网站无障碍
རྐང་ཚ་རྫོང་གིས་ལུས་རྩལ་སྒྲིག་ཆས་ལས་གཞི་ཆེན་པོ་གསུམ་མཉམ་དུ་སྤེལ་ནས་དམངས་ཡོངས་ཀྱི་ལུས་སྦྱོང་དང་རིག་གནས་ལུས་རྩལ་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་བཏིང་།
发布时间:2026年11月17日 消息来源:

རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

 ཉེ་བའི་ལོ་ཤས་རིང་། རྐང་ཚ་རྫོང་གིས་སྤྱི་པའི་ལུས་རྩལ་ཞབས་ཞུའི་སྒྲིག་བཀོད་སྔར་ལས་འཐུས་ཚང་དུ་བཏང་ནས་ས་མཐོའི་རྫོང་ཁོངས་ཀྱི་ལུས་རྩལ་ར་བའི་ཞན་ཆ་ཁ་གསབ་བྱས་ཏེ་ལུས་རྩལ་སྤྱི་གླིང་དང་། གྲོང་རྡལ་དང་ཡུལ་ཚོའི་མང་ཚོགས་ཀྱི་ཉེ་འགྲམ་གྱི་ལུས་རྩལ་སྒྲིག་བཀོད་རྒྱ་སྐྱེད་གཏོང་བ། རྟ་ཕྱུག་གཏེར་སྒོ་ཕྱི་རོལ་ལུས་རྩལ་གྱི་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་བཅས་གཙོ་གནད་ལས་གཞི་གསུམ་འཛུགས་སྐྲུན་ལ་གཅིག་གྱུར་གྱིས་སྐུལ་འདེད་བཏང་བ་དང་།  གྲོང་ཁྱེར་དང་གྲོང་གསེབ་ཡོངས་ལ་ཁྱབ་པ་དང་དམངས་ཡོངས་ཀྱིས་མཉམ་སྤྱོད་བྱེད་པའི་ས་མཐོའི་ལུས་རྩལ་ཞབས་ཞུའི་དྲ་རྒྱ་བསྐྲུན་རྒྱུར་ཤུགས་བསྣན་དེ“ལུས་རྩལ་དང་། ཡུལ་སྐོར།སྐྱེ་ཁམས་བཅས་མཉམ་འདྲེས་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གཏོད་རྒྱུར་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱས་ཡོད་པ་རེད། 

   རྐང་ཚ་རྫོང་གི་ལུས་རྩལ་སྤྱི་གླིང་ལས་གཞི། དམངས་ཡོངས་ཀྱི་ལུས་སྦྱོང་ཕྱོགས་བསྡུས་གཞི་རྟེན་བསྐྲུན། རྐང་ཚ་རྫོང་གི་ལུས་རྩལ་སྤྱི་གླིང་ལས་གཞིའི་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི10ཡོད་པ་དང་།  སྤོ་ལོ་རིགས་ཀྱི་ལུས་རྩལ་ཐང་དང་། ལུས་སྦྱོང་རྐང་བགྲོད། ལུས་སྦྱོང་ཐང་ཆེན། བྱིས་པའི་བྱེད་སྒོ་ཁུལ། རྟ་རྒྱུག་སྒུག་ཁུལ་བཅས་འཆར་འགོད་བྱས་ཡོད་ལ། ཁྱོན་མ་དངུལ་སྒོར་ཁྲི2000བཏང་བའི་མ་དངུལ་དེར་ཀྲུང་དབྱང་སྔོན་རྩིས་ནང་གི་མ་དངུལ་ཡིན། ལས་གཞི་འདི་ལེགས་འགྲུབ་བྱུང་ནས་མང་ཚོགས་ལུས་རྩལ་ནང་ཞུགས་པའི་སྤྲོ་སེམས་སྔར་ལས་འཕེལ་བ་དང་། དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོའི་གཞི་རྟེན་ཕུན་སུམ་ཚོགས་པར་འགྱུར་ངེས་རེད།  མིག་སྔར་ལས་གཞིའི་སྤྱིའི60%ལེགས་གྲུབ་བྱུང་ཡོད་པ་དང་། དེའི་ཁྲོད་ལུས་སྦྱོང་རྐང་ལམ་དེ2027ལོར་ལས་འགོ་རྩོམ་རྒྱུ་ཡིན་ཞིང་། ལས་གཞི་ཡོངས་སྔོན་དཔག་བྱས་ན2027ལོའི་ཟླ8པའི་སྔོན་དུ་ཁྱོན་ཡོངས་ནས་ལེགས་འགྲུབ་བྱུང་ནས་བེད་སྤྱོད་གཏོང་འགོ་ཚུགས་རྒྱུ་རེད། 

图片

图片

    དཔལ་དགེ་གྲོང་རྡལ་དང་གཡི་དཀར་འོམ་ལུང་ཡུལ་ཚོའི་མང་ཚོགས་ཀྱི་ཉེ་འགྲམ་དུ་ལུས་རྩལ་སྒྲིག་བཀོད་ཀྱི་རྒྱ་སྐྱེད་དུ་གཏོང་བའི་ལས་གཞི། གཞི་རིམ་གྱི་ལུས་སྦྱོང་གི་ཞན་ཆ་ཁ་གསབ་བྱེད་པ། 

    རྐང་ཚ་རྫོང་ལ་དགུན་གྱི་དུས་ཡུན་རིང་བ་དང་ཕྱི་རོལ་དུ་ལུས་སྦྱོང་བྱེད་པའི་ཆ་རྐྱེན་མི་འདང་བ་སོགས་ཀྱི་གནམ་གཤིས་འགྱུར་ལྡོག་ལ་དམིགས་ཏེ། དཔལ་དགེ་གྲོང་རྡལ་དང་གཡི་དཀར་འོམ་ལུང་ཡུལ་ཚོ་ལ་ལུས་རྩལ་ཁང་གཉིས་འཆད་འགོད་དང་འཛུགས་སྐྲུན་བྱས་ནས་གཞི་རིམ་གྱི་སྤྱི་པའི་ལུས་རྩལ་སྒྲིག་བཀོད་ཀྱི་ཞན་ཆ་ནུས་ལྡན་ངང་ཁ་གསབ་བྱས་པ་ཡིན། ལས་གཞི་འདི་ཡོངས་འགྲུབ་བྱུང་རྗེས་ལུས་རྩལ་འགྲན་བསྡུར་དང་། རིག་རྩལ་འགྲེམས་སྟོན། རིག་གནས་སྤེལ་རེས་སོགས་བྱེད་སྒོ་སྣ་ཚོགས་སྤེལ་ཐུབ་ཅིང་། གཞི་རིམ་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་མུ་མཐུད་དུ་ཇེ་ལེགས་གཏོང་ཐུབ་པར་མ་ཟད།  ཚད་ལྡན་ཅན་གྱི་ལག་རྩལ་སྤོ་ལོ་དང་། བྱ་སྒྲོ་སྤོ་ལོ།  འཕེན་འཔངས་སྤོ་ལོ་བཅས་ཀྱི་ལུས་རྩལ་ར་བའང་བཀོད་སྒྲིག་བྱ་རྒྱུ་ཡིན་ལ། ལས་གཞི་ལ་ཁྱོན་མ་དངུལ་སྒོར་ཁྲི840བཏང་བ་ཡིན་ཞིང་། 2026ལོའི་ཟླ10བར་ལས་གཞི་འགོ་བརྩམས་ཏེ། སྔོན་དཔག་བྱས་ན2027ལོའི་ཟླ9པར་ལས་གཞི་ཡོངས་འགྲུབ་འབྱུང་ཐུབ་རྒྱུ། 

图片

图片

   རྟ་ཕྱུག་གཏེར་སྒོའི་ཕྱི་རོལ་ལུས་རྩལ་ཀྱི་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་ལས་གཞི་དང་། མཚོ་སྔོན་པོ་མཐའ་ལུང་གི་ཕྱི་རོལ་ལུས་རྩལ་མཐུན་རྐྱེན་འཐུས་ཚང་དུ་གཏོང་བ།

   མཚོ་སྔོན་པོ་མཐའ་ལུང་གི་ལུས་སྦྱོང་ཞབས་ཞུ་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་ཆེད། རྟ་ཕྱུག་གཏེར་སྒོ་སྐྱེ་ཁམས་རོལ་མྱོང་ཁུལ་དུ་ཕྱི་རོལ་ལུས་རྩལ་རྟེན་གཞིའི་ཞབས་ཞུ་ལྟེ་གནས་དང་། སྐྱེ་ཁམས་རླངས་འཁོར་འཇོག་ས་དང་དེ་བཞིན་འབྲེལ་ཡོད་ཞོར་གཏོགས་སྒྲིག་ཆས་བཅས་ཡོད་ལ། ལས་གཞི་ཡོངས་འགྲུབ་བྱུང་རྗེས།ལྕགས་རྟ་བཞོན་པ་དང་རྐང་བགྲོད་སྒར་འདེབས་སོགས་ཀྱི་ཕྱི་རོལ་ལུས་རྩལ་ལ་ཞུགས་མཁན་རྣམས་ལ་རླངས་འཁོར་ཞིག་གསོ་དང་། སྒྲིག་ཆས་མངགས་ཉར། བཟའ་བཏུང་མཁོ་སྤྲོད་སོགས་གཅིག་འཐུས་རང་བཞིན་གྱི་ལུས་རྩལ་འགན་སྲུང་ཞབས་ཞུ་མཁོ་འདོན་བྱས་ཏེ། མཚོ་སྔོན་པོ་མཐའ་ལུང་གི་ཕྱི་རོལ་ལུས་རྩལ་ཐོན་ལས་རིམ་སྤོར་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད། ལས་གཞི་འདི2026ལོའི་ཟླ10བར་འགོ་བརྩམས་ཏེ། སྔོན་དཔག་བྱས་ན2027ལོའི་ཟླ10བའི་ཟླ་མཇུག་གི་སྔོན་ལ་མཇུག་སྒྲིལ་རྒྱུ། 

图片