网站无障碍
རྐང་ཚ་རྫོང་གིས《འོད་དང་གྲིབ་གཟུགས་ཀྱི་ངོ་མཚར་བའི་གཏམ་རྒྱུད》ཞེས་པའི་དེབ་གསར་མཉམ་སྤྱོད་ཚོགས་འདུ་འཚོགས།
发布时间:2026年11月09日 消息来源:

རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

  ཉེ་ཆར་རྐང་ཚ་རྫོང་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པ་དང་། རྐང་ཚ་རྫོང་རྩོམ་པ་པོ་དང་དམངས་ཁྲོད་སྒྱུ་རྩལ་པའི་མཐུན་ཚོགས་ཀྱིས་འགན་སྒྲུབ་བྱས་པ། གཙུག་ལག་ཕྲེང་བ་དཔེ་འཚོང་ཁང་གིས་རོགས་འདེགས་བྱས་པའི《འོད་དང་གྲིབ་གཟུགས་ཀྱི་ངོ་མཚར་བའི་གཏམ་རྒྱུད》ཞེས་པའི་དེབ་གསར་མཉམ་སྤྱོད་ཚོགས་འདུ་ཟི་ལིང་དུ་འཚོགས། དཔེ་དེབ་འདི་ནི་དུང་ཟིན་རྒྱལ་གྱིས་བརྩམས་པ་དང་མཚོ་སྔོན་མི་དམངས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། རྒྱ་བོད་སྐད་གཉིས་ཀྱི་གློག་བརྙན་དཔྱད་བརྗོད་རྩོམ་ཡིག་ཕྱོགས་བསྡུས་ཤིག་ཡིན།

图片

བྱེད་སྒོ་འདིར་ཞིང་ཆེན་ཏང་ཨུའི་སློབ་གྲྭའི་དགེ་རྒན་ཆེན་མོ་བསོད་ནམས་དབང་རྒྱལ་དང་ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་གཞོན་པ་དཔལ་མོ། མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་གཞོན་པ་པདྨ་རྣམ་རྒྱལ་སོགས་ཆེད་མཁས་པ་དང་མཁས་དབང་དག་གདན་འདྲེན་ཞུས་ནས་བཞུགས་མོལ་བགྲོ་གླེང་གཏིང་ཟབ་གནང་། སྐུ་མགྲོན་ཚོས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་བྱེད་རྒྱུ་དེ་བརྗོད་དོན་གཙོ་བོར་བཟུང་སྟེ། རང་ཉིད་ཀྱི་ཞིབ་འཇུག་ཁྱབ་ཁོངས་གཞིར་བཟུང་ནས་དེབ་འདིའི་གསར་རྩོམ་རིན་ཐང་དང་ཁྱབ་སྤེལ་དོན་སྙིང་སྐོར་གྲོས་བསྡུར་སྤེལ་རེས་གནང་། ཚང་མས་བལྟས་ན། དེབ་འདིས་རིག་རྩལ་དཔྱད་བརྗོད་སྤེལ་སྟངས་སྤྱད་དེ། ཀྲུང་ཧྭའི་རིག་གནས་ལྟ་བ་བརྟན་སྲུང་བྱེད་པ་དང་རྒྱ་བོད་སྐད་རིགས་གཉིས་ཀྱི་གཟུགས་སུ་བཀོད་པ་དེས་རིགས་སོ་སོའི་མང་ཚོགས་ཀྱིས་ཀློག་འདོན་དང་རོལ་མྱོང་བདེ་བར་ཕན་ཐོགས་ཆེན་པོ་བྱུང་ཡོད་ལ། རིག་གནས་སྦྲེལ་ཐག་ཏུ་བྱས་ནས་སེམས་རྒྱུད་འབྲེལ་མཐུད་ཡོང་བ་དང་། ཤེས་རིག་ཕན་ཚུན་སློབ་སྦྱོང་ཁྲོད་བསམ་བློ་གཅིག་གྱུར་ཡོང་བར་སྐུལ་འདེད་བཏང་སྟེ་མི་རིགས་སོ་སོའི་འགྲོ་འོང་འབྲེལ་འདྲིས་མཉམ་འདྲེས་ལ་རོགས་རམ་བྱས་ཤིང་། རང་རེས་ཞིང་ཆེན་གྱི་མི་རིགས་ས་ཁུལ་རང་བཞིན་ལྡན་པའི་རིག་རྩལ་དཔྱད་བརྗོད་བརྩམས་ཆོས་གསར་སྤེལ་ཐད་གྲུབ་འབྲས་གསར་བ་བསྣན་ཡོད་ཅེས་བསྔགས་བརྗོད་གནང་།

图片

    ཐེངས་འདིའི་དེབ་གསར་མཉམ་སྤྱོད་ཚོགས་འདུ་ནི། རྐང་ཚའི་རིག་རྩལ་གསར་གཏོད་གྲུབ་འབྲས་གསལ་སྟོན་བྱས་པ་ཞིག་ཡིན་པར་མ་ཟད། དུས་རབས་གསར་བའི་རིག་རྩལ་ལས་འགན་ལག་ལེན་དུ་བསྟར་བ་དང་མི་རིགས་སོ་སོའི་རིག་གནས་ཕན་ཚུན་སློབ་སྦྱོང་དང་བརྗེ་རེས་བྱེད་སའི་སྟེགས་བུ་གལ་ཆེན་ཞིག་ཀྱང་ཡིན། བྱེད་སྒོ་འདིས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བས་སྣེ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། “རིག་རྩལ་གྱིས་གྲོང་གསེབ་མཛེས་བཟོ་བྱེད་པའི”ལས་དོན་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ཐོག རིག་རྩལ་གྱིས་ཡིད་དབང་འགུགས་པ་དང་དཔེ་ཀློག་གིས་སྟོབས་ཤུགས་སྒྲིལ་ནས། རྒྱ་ཆེའི་རིག་རྩལ་ལས་སྒྲུབ་པ་མཐོ་སྒང་དུ་གཞི་ཚུགས་ཏེ་བསམ་པ་རྣམ་དག་གིས་བསམ་བློའི་གོ་རྟོགས་མཐོ་ལ་མི་ཆོས་རིག་གནས་འཛོམས་པའི་རིག་རྩལ་བརྩམས་ཆོས་རྩོམ་རྒྱུར་ཁྲིད་སྟོན་བྱས་ཤིང་། མུ་མཐུད་དུ་རིགས་སོ་སོའི་རིག་རྩལ་ལས་སྒྲུབ་པས་མཉམ་སྦྱོང་མཉམ་ཞིབ་དང་། ཕན་ཚུན་དཔྱད་རེས་མཉམ་སྐྱོད་ཀྱི་ཁོར་ཡུག་བཟང་པོ་བསྐྲུན་ནས། མཚོ་སྔོན་གྱི་མི་རིགས་རིག་རྩལ་བྱ་གཞག་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་བར་རིག་རྩལ་གྱི་སྟོབས་ཤུགས་བསྣོན།