རྐང་ཚ་རྫོང་གིས“ཕྱོགས་གསུམ་ཤུགས་འདོན”བྱས་ཏེ་ཁོར་ཡུག་གཙང་སྦྲ་བཅོས་སྐྱོང་གཏིང་ཟབ་ཏུ་སྤེལ།
རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཉེ་བའི་ལོ་ཤས་རིང་། རྐང་ཚ་རྫོང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་པ་དང་། “ཆེ་ཤོས་གསུམ”གྱི་ཞིང་ཆེན་གནས་བབ་དངོས་དམ་འཛིན་ནན་མོ་བྱས་ཤིང་། ས་ཁོངས་ཡོངས་ནས་དག་ཐེར་བྱེད་པ་དང་ལས་རིགས་ཀྱིས་ལྟ་སྐུལ་དོ་དམ་བྱེད་པ། སྤྱི་ཚོགས་མཉམ་དུ་སྐྱོང་བ་བཅས“ཕྱོགས་གསུམ་ཤུགས་འདོན”བྱས་ནས། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ངང་ཇེ་ལེགས་སུ་བཏང་སྟེ། མཐོ་སྒང་བོད་མཁར་འཕེལ་རྒྱས་ཆེན་པོ་གཏོང་བར་རྨང་གཞི་བརྟན་པོ་བཏིང་།
ས་ཁོངས་ཡོངས་སུ་དག་ཐེར་བྱེད་པར་དམིགས་ནས། “ཁོར་ཡུག་མཛེས་བཟོའི”ཐད་བྱེད་ཐབས་དངོས་བཏོན་ཏེ། ཁྱོན་ཡོངས་ནས་གཅིག་བསྡུས་སྒོས་དག་ཐེར་ཟབ་མོ་བྱས། “དག་གཙང་རྐང་ཚ་འགུལ་བསྐྱོད”ཞེས་པའི་བྱེད་སྒོ་སོགས་སྟེགས་བུ་བརྒྱུད་དེ། ཁྱོན་བསྡོམས་ཐེངས་གྲངས320ལྷག་ལ་ས་ཁུལ་ཡོངས་རྫོགས་གཅིག་གྱུར་གྱིས་བཅོས་སྐྱོང་བྱས་པ་དང་། མི་ཐེངས་ཁྲི1.8ལྷག་ཞུགས་ཏེ་གཙང་སྤྲ་བྱེད་མ་ཐུབ་པའི་གནས480ལྷག་གཙང་སེལ་བྱས་པ་དང་སྣང་ཚུལ་ངན་པ་སྣ་ཚོགས1300ལྷག་ལེགས་སྒྲིག་བྱས། གད་སྙིགས་ཏུན་ཁྲི2.3ལྷག་དབོར་འདྲེན་བྱས་ལ་ཆུ་ཡུར་སྨི380ལྷག་བསལ་པར་མ་ཟད། ཁང་རྙིང་དང་ཁྲིམས་འགལ་འཛུགས་སྐྲུན420ལྷག་བཤིག་གཏོར་བྱས་ཏེ། “བཙོག་ཟིང་ཞན་གསུམ”གྱི་གནས་ཚུལ་རྩ་བ་ནས་མེད་པར་བཟོས། གད་སྙིགས་གཙང་སེལ་མ་ལག་འཐུས་ཚང་དུ་བཏང་། སྲོལ་རྒྱུན་གྱི་གད་སྙིགས་གཙང་སེལ་བྱེད་སྟངས་ལེགས་སྒྱུར་བྱས་ཏེ། “ཁྱིམ་ཚང་གིས་སྣོད་དུ་འཇུག་པ་དང་། སྡེ་བ་དང་རུ་ཁག་གིས་བསྡུ་རུབ་སྐྱེལ་འདྲེན་བྱེད་པ། གྲོང་རྡལ་གྱིས་དབོར་སྐྱེལ་བྱེད་པ། རྫོང་གིས་ས་གཞན་དུ་བསྐྱལ་ནས་ཐག་གཅོད་བྱེད་པ”བཅས་རིམ་པ་བཞི་ལྡན་གྱི་གད་སྙིགས་བསྡུ་ལེན་དང་ཐག་གཅོད་མ་ལག་བཙུགས་ཤིང་། གད་སྙིགས་འདྲུད་འཁོར12བཀོད་སྒྲིག་བྱས་པ་དང་སྒུལ་སྣུར་ས་ཚིགས230ལྷག་བསྐྲུན་པས་ཁེབས་ཚད99%ཡན་ཟིན་ཡོད། ཐབ་ཚང་གད་སྙིགས་བཟོ་གྲྭ་བསྐྲུན་པ་དེས་ཉིན་རེར་གད་སྙིགས་ཏུན2.5ཙམ་ཐག་གཅོད་ཐུབ་པ་བྱུང་བས་ཐབ་ཚང་གད་སྙིགས་རྣམས་གཅིག་སྡུད་ཅན་དང་གནོད་མེད་ཅན། ཐོན་ཁུངས་ཅན་དུ་བསྒྱུར་ཐུབ་ཡོད། མང་ཚོགས་མཉམ་ཞུགས་ཀྱི་གསོན་ཤུགས་འཕེལ་བར་བྱས། “ལྗང་མདོག་སྐར་གསོག+དཀར་ནག་ཐོ་གཞུང”གི་སྐུལ་ལྕག་ལམ་སྲོལ་གསར་གཏོད་བྱས་ཏེ། སྐྱེ་ཁམས་སྐར་བསགས་ཚོང་ཁང7བཙུགས་པ་དང་སྔོན་ཐོན་དཔེ་མཚོན་མི་སྣ215བདམས་ཏེ། མང་ཚོགས་རྣམས“ལྟད་མོ་བ”ནས“བདག་པོར”འགྱུར་ཡོད། “གསང་སྤྱོད་གསར་བརྗེ”ཟབ་སྤེལ་བྱས་ཏེ་གསང་སྤྱོད་ཁང་ཁྱབ་གདལ་བྱེད་ཚད%ཟིན། བདག་སྐྱོང་རུ་ཁག18ཀྱིས་རྒྱུན་རྣམ་ལྟར་སྐོར་གཡེང་བྱས། ལྕགས་རི་སྤྱི་ལེ5.6ཉམས་གསོ་བྱས་པ་བཅས་གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་བསྐྲུན་བཞིན་ཡོད།
ལས་རིགས་ལྟ་སྐུལ་དོ་དམ་ལ་དམིགས་ནས། “སྤུས་ཀ་མཐོར་འདེགས”ཐད་འབད་བརྩོན་བྱས་ཏེ། སྙིགས་རོ་འགོག་གཏོར་འཐབ་འཛིང་ལ་དམིགས་པ་གཏད། སྔོ་ཞིང་བསངས་བའི་ནམ་མཁའ་དང་དྭངས་ཤིང་གཙང་བའི་ཆུ་བོ། ལྗང་ཞིང་ནེམ་པའི་ས་གཞི་སྲུང་བའི་ལས་དོན་གོ་རིམ་ལྡན་པར་བསྒྲུབས་ཏེ། གཙང་པོ་དང་མཚེའུ་ནང་འབུད་པའི་སྙིགས་རོ་འདོན་སྒོ44དག་ཐེར་ལེགས་འགྲུབ་བྱུང་བ་དང་། རྫོང་མངའ་ཁོངས་ཀྱི་འབབ་རྒྱུད་གཙོ་བོ་དག་གི་ཆུའི་སྤུས་ཚད་དང་འཐུང་ཆུའི་འབྱུང་ཁུངས་ཚད་ལྡན་ལོན་ཡོད་པ་མངོན་འགྱུར་བྱུང་། ལོ་འཁོར་ཧྲིལ་པོར་མཁའ་དབུགས་བཟང་བའི་ཉིན་མོ350ལས་བརྒལ་བ་དང་ཚད་གཞི99%ཟིན། ས་ཞིང་བེད་སྤྱོད་བྱ་ཡུལ་དང་ཞིང་ལས་ས་ཆ་ཉེན་མེད་བཀོལ་སྤྱོད་བྱེད་ཚད་ཚང་མ100%ལོན་པ་དང་། སྨན་རྫས་ཐུམ་སྒྲིལ་དངོས་པོ་ཚུར་བསྡུས་ཚད་དང་སོག་མ་གཟན་ཆས་སུ་བཀོལ་ཚད། རིལ་ལུད་ཕྱོགས་བསྡུས་བེད་སྤྱོད་བྱེད་ཚད་བརྟན་འཇགས་ངང་ཇེ་མཐོར་སོང་ཡོད་ཅིང་། སྐྱེ་ཁམས་ཁོར་ཡུག་གི་གནས་བབ་མུ་མཐུད་དུ་ཡར་རྒྱས་འགྲོ་བཞིན་ཡོད། གྲོང་ཁྱེར་གྱི་གནས་འཕྲོད་ཆ་རྐྱེན་ཇེ་ལེགས་སུ་བཏང་། གྲོང་ཁྱེར་ནང་ཁུལ་གྱི་འཁོར་བགྲོད་ལམ་དང་མི་བགྲོད་ལམ་སྨི་གྲུ་བཞི་མ་ཁྲི90.1མཉམ་དུ་གཙང་སྤྲ་བྱས་ལ། “པགས་ནད་འདྲ་མིན”དང་ཅ་ལག་གང་འདོད་སྤུངས་འཇོག་བྱས་པའི་གནད་དོན་དག་ཐེར་བྱས། གྲོང་སྲིད་སྒྲིག་ཆས་རིམ་སྤོར་བྱས་ཏེ་ལམ་སྒྲོན་སོགས་460བཟོ་བཅོས་དང་སྦུག་དྲ་སྨི1100ལྷག་བསལ་བས་སྒྲིག་ཆས་ཆ་ཚང་ཚད98%ཟིན། མ་དངུལ་སྒོར་ཁྲི1000བཏང་ནས་ལྗང་བསྒྱུར་ལས་གྲྭ་སྤེལ་བ་དང་། ལྗང་བསྒྱུར་རྒྱ་ཁྱོན་ས་མུའུ1818གསར་སྣོན་བྱུང་ལ། སྡོང་ཕྲུག་རྐང་ཁྲི23བཏབ་པས་རྫོང་མཁར་གྱི་གནས་འཕྲོད་ནུས་པ་མངོན་གསལ་གྱིས་ཇེ་མཐོར་ཕྱིན་ཡོད། ཁྲོམ་ར་དང་འགྲིམ་འགྲུལ་སྒྲིག་ལམ་ཚད་ལྡན་དུ་བཏང་། ཁྲོམ་རའི“འཆོལ་ཉོག་བདུན”བཀག་འགོག་ཆེད་མཉམ་འབྲེལ་དག་ཐེར་ཐེངས40ལྷག་བྱས་པ་དང་ཚོང་སྟེགས་རིགས150ལྷག་ཚད་ལྡན་བཟོས་ཤིང་། འབྲེལ་ཡོད་སྒྲིག་ཆས36འཐུས་སྒོ་ཇེ་ཚང་དུ་བཏང་། བཟའ་བཏུང་ལས་ཁུངས་ལ་ལྟ་སྐུལ་ནན་པོ་བྱས་ཏེ་ཟ་ཁང860ལ་བརྟག་དཔྱད་བྱས་ལ། སྣུམ་དུད་གནད་དོན45ལེགས་བསྒྱུར་དང་ཟ་ཁང68ལ་ཐབ་ཚང་གད་སྙིགས་ཚུལ་མཐུན་ངང་ཐག་གཅོད་བྱེད་པར་མཛུབ་ཁྲིད་བྱས། རླངས་འཁོར་གང་སར་འཇོག་པ་བཀག་སྡོམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ལམ་ཐིག་གནད་འགག་ཆེ་སར་བརྟག་བཤེར་ཐེངས་ཁྲི2ལྷག་བྱས་པ་དང་སྒྲིག་འགལ་བྱ་སྤྱོད3600ལྷག་རྩད་ཆོད་དེ་འགྲིམ་འགྲུལ་དང་ཁྲོམ་རའི་སྒྲིག་ལམ་སྔར་ལས་ཇེ་ལེགས་སུ་སོང་ཡོད།
སྤྱི་ཚོགས་ཐུན་མོང་བཅོས་སྐྱོང་ལ་དམིགས་ནས། “སྟོབས་ཤུགས་གཅིག་ཏུ་བསྒྲིལ་བར”ཕན་འབྲས་དངོས་ཐོབ། “གློག་སྐུད་འཐེན་སྟངས”དག་ཐེར་འགག་སྒྲོལ་བྱས་པ། འཕྲིན་གཏོང་ཁེ་ལས་དང་གློག་ཤུགས་སྡེ་ཁག་གིས་སྲང་ལམ་གཙོ་བོ་དང་སྲང་ལམ་ཆུང་ཆུང་སོགས་གནད་ཆེའི་ས་གནས་ལ་དམིགས་ནས་ཆེད་དོན་མ་དངུལ་སྒོར་ཁྲི180ལྷག་བཏང་ནས་ཆེད་ལས་དཔུང་སྡེ་རྩ་འཛུགས་བྱས་ཏེ་བར་སྣང“སྡོམ་སྐུད”ཀྱི་དཀའ་གནད་སེལ། འོད་ཐག་དང་བརྡ་རྟགས་སྐུད་པ་སྣ་ཁ1440ལྷག་དག་ཐེར་བྱས་པ་དང་བེད་མེད་སྐུད་ལམ་སྤྱི་ལེ36.8དང་སྒམ་ཆུང་རྙིང་པ་དང་ཀ་བ་སྟོང་པ95མེད་པར་བཟོས། སྐུད་སྣེ་འཛིང་བ་སྤྱི་ལེ28.6བསྡམས་སྒྲིག་བྱས་ཤིང་ལྕགས་སྒྲོམ་དང་སྦུ་གུ་སྤྱི་ལེ12.6བཏིངས་ནས་སྐུད་ལམ་རྙོག་འཛིང་ཆེ་བའི་གནད་དོན་རྩ་བ་ནས་སེལ། བཅོས་སྐྱོང་གྲུབ་འབྲས་སྲ་བརྟན་དུ་བཏང་། སྨན་བཅོས་ཁོར་ཡུག་ལེགས་བཅོས་བྱས་ཏེ་སྨན་བཅོས་སྙིགས་རོ་ཏུན14.3ཚུལ་བཞིན་དབོར་འདྲེན་བྱས། ཞིང་ལས་ངོས་ཁུངས་སྦགས་བཙོག་བཅོས་སྐྱོང་ལ་སྐུལ་འདེད་བཏང་ནས་ས་མུའུ་ཁྲི6གི་རྫས་ལུད་དང་ཞིང་སྨན་ཉུང་འཕྲི་དང་ནུས་བསྐྱེད་ལས་གཞི་སྤེལ། ཆུ་དཔོན་ལམ་ལུགས་འཐུས་སྒོ་ཇེ་ཚང་དུ་བཏང་སྟེ་ཁྱོན་བསྡོམས་ཆུ་བསྐོར་མི་གྲངས9000ལྷག་བྱས་པ་དང་མཚོ་འགྲམ་གྱི་གད་སྙིགས་ཏུན3000ལྷག་གཙང་སེལ་བྱས། གྲོང་གསེབ་གསང་སྤྱོད་བཅོས་སྒྱུར་ལ་སྐུལ་འདེད་བཏང་སྟེ་འཕྲོད་བསྟེན་གསང་སྤྱོད་ཁྱབ་ཚད90%ཟིན་པར་མ་ཟད་གཅིན་སྐྱག་ཐོན་ཁུངས་ཅན་དུ་བསྒྱུར་བ་མངོན་འགྱུར་བྱུང་། སྲོག་ཆགས་ཀྱི་བེམ་རོ་གནོད་མེད་རང་བཞིན་ཐག་གཅོད་བྱེད་པ་ཚད་ལྡན་དུ་བཏང་སྟེ་ནོར་ལུག་བེམ་རོ་ཏུན1909.4དབོར་འདྲེན་དང་དུག་སེལ་ལས་སྒྲུབ་ཐེངས219ལ་བྱས། དྲིལ་བསྒྲགས་ཁྲིད་སྟོན་གཏིང་ཟབ་ཏུ་སྤེལ། ཁོར་ཡུག་བཅོས་སྐྱོང་ཐད“སྤྱི་དམངས་ཡོངས་ཞུགས་པ་དང་མཉམ་སྤྱོད་མཉམ་སྐྲུན”བྱེད་དགོས་པའི་བླང་བྱ་དམ་དུ་བཟུང་ནས། ཐབས་ལམ་སྣ་མང་སྤྱད་དེ་སྐྱེ་ཁམས་དཔལ་ཡོན་སློབ་གསོ་དར་སྤེལ་ཤུགས་ཆེན་བཏང་། བརྡ་ཁྱབ་སྦྱར་པང་དང་སྐད་འཕྲིན་སྤྱི་སྟེགས་སོགས་སྨྱན་སྦྱོར་བརྒྱུད་ནས་སྐྱེ་ཁམས་བཅོས་སྐྱོང་སྲིད་ཇུས་དང་ཁོར་ཡུག་སྲུང་སྐྱོང་ཤེས་བྱ་དོན་ཚན48ཁྱབ་བསྒྲགས་བྱས་པ་དང་། “སྐྱེ་ཁམས་སྲུང་སྐྱོབ་ཡུལ་ཚོ་་དང་སྡེ་བ། སྡེ་ཁུལ། སློབ་གྲྭར་བསྐྱོད་པ”ཞེས་པའི་བརྗོད་དོན་བྱ་འགུལ་ཐེངས35སྤེལ་ཞིང་དྲིལ་བསྒྲགས་ཡིག་ཆ་ཁྲི1ལྷག་བཀྲམ་ནས་ཁོར་ཡུག་སྤུས་ཚད་མུ་མཐུད་ཇེ་ལེགས་སུ་གཏོང་བ་བསམ་བློའི་རྨང་རྡོ་བརྟན་པོ་འདིང་བར་རམ་འདེགས་ནུས་ལྡན་བྱས།