网站无障碍
རྐང་ཚ་རྫོང་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས》སློབ་སྦྱོང་བྱེད་པའི་རྩེད་མཚར་སྒྲོག་འགྲེལ་སློབ་གྲྭར་ཟབ་ཞུགས་བྱས།
发布时间:2026年11月10日 消息来源:

རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

 ཉེ་ཆར། རྐང་ཚ་རྫོང་གིས་ལོ་ཆུང་བྱིས་པའི་ལོ་ཚད་དང་ཤེས་རྟོགས་ཆོས་ཉིད་ལ་དམིགས་ནས། རྩེད་མོ་རྩེ་བའི་ཚུལ་གྱིས་སློབ་གྲྭར་སོང་དེ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས》སྐོར་གྱི་སྒྲོག་འགྲེལ་བྱེད་སྒོ་གཏིང་ཟབ་ཏུ་སྤེལ། ད་ཐེངས་ཀྱི་སྒྲོག་འགྲེལ་ནང་རྐང་ཚ་རྫོང་གི་ཞག་སྡོད་ལམ་ལུགས་དམའ་རིམ་སློབ་གྲྭ1དང་། ཞག་སྡོད་ལམ་ལུགས་སློབ་ཆུང4། བྱིས་སྐྱོང་ཁང3བཅས་ཁྱོན་དགེ་སློབ་དང་བྱིས་པ་ཆུང་ཆུང1700ལྷག་ཙམ་ཞུགས་ཡོད།

图片

 ཐེངས་འདིའི་སྒྲོག་འགྲེལ་ནི་སྲོལ་རྒྱུན་ཁྲིམས་ལུགས་སློབ་ཁྲིད་ཀྱི་སྒྲོམ་གཞི་ལས་བརྒལ་ཏེ། སློབ་མ་ཆུང་འབྲིང་རྣམས་ཀྱི་དགའ་ཕྱོགས་དང་བསྟུན་ནས་ཤེས་བྱ་ལག་ལེན་བསྟར་ཐུབ་པ་དང་མྱོང་རོལ་ཐུབ་པའི་ནང་དོན་དུ་བསྒྱུར་ཡོད། དྲི་བ་དྲིས་ལན་དང་གཏམ་རྒྱུད་ཐུང་ངུ་མཉམ་སྤྱོད་བྱེད་པ་སོགས་གསོན་ཉམས་ལྡན་པའི་ཐབས་ལམ་བརྒྱུད་དེ། སློབ་གྲོགས་ཚོ་དགའ་སྤྲོ་སྐྱིད་སྣང་དོད་པའི་ཁོར་ཡུག་ཁྲོད་མཐུན་སྒྲིལ་གྱི་དོན་སྙིང་ཚོར་བར་བྱས་ཤིང་། རིམ་བཞིན་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུའི་ས་བོན་བཟང་པོ་དགེ་སློབ་ཚོའི་སེམས་སུ་བཏབ་ཡོད།

图片

 དགེ་རྒན་ཚོར་ཁ་ཕྱོགས་ནས། སྒྲོག་འགྲེལ་པས་སློབ་གྲྭ་ནི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་སའི་རྟེན་གཞི་གལ་ཆེན་ཞིག་ཡིན་པ་གསལ་བཤད་བྱས་པར་མ་ཟད། དགེ་རྒན་ཚོས་མི་གཤིས་གསོ་སྐྱོང་བྱེད་པའི་འགན་འཁྲི་ལྕི་མོ་ཁུར་ཡོད་པས། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས》ཞེས་པ་འདི་སློབ་གསོ་སློབ་ཁྲིད་ཀྱི་བརྒྱུད་རིམ་ཧྲིལ་བོར་ཁྱབ་པར་བྱ་དགོས་ཞེས་བསྟན། དེས་དགེ་རྒན་མང་པོ་ཞིག་ལ་རིག་གནས་ཕུལ་བྱུང་ཁྲོད་ཀྱི་ཕན་ཚུན་རོགས་རེས་དང་མཐུན་སྒྲིལ་གྱི་རིན་ཐང་ཟབ་མོ་སྔོག་འདོན་བྱེད་པར་སྐུལ་མ་བཏང་སྟེ། དམངས་ཁྲོད་སྒྲུང་གཏམ་དང་སྲོལ་རྒྱུན་ལག་རྩལ། དུས་ཆེན་གོམས་སྲོལ་བཅས་སློབ་ཚན་སོ་སོར་བསྲེས་པ་དང་། མི་རིགས་མཐུན་སྒྲིལ་སློབ་གསོ་དེ་ཡང་སློབ་ཁྲིད་དང་རིག་གནས། སྤྱི་ཚོགས་ལག་ལེན་བཅས་ཀྱི་གནས་གང་སར་འདྲིས་པར་བྱས་ཏེ་ཆར་ཆུའི་ས་གཞི་བརླན་པ་ལྟར་ནུས་པ་ཐོན་པར་བྱས་ཏེ། བྱིས་པ་ཚོར་དུས་དང་རྣམ་པ་ཀུན་ཏུ་མཐུན་སྒྲིལ་གྱི་སྟོབས་ཤུགས་ཚོར་དུ་འཇུག་དགོས།

图片
图片

 སློབ་མ་ཚོར་ཁ་ཕྱོགས་ནས། སྒྲོག་འགྲེལ་པས་སློབ་གྲྭའི་ཉིན་རྒྱུན་སློབ་སྦྱོང་དང་འཚོ་བའི་གནས་ཚུལ་དངོས་དང་སྦྱར་ནས། ཁ་གསལ་སྨྲར་དག་གི་སློབ་མ་ཚོར་མི་རིགས་ཚང་མ་འདྲ་མཉམ་ཡིན་པར་གོ་བ་ལེན་དགོས་པ་དང་། སློབ་སྦྱོང་དང་འཚོ་བ་གཉིས་ཀར་བརྩི་བཀུར་རོགས་རམ་བྱེད་དགོས་པ། མི་རིགས་གཞན་གྱི་ཡུལ་སྲོལ་གོམས་གཤིས་ལ་བརྩི་འཇོག་བྱེད་དགོས་པ། ཆུང་དུས་ནས་བཟུང་མི་རིགས་མཐུན་སྒྲིལ་གྱི་ལྟ་བ་འཛིན་དགོས་པ་བཅས་ལམ་སྟོན་གནང་། ཡུལ་དངོས་ཀྱི་རྣམ་པ་འཁྲུག་ཆ་དོད་ཅིང་། སློབ་གྲོགས་ཚོས་ལག་པ་བཀྱགས་ནས་ཧུར་ཐག་གིས་མཉམ་ཞུགས་བྱས་ཏེ། བག་ཕེབས་ལྷོད་ཡངས་ཀྱི་ངང་ནས་མི་རིགས་སྲིད་ཇུས་དང་ཁྲིམས་ལུགས་ཤེས་བྱ་སྦྱངས་ཤིང་། ཚང་མས་རང་ཉིད་མི་རིགས་མཐུན་སྒྲིལ་གྱི་སྒྲོག་འགྲེལ་པ་ཆུང་ངུ་དང་ཕོ་ཉ་རུ་འགྱུར་འདོད་ཡོད་པ་དང་། རང་རྟོགས་ཀྱིས་ཁྲིམས་ཤེས་པ་དང་བརྩི་སྲུང་བྱེད་པ། རང་འགུལ་གྱིས་མི་རིགས་མཐུན་སྒྲིལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཞེས་བཤད་པ་རེད། ཕྲེང་བསྟར་སྒྲོག་འགྲེལ་བྱ་འགུལ་གྱིས་སྤྲོ་བ་སྐྱེད་པའི་སྒོ་ནས་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ལུགས་སློབ་གསོ་དེ་སློབ་རའི་བསམ་བློའི་ཀུན་སྤྱོད་ལས་དོན་ནང་འདྲེས་པར་བྱས་ཤིང་། སྔར་བཤད་ཁྲིད་རྐྱང་བྱེད་སྟངས་བསྒྱུར་བ་དང་། བློ་སྒོ་འབྱེད་པ་དང་བག་ཆགས་འཇོག་པའི་ཐབས་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུའི་སློབ་གསོ་ཡིད་ལ་འཇགས་པར་བྱས། འདིས་སློབ་གྲྭ་སོ་སོའི་མི་རིགས་མཐུན་སྒྲིལ་ཡར་རྒྱས་ཀྱི་རྨང་གཞི་ཇེ་བརྟན་དུ་བཏང་བ་དང་། དགེ་སློབ་ཡོངས་ཀྱི་མི་རིགས་ངོས་འཛིན་བསམ་པ་དང་ཁོངས་གཏོགས་ཚོར་བ་ཤུགས་ཆེ་རུ་ཕྱིན་ཏེ། སློབ་རའི་ནང་དུ་ཀུན་གྱིས་མཐུན་སྒྲིལ་གླེང་བ་དང་མཐུན་སྒྲིལ་གཅེས་སྐྱོང་། མཐུན་སྒྲིལ་སྲུང་སྐྱོང་བཅས་བྱེད་པའི་སྣང་ཉམས་སྟུག་པོ་བསྐྲུན་པས། བྱ་འགུལ་རེ་རེར་སྔོན་དཔག་དམིགས་ཡུལ་འགྲུབ་པའི་ཕན་འབྲས་ལེགས་པོ་ཐོབ་ཡོད།