网站无障碍
རྐང་ཚ་རྫོང་གིས་ཐོན་སྐྱེད་དང་ཕྱིར་འཚོང་གི་ཐབས་ལམ་སྣ་མང་སྤྱད་དེ་ནོར་ལུག་ཕྱིར་བཙོང་གི་ཡོང་འབབ་འཕར་སྣོན་ལ་སྐུལ་འདེད་བཏང་།
发布时间:2026年11月19日 消息来源:

རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

 ད་ལོའི་ཚུན་ལ། རྐང་ཚ་རྫོང་གིས་ཞིང་ཕྱུགས་ཐོན་རྫས་ཀྱི་ཚོང་ལམ་རྒྱུན་མཐུད་ངང་རྒྱ་ཆེར་བཏང་སྟེ་རོང་འབྲོག་པར་ཡོང་འབབ་འཕར་སྣོན་ལ་སྐུལ་ཁྲིད་བྱས་པ་དང་། སྲིད་ཇུས་ཀྱི་བྱ་དགའི་ཁ་གསབ་དང་། ཕྱིང་འཚོང་ཉོ་ཚོང་། དྲ་ལམ་ཐད་གཏོང“ཐབས་མང་མཉམ་སྤྱོད”བཅས་ཀྱི་བྱེད་ཐབས་སྣ་མང་སྤྱད་དེ་ནོར་ལུག་ཕྱིར་བཙོང་བྱེད་པར་སྐུལ་འདེད་བཏང་སྟེ། མཚོ་སྐོར་འབྲོག་ཁུལ་གྱི་ཐོན་ལས་ལ་སྒུལ་ཤུགས་བསྣན། 

སྲིད་ཇུས་བཟང་བོ་སྤྱད་དེ་ཕྱུགས་ཟོག་ཕྱིར་བཙོང་བྱེད་པའི་ཧུར་བརྩོན་རང་བཞིན་སྐུལ་སློང་གང་ལེགས་བྱེད་པ། ནོར་ལུག་ཕྱིར་བཙོང་གི་ཆེད་དོན་བྱ་དགའི་ཁ་གསབ་སྲིད་ཇུས་བཏོན་ནས་ཁྱད་པར་ཅན་གྱི་ནོར་ལུག་ཕྱིར་འཚོང་ཁ་གསབ་དོན་འཁྱོལ་བྱས་ཏེ“མོ་ཕྱུགས་སྲུང་སྐྱོབ་བྱ་རྒྱུ་སྔོན་འགྲོའི་ཆ་རྐྱེན་དུ་བྱེད་པ་དང་།གྲངས་འབོར་བརྟན་པོ་ལྟེ་བར་འཛིན་པ། ཕྱིར་བཙོང་དམིགས་འབེན་དུ་གཏོང་རྒྱུ”བཅས་མཐའ་འཁྱོངས་བྱས་ཏེ། ཁྱིམ་ཚང་སོ་སོར་བྱ་དགའི་ཁ་གསབ་སྤྲད་པ་རེད། 2026ལོའི་ཚུན་ལ། སྲིད་ཇུས་ཀྱི་ཁེ་བཟང་རྒྱུན་མཐུད་ངང་ཐོན་ནས་ནོར་ལུག་ཕྱིར་བཙོང་ཁྲི38.81མང་དུ་ཕྱིན་ཡོད།

ཐད་འཚོང་ཉོ་ཚོང་གི་སྟེགས་བུ་བསྐྲུན་ནས་ཐོན་སྐྱེད་དང་ཕྱིར་འཚོང་འབྲེལ་མཐུད་ངང་ཤར་གཏོང་ཐུབ་པར་བྱས། “ཁྲོམ་ར་དང་ཁེ་ལས། མཉམ་ལས་ཁང་། རོང་འབྲོག་ཁྱིམ་ཚང”བཅས་ཀྱི་ཁེ་ཕན་མཉམ་འབྲེལ་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། མངགས་ཐོ་མ་མཐའི་ཉོ་བསྡུའི་རྣམ་པ་ཁྱབ་གདལ་དུ་བཏང་སྟེ། ཐོན་སྐྱེད་དང་ལས་སྣོན། ཕྱིར་འཚོང་བཅས་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་།  2026ལོར་རིམ་རྩིས་བྱས་ན་ཕྱུགས་ཟོན་གསོན་པོ་ཉོ་ཚོང་ཁྲོམ་ར་སྒོ་ཐེངས122ཕྱེས་པ་དང་། ཟི་ལིང་དང་ཧྲན་ཏུང་ལེའོ་ཁྲིན་སོགས་ཞིང་ཆེན་ཕྱི་ནང་གི་ཁྲོམ་རའི་ཐོན་ཁུངས་ཧུར་ཐག་སྒོས་སྦྲེལ་མཐུད་བྱས།  རིམ་རྩིས་བྱས་ན་སྐམས་ལུག་ཤ་དང་དེ་བཞིན་འབྲེལ་ཡོད་ཐོན་རྫས་ཏུན360ལྷག་བཙོངས་བ་དང་ཡོང་འབབ་སྒོར་ཁྲི5900བྱུང་ཡོད། 2026ལོའི་རྐང་ཚ་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དང་རིག་གནས་ཡུལ་སྐོར་དྲིལ་བསྒྲགས་འོས་སྦྱོར་ཚོགས་འདུ་སྐབས་ལྔ་བའི་མཚོ་སྔོན་པོའི་རྩྭ་ཐང་དགུན་ཤའི་བསྡུ་ཚོགས་ལ་བརྟེན་ནས། ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་གཅིག་སྡུད་ཀྱིས་འགྲེམས་ཚོང་བྱས་པ་དང་། ཡུལ་དངོས་སུ་ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་སྤྱི་རྒྱ་ཁྲི2.13ཕྱིར་འཚོང་ཐུབ་པ་ཡིན།

   དྲ་བའི་ལས་རིགས་གསར་བ་ལ་བརྟེན་ནས་དྲ་ལམ་ཐད་གཏོང་ལས་མཐོ་སྒང་གི་སྤུས་ལེགས་དངོས་པོ་ཕྱིར་འཚོང་བྱས། “ཐོན་རྫས་ཐད་ཀར་ཉོ་སྒྲུབ་དང་།  འབྱུང་ཁུངས་ཐད་ཀར་སྐྱེལ་འདྲེན། འཛད་སྤྱོད་ཁ་གསབ”བཅས་ཀྱི་རྣམ་པ་གསར་གཏོད་དང་ཁྱབ་གདལ་དུ་བཏང་།  སྦྲག་སྲིད་ཞིང་ཕན་སྟེགས་བུའི་ལེགས་ཆར་བརྟེན་ནས་ཐད་གཏོང་ཆེད་དོན་སྤེལ་བར་མ་ཟད། ཐད་གཏོང་ལ་ཁ་གཏད་ནས་རིན་གོང་ཕབ་གཅོག་དང་བསྐུར་གླ་ཁ་གསབ་སོགས་ཁེ་ཕན་བསྐྲུན་པ་དང་།  2026ལོར་རིམ་རྩིས་བྱས་ན་རྐང་ཚའི་མཚོ་སྔོན་པོ་སྐམས་ལུག་ཤ་དྲ་ལམ་ཐད་གཏོང་ཐེངས14བྱས་ཤིང་། མངགས་ཐོ1482ཐོབ་པ་དང་། མཐོ་སྒང་གི་རྩྭ་ཤེད་དག་མའི་སྐམས་ལུག་ཤ་དེ་འཛད་སྤྱོད་པའི་ལག་ཏུ་ཐད་ཀར་འབྱོར་ཐུབ་ཡོད།