网站无障碍
རྐང་ཚ་རྫོང་གིས་ཕྱོགས་གསུམ་ནས་ལས་རྨས་འགན་སྲུང་དྲ་བ་བཟོས།
发布时间:2026年11月05日 消息来源:

རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

 ཉེ་བའི་ལོ་ཤས་རིང་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ། ལས་རྨས་ངོས་འཛིན་དེ་ངལ་རྩོལ་པའི་ཁེ་དབང་འགན་སྲུང་དང་སྤྱི་ཚོགས་འཆམ་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་གཞི་འཛིན་ས་གལ་ཆེན་ཞིག་ཏུ་བརྩིས་ནས། “ཞབས་ཞུ་སྤུས་ཚད་མཐོར་གཏོང་དང་། བརྒྱུད་རིམ་ཕན་འབྲས་ཆེ་རུ་གཏོང་བ།     མཉམ་འགུལ་སྟོབས་ཤུགས་གཅིག་སྒྲིལ”བཅས་ཕྱོགས་གསུམ་ལ་དམིགས་ནས་ལས་རྨས་འགན་ལེན་དྲ་བ་མུ་མཐུད་དམ་ཚགས་སུ་བཏང་ཡོད། 2026ལོའི་ཚུན་དུ་རྫོང་ཡོངས་སུ་ཁྱོན་བསྡོམས་བརྟག་དཔྱད་དང་ལེན་བྱས་པའི་ལས་རྨས་དོན་རྐྱེན་ཐེངས་གྲངས22ཟིན་པ་དང་། ལས་རྨས་ཐོབ་ཐང་སྤྲོད་ཚད་ཡང་དག་པ་དང་དུས་ཐོག་ཏུ་སྒྲུབ་ཚད་གཉིས་ཀ100%ཟིན་ལ། མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་ཀྱང100%ཡིན།

དམངས་ཕན་ཞབས་ཞུར་དམིགས་སྟེ། མཁོ་སྤྲོད་ཞབས་ཞུ་ལེགས་སྒྱུར་བྱས།ཐེངས་གཅིག་གསལ་བརྡའི་ལམ་ལུགས་ལག་བསྟར་ནན་པོ་བྱེད་པ་དང་། ཡིག་ཆ་མི་ཚང་བ་རྣམས་ཡུལ་དངོས་ནས་ཁ་གསབ་ཞིབ་ཐོ་བཏོན་ཏེ་ཁ་གསབ་བྱེད་དགོས་པ་རེ་རེ་བཞིན་གསལ་བོར་བཀོད་དེ། མང་ཚོགས་གནས་མང་པོར་འགྲོ་དགོས་པ་སྔོན་འགོག་ནུས་ལྡན་བྱས། ཉལ་སར་ལྷུང་པ་དང་འགྲོ་འོང་སྟབས་མི་བདེ་བའི་ལས་རྨས་ལས་བཟོ་པར་དམིགས་ནས། སྨན་ཁང་དང་སྡོད་གནས། ལས་ཁུངས་སམ་ཨར་ལས་བྱེད་ཡུལ་སོགས་སུ་བསྐྱོད་དེ་ལྟ་ཞིབ་དཔང་རྟགས་བསྡུ་རུབ་བྱས་པ་དང་། ཞུ་གཏུག་ཕྱིར་འཐེན་ནམ་ངོས་ལེན་མ་བྱས་པའི་ལས་རྨས་ལས་བཟོ་བ་ཚོར་སྲིད་ཇུས་འགྲེལ་བཤད་ཞིབ་ཚགས་བརྒྱབ་སྟེ་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ངལ་རྩོལ་འབྲེལ་བ་འཛུགས་པ་དང་ལས་རྨས་ཉེན་འགོག་ནང་ཞུགས་རྒྱུར་ཁྲིད་སྟོན་ལེགས་པོ་བྱས། “ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ”ཅེས་པའི་བྱེད་སྒོ་གཏིང་ཟབ་སྤེལ་ཞིང་། འགྲོ་འོང་དཀའ་བ་དང་ས་ཆ་གཞན་གྱི་ལས་མི་ཚོས་ལས་དོན་བསྒྲུབ་དཀའ་བའི་གནད་དོན་ཐག་གཅོད་ཆེད་དྲ་ལམ་ནས་དྲི་བ་དྲིས་ལན་དང་དཔང་རྟགས་ལེན་པ་ཁྱབ་གདལ་བཏང་བ་དང་། ཁ་པར་དང་བརྙན་ལམ་བརྒྱུད་ནས་བཅར་འདྲི་ཟིན་ཐོ་བཀོད་པ་དེས་མང་ཚོགས་ཕར་ཚུར་འགྲོ་འོང་བྱེད་ཚད་ཇེ་ཉུང་དུ་བཏང་ཡོད། སྔ་མོ་ནས་སྔོན་འགོག་དང་དྲིལ་བསྒྲགས་གཙོ་གནད་དུ་བཟུང་སྟེ། “བདེ་འཇགས་ཐོན་སྐྱེད་ཟླ་བ”ལྟ་བུའི་དུས་ཚིགས་ཁྱད་པར་ཅན་ཏུ། ཁེ་ལས་དང་སྡེ་ཁུལ་དུ་སོང་ནས་སྲིད་ཇུས་སྒྲོག་འགྲེལ་སྤེལ་བ་དང་ལས་རྨས་ངོས་འཛིན་ཁྱབ་ཁོངས་དང་སྙན་ཞུའི་གོ་རིམ། དགོས་ངེས་ཀྱི་རྒྱུ་ཆ། ཐོབ་ཐང་ཚད་གཞི་སོགས་ནང་དོན་གཙོ་བོ་གསལ་འབྲེལ་བྱས་པས་ངལ་རྩོལ་པས་རང་ཉིད་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཇེ་དྲག་ཏུ་ཕྱིན་པ་དང་ཆབས་ཅིག ཁེ་ལས་སོ་སོས་བདེ་འཇགས་འགན་འཁྲི་དོན་འཁྱོལ་ཡོང་བར་སྐུལ་འདེད་བཏང་སྟེ། འབྱུང་རྩ་ནས་ལས་རྨས་དོན་རྐྱེན་ཇེ་ཉུང་དུ་གཏོང་བ་མངོན་འགྱུར་བྱུང་ཡོད། ད་ལོར་མི་གྲངས15ཁྱིམ་དུ་སོང་ནས་བརྟག་ཞིབ་བྱས་པ་དང་། ལས་གནས་སྡེ་ཚན8ལ་ཉེན་ཁ་དཔྱད་བཤེར་དང་སློབ་གསོ་དྲན་སྐུལ་བྱས།

དྲང་བདེན་ཕན་ནུས་ཆེ་བར་དམིགས་སྟེ། གོ་རིམ་ཚད་ལྡན་ཅན་དུ་བསྒྱུར། 《ལས་རྨས་ཉེན་འགོག་སྲོལ་ཡིག》དང《མཚོ་སྔོན་ཞིང་ཆེན་གྱི〈ལས་རྨས་ཉེན་འགོག་སྲོལ་ཡིག〉ལག་བསྟར་བྱ་ཐབས》གཞིར་བཟུང་སྟེ། སྙན་ཞུ་འབུལ་བ་དང་བདག་སྤྲོད། བརྟག་ཞིབ། དཔང་རྟགས། སྐྱེལ་སྤྲོད་བཅས་ཀྱི་རིམ་པ་ཡོངས་ལ་བྱ་བ་སྒྲུབ་སྟངས་གསལ་པོ་བཟོས་ཤིང་དུས་ཚོད་གཏན་འཁེལ་དང་ལས་འགན་ཁ་གསལ་བཟོས། ནང་ཁུལ་གྱི་བསྐྱར་ཞིབ་བརྒྱུད་རིམ་ཕྱོགས་བསྡུས་སྒོས་སྟབས་བདེ་རུ་བཏང་བ་དང་ར་སྤྲོད་ཡི་གེ་ཉུང་འཕྲི་བྱས་ཏེ། གནད་འགག་མིན་པའི་ཡིག་ཆ་ཆད་ལུས་ཤོར་ཡང“ཐོག་མར་སྒྲུབ་པ་དང་རྗེས་སུ་ཁ་སྐོང་ཆོག་པའི”ལམ་སྲོལ་བཙུགས། ཡུལ་དངོས་སུ་རྟོག་དཔྱོད་དང་དཔང་མིའི་སྐད་ཆ་ཟིན་ཐོ་འགོད་པ་སོགས་ནན་ཏན་ངང་བསྒྲུབས་ཏེ། དོན་དངོས་བདེན་པ་ཡིན་མིན་དང་དཔང་རྟགས་ཁུངས་བཙན་ཡིན་མིན། ཁྲིམས་ལུགས་ཀྱི་གོ་རིམ་ཆ་ཚང་ཡིན་མིན་བཅས་སྒོ་ཀུན་ནས་ཚོད་འཛིན་ནན་མོ་བྱས་ཐོག གྱོད་གཞི་རེ་རེར་གནས་ཚུལ་གསལ་བ་དང་དཔང་རྟགས་བརྟན་པ། གོ་རིམ་ཡང་དག་ཡིན་པ་ཁག་ཐེག་བྱས་ཡོད། ད་ལོར་ལས་རྨས་ངོས་འཛིན་སྙན་ཞུ་གསར་བ22འབྱོར་བ་དང་། དེ་དག་ལས15ངོས་འཛིན་གཏན་ཁེལ་བྱས་ཡོད་ཅིང་། ནུས་པ་ཉམས་ཚད་འཇལ་རྒྱུའི་རེ་འདུན6ཕུལ་བ་ལས4སྡོམ་ཚིག་བཏོན་པ་དང་། ཆ་སྙོམས་ཉིན5ནང་གྱོད་ཐག་གཅོད་ཐུབ་ཡོད།

མཉམ་འབྲེལ་སྔོན་འགོག་ལ་དམིགས་སྟེ། འགན་ལེན་ནུས་ཤུགས་གཅིག་ཏུ་བསྒྲིལ།སྡེ་ཁག་ཕན་ཚུན་དབར་མཐུན་སྦྱོར་གཞོགས་འདེགས་ཤུགས་ཆེར་བཏང་སྟེ། འཛུགས་སྐྲུན་དང་སྤྱི་བདེ། སྨན་ཁང་སོགས་ཀྱི་ཆ་འཕྲིན་མཉམ་སྤྱོད་ཐུབ་པའི་ལམ་སྲོལ་འཐུས་ཚང་དུ་བཙུགས་པས། གྱོད་དོན་བརྟག་དཔྱད་དུས་ཡུན་ཇེ་ཐུང་དུ་སོང་བ་དང་ངོས་འཛིན་ཐག་གཅོད་མྱུར་ཚད་མཐོ་རུ་སོང་ཡོད། མཉམ་འབྲེལ་འདུམ་འགྲིག་དང་བཅའ་ཁྲིམས་རོགས་སྐྱོར་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། དཀའ་ངལ་རྙོག་འཛིང་ཆེ་བའི་ལས་རྨས་གྱོད་གཞི་རིགས་ཞི་ལྷོད་ངང་ཐག་གཅོད་བྱས་ནས་རྨས་སྐྱོན་ཕོག་མཁན་གྱི་ཁྲིམས་མཐུན་ཁེ་དབང་ཕྱོགས་ཡོངས་ནས་བསྲུངས་ཡོད། འབྲེལ་ཡོད་སྡེ་ཁག་སོ་སོ་དང་ཁྲིམས་རྩོད་པ་ཚོ་དང་འབྲེལ་མོལ་ཞིབ་འཇུག་ཟབ་མོ་བྱས་ཤིང་། “ལས་རྨས+ངལ་རྩོལ་འདུམ་གཅོད”མཉམ་འབྲེལ་འདུམ་སྒྲིག་མ་ལག་བེད་སྤྱད་དེ། ངལ་རྩོལ་འབྲེལ་བ་མགྱོགས་མྱུར་ངང་གཏན་འཁེལ་བྱས་ནས་གྱོད་གཞི་ངོས་འཛིན་རིམ་པར་བདེ་བླག་ངང་འཇུག་ཐུབ་པ་བྱུང་ཡོད། ཆ་འཕྲིན་བརྗེ་རེས་དང་གྱོད་གཞི་གྲོས་བསྡུར་གྱི་ལམ་སྲོལ་བཙུགས་ཏེ། མཉམ་དུ་ལས་རྨས་ངོས་འཛིན་ཐད་ཀྱི་དཀའ་ངལ་སེལ་བ་དང་ཐུན་མོང་གིས་ལས་རྨས་ཉེན་འགོག་ཐེབས་རྩ་བདེ་འཇགས་ཡོང་བ་རྒྱུན་འཁྱོངས་བྱས། མུ་མཐུད་དུ“ཞོར་ལས་སྲུང”གི་གསབ་སྣོན་བྱས་པའི་ལས་རྨས་ཉེན་འགོག་དང་ལས་རིགས་གསར་པའི་ལས་ཞུགས་མི་སྣ་རང་དབང་ཅན་གྱི་ལས་རིགས་གནོད་འཚེའི་ཉེན་འགོག་དོན་འཁྱོལ་ཡག་པོ་ཡོང་བར་འབད་བརྩོན་ལྷོད་མེད་བྱས་ཏེ། ལས་རྨས་འགན་ལེན་ཁེབས་རྒྱ་རྒྱུན་ཆད་མེད་པར་རྒྱ་བསྐྱེད་པ་དང་། ལས་སྤྱོད་སྡེ་ཁག་གིས་ལས་མི་བཀོལ་སྤྱོད་ཀྱི་ཉེན་ཁ་སེལ་རོགས་བྱས་ནས་ལས་རིགས་གསར་པའི་ལས་སྒྲུབ་པའི་ལས་རིགས་གནོད་འཚེ་ཐེབས་དབང་ལ་འགན་སྲུང་ཏན་ཏིག་བྱས།