གཏམ་བཤད་སའི“གཞིས་ཁྱིམ”། སྤྱི་ཚོགས་བཅོས་སྐྱོང་གི“སོ་ལྟ་ཁང”ལྟ་བུ་ཞིག་ཏུ་བསྐྲུན་ཐབས་བྱས་ཏེ། རྒྱ་ཆེའི་རུ་འཁྱུར་དམག་མི་དང་གཟིགས་སྐྱོང་མི་སྣ་གཞན་དག་གི་གཟི་བརྗིད་ཚོར་སེམས་དང་ཁོངས་གཏོགས་ཚོར་སེམས། བདེ་སྐྱིད་ཚོར་སེམས་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་།

   རྗེས་ཕྱོགས་སུ། རྫོང་རུ་འཁྱུར་དམག་མི་ལས་དོན་ཅུས་མཚོ་སྔོན་རོགས་སྐྱོར་ཐོན་ཁུངས་རྒྱུན་མཐུད་ངང་བཀོལ་སྤྱོད་ལེགས་པོ་བྱེད་པ་དང་དངུལ་རྩའི་དོ་དམ་ནན་མོ་བྱེད་པ། འཛུགས་སྐྲུན་དང་དོ་དམ་གཉིས་ཀ་གཙིགས་སུ་འཛིན་པ། གཞི་རིམ་རྟེན་གཞི་འཛུགས་སྐྲུན་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། རྫོང་དང་ཡུལ་ཚོ་སྡེ་བ་རིམ་པ་གསུམ་གྱི་རུ་འཁྱུར་དམག་མི་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་བ། སེམས་པ་རྣམ་དག་གིས་རུ་འཁྱུར་དམག་མི་ལ་ཞབས་འདེགས་ཞུ་བ། ཞབས་ཞུ་ས་ཚིགས་དེ་ཉིད་རུ་འཁྱུར་དམག་མིའི་ཡིད་ཆེས་ཐོབ་པའི“དམག་མི་རྒན་པའི་ཁྱིམ་གཞིས”ཤིག་ཏུ་བསྒྱུར་གང་ཐུབ་བྱས་ཏེ། རྫོང་ཡོངས་སུ་རུ་འཁྱུར་དམག་མིའི་བྱ་གཞག་འཕེལ་རྒྱས་ཆེན་པོ་འབྱུང་བར་འབད་བརྩོན་ལྷོད་མེད་བྱ་རྒྱུ་ཡིན།