网站无障碍
ཚན་རྩལ་ནུས་པས་དོ་དམ་སྲུང་སྐྱོབ་ལ་ཤུགས་བརྒྱབ་ཅིང་སྐྱེ་ཁམས་དམངས་ཕན་གྱིས་འཕེལ་རྒྱས་ལ་སྐུལ་འདེད་བཏང་།--རྐང་ཚ་རྫོང་གིས་རྨོ་བསྐྱུར་ནགས་གསོ་བྱ་བའི་གྲུབ་འབྲས་སྲ་བརྟན་དུ་བཏང་།
发布时间:2026年11月06日 消息来源:

རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

  ད་ལོ་ནས་བཟུང་། རྐང་ཚ་རྫོང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས“སྐྱེ་ཁམས་སྔོན་ཐོབ་དང་ལྗང་མདོག་འཕེལ་རྒྱས”ཀྱི་ལྟེ་བའི་དམིགས་འབེན་གཞིར་བཟུང་ནས་རྨོ་བསྐྱུར་ནགས་གསོ་ཞིབ་ཚགས་ཅན་གྱི་དོ་དམ་སྲུང་སྐྱོབ་བྱ་རྒྱུ་དེ་མཚོ་སྔོན་པོའི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོ་བཟོ་བ་དང་རྫོང་ཁོངས་སྐྱེ་ཁམས་ཀྱི་མཛེས་སྡུག་ཇེ་མཐོར་གཏོང་བའི་འགག་རྩའི་བྱེད་ཐབས་སུ་བརྩིས་ནས“གནད་དོན་ཕྱོགས་སྟོན་དང་མ་ལག་བཅོས་སྒྲིག ཡུན་ཕན་དོ་དམ་སྲུང་སྐྱོབ”བཅས་ཀྱི་བྱ་བའི་བསམ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཚན་རྩལ་གྱི་ནུས་ཤུགས་ཆེ་རུ་གཏོང་བ་དང་། སྒྲིག་འཛུགས་ཞིབ་ཚགས་དང་བྱེད་ཐབས་སྣ་མང་སྤྱད་དེ་རྨོ་བསྐྱུར་ནགས་གསོ་དོ་དམ་དང་སྲུང་སྐྱོབ་བྱ་བའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་། རྨོ་བསྐྱུར་ནགས་གསོའི་གྲུབ་འབྲས་སྲ་བརྟན་དུ་བཏང་།

    དམ་སྲུང་འགན་འཁྲིའི་མ་ལག་སྲ་བརྟན་དུ་བཏང་ཏེ། རིམ་བགྲོད་སྐོར་ཞིབ་ལས་འགན་ལག་བསྟན་བྱས། རྫོང་དང་ཡུལ་ཚོ། སྡེ་བ་བཅས་རིམ་པ་གསུམ་གྱི་ནགས(རྩྭ)མགོ་འཛིན་ལམ་ལུགས་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། གྲོང་རྡལ་དང་ཡུལ་ཚོ། སྡེ་བ་བཅས་ཀྱི་དོ་དམ་དང་སྲུང་སྐྱོབ་ཀྱི་འགན་འཁྲི་ནན་མོ་བྱེད་པ། སྐོར་ཞིབ་ཀྱི་ལས་འགན་རིམ་བཞིན་དབྱེ་འབྱེད་བཅས་བྱས་ཏེ་ལས་འགན་ལ་དོ་དམ་ལེགས་པོ་བྱེད་པ། རྫོང་ཡོངས་ཀྱིས་སྐྱེ་ཁམས་ནགས་སྲུང་བ266བསྡུ་ལེན་བྱས་ནས་རིམ་པ་སོ་སོའི་སྐྱེ་ཁམས་དོ་དམ་དང་སྲུང་སྐྱོབ་ཀྱི་ངལ་རྩོལ་གན་རྒྱ་བཞག་སྟེ་དམིགས་ཚད་ཁ་གསལ་བཟོས་པ་དང་འགན་འཁྲི་ཏན་ཏིག་བྱེད་པ། སྐྱེ་ཁམས་དོ་དམ་དང་སྲུང་སྐྱོབ་ཀྱི་དཔུང་སྡེ་འཐུས་ཚང་དུ་གཏོང་བ།   ཟླ9བ་ནས་བཟུང་རྫོང་སྐྱེ་ཁམས་ཁོར་ཡུག་ཅུ་དང་རྫོང་སྤྱི་བདེ་ཅུ། རྫོང་ཕྱོགས་བསྡུས་ཁྲིམས་འཛིན་ཅུ། འོམ་ཆུ་གྲོང་རྡལ། གྲོང་སྲིད་དོ་དམ་ཞབས་ཞུ་ལྟེ་གནས་བཅས་དང་མཉམ་འབྲེལ་བྱས་ནས། རྫོང་ཁོངས་ཀྱི་རྒྱལ་ཁབ་ས་ལྗང་བསྒྱུར་ཁུལ་དང་དེ་བཞིན་རྨོ་བསྐྱུར་ནགས་གསོ་ཁག་ཏུ་ཉིན་མཚན་མེད་པར་སྐོར་ཞིབ་བྱེད་པ་དང་།  རྨོ་བསྐྱུར་ནགས་གསོའི་ས་ཆར་ཕྱུགས་ཟོག་འཚོ་མི་ཆོག་པའི“བྱང་བུ”སྤྲོད་པ་དང་། 《ནགས་ཚལ་དང་རྩྭ་ཐང་མེ་སྐྱོན་འགོག་བཅོས་སྲོལ་ཡིག》དྲིལ་སྒྲོག་སོགས་ཀྱི་བྱ་ཐབས་བརྒྱུད་ནས་ནགས་ཚལ་སྲུང་སྐྱོབ་དང་མེ་ཟོན་གྱི་ཤེས་བྱ་ཁྱབ་གདལ་དུ་བཏང་སྟེ། རྨོ་བསྐྱུར་ནགས་གསོ་ཁྱིམ་ཚང་དོ་དམ་དང་སྲུང་སྐྱོབ་ནང་ཞུགས་པར་རང་འགུལ་རང་བཞིན་དང་ཧུར་བརྩོན་རང་བཞིན་སྐུལ་སློང་བྱས་ཏེ། སྤྱི་ཚོགས་ཡོངས་ཀྱི་སྔོ་ལྗང་འདེབས་འཛུགས་ཀྱི་འགན་འཁྲིའི་འདུ་ཤེས་ཆེ་རུ་ཕྱིན་ཡོད། 

图片

    ཚན་རྩལ་ནུས་ཤུགས་ཆེ་རུ་བཏང་སྟེ། ནགས་རར་མི་མེད་གནམ་གྲུའི་སྐོར་ཞིབ་མ་ལག་བཙུགས། རྫོང་རིམ་པའི་སྐྱེ་ཁམས་ལྟེ་གནས་དོ་དམ་ས་ཚིགས་ལ་བརྟེན་ནས། སྐྱེ་ཁམས་བཅོས་སྐྱོང་གི"རིག་ནུས"བཙུགས་ནས་མི་མེད་གནམ་གྲུས་སྐོར་ཞིབ་དང་། དུས་ཐོག་བརྙན་ལམ་ལྟ་ཞིབ་ཚད་ལེན། གཞི་གྲངས་གསོག་ཉར་དབྱེ་ཞིབ། བཀག་སྡོམ་རང་བཞིན་གྱི་གནོད་འཚེའི་ཐག་གཅོད་བཅས་འདུས་ཡོད། "མཁའ་དབྱིངས་གནམ་གྲུའི་སྐོར་ཞིབ་དང་། ས་ངོས་མཐུན་སྦྱོར། གཞི་གྲངས་འདེགས་སྐྱོར"བཅས་ལངས་གཟུགས་ཅན་གྱི་དོ་དམ་མ་ལག་བསྐྲུན་ནས"མི་ཤུགས་བཀོད་པའི"དོ་དམ་ལམ་ལུགས་རྩ་བ་ནས་བསྒྱུར་ཡོད། རྐང་ཚ་རྫོང་ནགས་རར་རྒྱུན་རྣམ་ཅན་དུ་མི་མེད་གནམ་གྲུའི་སྐོར་ཞིབ་བྱས་ཏེ་དྭངས་གསལ་བརྙན་མིག་དང་དམར་ཕྱིའི་འཚོལ་ཞིབ་སྒྲིག་ཆས་སྒྲིག་སྦྱོར་བྱས་པའི་ཆེད་ལས་མི་མེད་གནམ་གྲུ་ལ་བརྟེན་དགོས། ཁོ་ཚོས་ཉིན་རྒྱུན་རྨོ་བསྐྱུར་ནགས་གསོ་དང་། འོམ་ཆུ་གྲོང་རྡལ་གྱི་རྒྱལ་ཁབ་འདམ་རའི་སྤྱི་གླིང་། རྒྱལ་དབང་ནགས་ས་གཙོ་བོ་སོགས་ལྟེ་བའི་ས་ཁུལ་ལ་ཉིན་རེར་ཁྱོན་ཡོངས་ཀྱི་སྐོར་ཞིབ་ཐེངས་གཅིག་ནས་གཉིས་བྱས་ཏེ། རྩྭ་ཐང་གི་མེ་སྐྱོན་ལ་ལྟ་ཞིབ་ཚད་ལེན་དང་། ལྐོག་ནས་ཤིང་གཅོད་པ་དང་གང་བྱུང་དུ་གཏོར་བརླག་བྱེད་པ། ནགས་གསོ་ས་ཁུལ་དུ་ཕྱུགས་འཚོ་བ་སོགས་ཀྱི་གནས་ཚུལ་ལ་གྲལ་བཤེར་བྱས་ནས་གནད་ལ་འཁེལ་བའི་སྒོས་ལས་དོན་སྤེལ་ཏེ།དྭངས་གསལ་གཟུགས་བརྙན་གྲངས་གཞི་དུས་ཐོག་ཏུ་བརྒྱུད་སྤྲོད་བྱས་ནས་དོ་དམ་དང་སྲུང་སྐྱོབ་མི་སྣར་མགྱོགས་མྱུར་ངང་གནོད་འཚེའི་ས་ཁུལ་དང་དམིགས་འབེན་ལ་ཐག་གཅོད་བྱ་རྒྱུར་རོགས་རམ་བྱས་ཏེ། སྐོར་ཞིབ་ལམ་ཐིག་རྐྱང་པའི་དུས་ཚོད་དེ་ས་ངོས་སྐོར་གཡེང་དང་བསྡུར་ན80%ཐུང་དུ་ཕྱིན་པར་མ་ཟད། བར་སྣང་ནས་སྐད་ཅོར་རྒྱག་པའི་ནུས་པ་དུས་གཅིག་ཏུ་སྤྱད་དེ་སྐྱེ་ཁམས་དང་བྱ་སྤྱོད་སྣ་ཚོགས་དུས་ཐོག་ཏུ་བཀག་འགོག་དང་། ལྟ་སྐུལ་དོ་དམ་གྱི་ཟིལ་ཤུགས་ཇེ་ཆེར་གཏོང་བ། སྐོར་ཞིབ་ཀྱི་སྐྱོན་ཆ་ཐག་གཅོད་ནུས་ལྡན་བྱེད་པ། སྐོར་ཞིབ་མུན་འཐོམ་མེད་པར་བཟོ་བ་བཅས་བྱེད་ཐུབ། དེ་དང་ཆབས་ཅིག་གཞི་རིམ་ནས་དོ་དམ་དང་སྲུང་སྐྱོབ་མི་སྣ་ཡག་ཤོས་བདམས་ནས་ཆེད་དོན་གསོ་སྦྱོང་དང་། ལས་ཁྱེར་ཡོད་པའི་མི་མེད་གནམ་གྲུ་བཀོལ་སྤྱོད་པའི་དཔུང་ཁག་གསོ་སྐྱོང་བྱས་ཏེ་སྐོར་ཞིབAppདང་རྩྭ་ཐང་སོ་ལྟ་ལྟ་ཞིབ་ཚད་ལེན་མ་ལག་ལ་བརྟེན་ནས་སྐོར་ཞིབ་ལམ་ཐིག་དང་ཡུལ་དངོས་བརྙན་ལེན། བྱུར་རྐྱེན་གནས་ཚུལ་བཅས་དུས་ཐོག་ཏུ་བསྐུར་བ་དང་འགུལ་རྣམ་དོ་དམ་བཅས་བྱས་ཏེ་རྨོ་བསྐྱུར་ནགས་འཛུགས་དོ་དམ་དང་སྲུང་སྐྱོབ་ཀྱི་གནད་ལ་འཁེལ་བའི་རང་བཞིན་དང་ལས་ཕྱོད་ཁྱོན་ཡོངས་ནས་མཐོ་རུ་བཏང་།

图片

    ཚན་རིག་དང་མཐུན་པར་ཆུ་གསབ་ཞིང་ཆུ་དྲངས་ཏེ། སྡོང་ཕྲུག་གསོ་སྐྱོང་བྱེད་པར་འགན་ལེན་བྱས། རྫོང་རིམ་པའི་གནམ་གཤིས་ཀྱི་འགྱུར་ལྡོག་དང་དུས་ཚིགས་ཀྱི་གནས་སྟངས་ལ་གཞིགས་ཏེ་ཆུ་བེད་སྒྲིག་བཀོད་མཐུན་སྦྱོར་བྱས་ནས་དགུན་དཔྱིད་ཆུ་འདྲེན་པའི་འགག་རྩའི་དུས་སྐབས་གནད་ལ་འཁེལ་བའི་སྒོ་ནས་གཏན་འཁེལ་བྱེད་པ་དང་། རྨོ་བསྐྱུར་ནགས་གསོ་སོགས་ལྟེ་བའི་ས་ཁོངས་ལ་དམིགས་ཏེ་ཆེད་ལས་དོ་དམ་རུ་ཁག་སྒྲིག་འཛུགས་བྱས་ནས་ཆུ་འདྲེན་སྒྲིག་ཆས་བཀོད་སྒྲིག་བྱས་ཏེ་ དགུན་དཔྱིད་ཀྱི་ཞིང་ཆུ་འདྲེན་པའི་ཆུ་ཁ་གསབ་ཀྱི་ལས་སྒོ་ཁྱོན་ཡོངས་ནས་སྤེལ་ཞིང་།  གནད་ལ་འཁེལ་བའི་སྒོ་ནས་ཆུ་ཚོད་འཛིན་དང་སྙོམས་པོ་གཏོང་བ་བརྒྱུད་རྨོ་བསྐྱུར་ནགས་འཛུགས་སྐྱེད་ཚལ་གྱི་རྩི་ཤིང་ཁྱོན་ཡོངས་ནས་སྔོ་ལྗང་ཅན་དུ་བསྒྱུར་ཚད90%བར་མཐོ་རུ་གཏོང་རྒྱུ་དང་། གསར་དུ་བཏབ་པའི་སྡོང་ཕྲུག་གསོན་ཚད90%ཡན་བརྟན་འཇགས་སུ་གནས་ཐུབ་པ་དང་། དཔྱིད་ཀའི་མྱུ་གུ་འཚར་ལོངས་འབྱུང་བར་ཆུ་གསོག་ཚད་འདང་ངེས་ཡོང་བའི་འགན་ལེན་བྱས་ནས་སྐྱེ་ཁམས་ལེགས་བཅོས་ཏན་ཏིག་བྱས་ཡོད།

图片

    འདེབས་འཛུགས་སྒྱུར་བཀོད་བྱེད་ཤུགས་ཆེ་རུ་བཏང་སྟེ། སྤུས་འབྲས་མཐོ་རུ་གཏོང་རྒྱུར་སྐུལ་འདེད་བཏང་། གནས་ཡུལ་དང་ཤིང་སྡོང་ལ་འཚམ་པ་དང་། རིགས་དབྱེའི་བཅོས་སྒྲིག དོ་དམ་སྲུང་སྐྱོབ་བཅས་དུས་མཉམ་དུ་བྱ་རྒྱུར་རྒྱུན་འཁྱོངས་བྱས་ཏེ། ས་གནས་རང་བཞིན་ལ་འཚམ་པའི་སྟར་སྡོང་དང་རྩྭ་དེ་གཉིས་ཀར་གདམ་གསེས་བྱས་ནས་སྐམ་ས་ཆེ་བའི་ས་ཞིང་དུ་གཞི་ཁྱོན་ཆེ་བའི་སྒོ་ནས་བསྐྱར་འཛུགས་དང་བསྐྱར་འདེབས་བྱེད་པ། གཏོར་སྐྱོན་ཕོག་པའི་ལྕགས་ར་བསྐྱར་གསོ་བྱེད་པ།  ཕྱུགས་ཟོག་སོང་མི་ཆོག་པའི་ས་ཁུལ་དགར་ནས་ལམ་ལུགས་ལག་བསྟར་བཅས་བྱས་ཡོད།  2026ལོར། སྟར་སྡོང་ས་མུའུ6000བསྐྱར་འཛུགས་བྱས་ནས་ཐོན་ལས་གཞི་ཁྱོན་ཆེ་རུ་བཏང་སྟེ། སྔ་རྗེས་སུ་ཁྲོམ་རའི་གཙོ་གཟུགས་གསུམ་ནང་འདྲེན་བྱས་ནས་ས་གནས་དེ་གའི་ཕྱུག་འགྱུར་སྣེ་ཁྲིད་པ་རྩྭ་འདེགས་གསོ་བྱེད་པར་རོགས་སྐྱོར་བྱས་ཏེ། རྨོ་བསྐྱུར་ནགས་གསོ་དང་རྩྭ་གསོའི་ཐོན་ཁུངས་འཕེལ་རྒྱས་ཀྱི་སྒུལ་ཤུགས་སུ་བསྒྱུར་ནས་སྐྱེ་ཁམས་སྲུང་སྐྱོབ་དང་དམངས་ཀྱི་ཡོང་སྒོ་འཕར་སྣོན་དོ་མཉམ་ཡོང་བར་བྱས། 

图片

    ཐོན་ལས་ནུས་པ་སྤྲོད་རྒྱུར་ཤུགས་བརྒྱབ་སྟེ། སྐྱེ་ཁམས་ཕན་འབྲས་སྒྱུར་བར་མངོན་འགྱུར་བྱུང་། སྐྱེ་ཁམས་ཀྱི་ནུས་པའི་མ་མཐའི་མཚམས་ཐིག་རྒྱུན་འཁྱོངས་ནན་མོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་རྨོ་བསྐྱུར་ནགས་གསོ་དང་རྩྭ་གསོའི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ནས་རྩྭ་འདེབས་གསོ་སྐྱོང་དང་སྡོང་འཛུགས་བྱེད་པའི་ལས་གཞི་སྐུལ་འདེད་གཏོང་བ། 2025ལོར་རྩྭ་འདེབས་གསོ་སྐྱོང་གསོ་སྤེལ་རྟེན་གཞི་ས་མུའུ5000བསྐྲུན་པ་དང་། ཧོང་ཡུས་ཞིང་རའི་རྩྭ་མུའུ1000ཚོད་ལྟ་བྱས་ནས་རེས་སྐོར་དང་པོའི་བསྡུ་ལེན་ལེགས་གྲུབ་བྱུང་བ། དངོས་སུ་ཚད་ལེན་བྱས་པའི་མུའུ་རེར་རྩྭ་ཤོག་སྤྱི་རྒྱ52.28ཐོན་པ་དང་། རྩྭ་ཕྱིར་ཚོང་གི་ཡོང་འབབ་སྒོར་ཁྲི73.19ཟིན། སྤུས་ལེགས་རྩྭ་ཁྲི1.2ཐོན་པ། ཕྱི་ནས་ཉོ་བའི་གཟན་རྩྭ་མ་དངུལ་སྒོར་ཁྲི18ཙམ་གྲོན་ཆུང་ཐུབ་པ་བཅས་རེད། 2026ལོར་སྔོན་རྩིས་བྱས་ན་དཔལ་འབྱོར་ཡོང་འབབ་སྒོར་ཁྲི400ཟིན་ཡོད་པ་དང་། “རྨོ་བསྐྱུར་སྔོ་ལྗང་སྲ་བརྟན་དང་། ཐོན་ལས་འཕེལ་རྒྱས། མང་ཚོགས་འབབ་འཕར་བཅས་ཀྱི་གདུབ་ཟུམ་རྣམ་པ་བཟང་པོ་བརྒྱུད་རྨོ་བསྐྱུར་ནགས་གསོའི་གྲུབ་འབྲས་ལ་དུས་ཡུན་རིང་བོར་དོ་དམ་དང་སྲུང་སྐྱོབ་བྱས་ནས་མི་རབས་ནས་མི་རབས་བར་མཚོ་སྐོར་ས་ཁུལ་དུ་འཚོ་བ་སྐྱེལ་མཁན་མང་ཚོགས་རྣམས་སྐྱེ་ཁམས་སྲུང་སྐྱོབ་པ་དང་། འཛུགས་སྐྲུན་མཁན། ཕན་པ་ཐོབ་མཁན་བཅས་སུ་གྱུར་ཡོད། 

图片

    མ་འོངས་པར། རྐང་ཚ་རྫོང་གིས་སྤུས་ཚད་མཐོ་བའི་སྐྱེ་ཁམས་སྲུང་སྐྱོབ་འཕེལ་རྒྱས་གཏོང་བའི་བཀོད་སྒྲིག་རྒྱུན་མཐུད་ངང་གཏན་འཁེལ་བྱས་ཏེ་ནགས་རྩྭ་ཚོད་འཛིན་རྣམ་གྲངས་ཀྱི་རེ་ཞུ་དང་། རྣམ་གྲངས་ཞིབ་མཆན། འོས་སྐུལ་འོས་ལེན། ལག་བསྟར་བཅས་ཀྱི་བརྒྱུད་རིམ་ཧྲིལ་བོར་ཞིབ་བཤེར་གཏན་འབེབས་ནན་མོ་བྱེད་པ་དང་། བརྒྱུད་རིམ་ཧྲིལ་བོའི་ལྟ་སྐུལ་དོ་དམ་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། རྨོ་བསྐྱུར་རྩྭ་ས་དང་ནགས་ས་ཚང་མ་རྣམ་གྲངས་དོ་དམ་ནང་འཇུག་རྒྱུའི་སྤྱི་འདོམས་བཅས་བྱས་ནས“མི་མེད་གནམ་གྲུའི་སྐོར་ཞིབ་དང་ས་ངོས་སྐོར་ཞིབ”ལངས་གཟུགས་ཅན་གྱི་དོ་དམ་སྲུང་སྐྱོབ་བྱེད་སྟངས་གཏིང་ཟབ་ཏུ་བཏང་ནས་རྨོ་བསྐྱུར་ནགས་འཛུགས་དོ་དམ་དང་སྲུང་སྐྱོབ་གནད་ལ་འཁེལ་བ་དང་། ཚན་རིག་དང་མཐུན་པའི་ལག་བསྟར། གྲུབ་འབྲས་མངོན་གསལ་དོད་པོ་བཅས་ཡོང་བར་འགན་ལེན་བྱས་ཏེ།  རྐང་ཚས་ས་བབ་མཐོ་བའི་ས་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་ལ་གསོན་ཉམས་དོད་པའི་མ་དཔེ་བསྐྲུན་ཡོད།